ཀ་བཤད་ཁྱིམ་དུ་བཞུགས་རོགས།
རྩོམ་པ་པོ།:རྟོགས་སད་ལྷ་མོ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-08-22
ཀློག་གྲངས།:
ཁྱིམ་དུ་བཞུགས་རོགས།
རྟོགས་སད་ལྷ་མོ།
ཀ་ར་ཞལ་ཟས་མཆོད་ནས་ཁྱིམ་དུ་བཞུགས།།
ཁ་ཏོན་དགེ་སྦྱོར་བརྩོན་ནས་ཁྱིམ་དུ་བཞུགས།།
ག་ས་ག་ལ་མ་འཁྱམས་ཁྱིམ་དུ་བཞུགས།།
ང་ཚོ་ཁྱིམ་དུ་བཞུགས་ན་བདེ་ཐང་ཡིན།།
ཅ་ཟིང་འདུ་འཛོམས་བསྐྱུར་ནས་ཁྱིམ་དུ་བཞུགས།།
ཆ་མེད་ཁྲོམ་སྲང་མ་ཉུལ་ཁྱིམ་དུ་བཞུགས།།
ཇ་ཆང་མགྲོན་དུ་མ་ཕེབས་ཁྱིམ་དུ་བཞུགས།།
ཉ་ཉོབ་ན་ཚ་འགོས་ཡོང་ཁྱིམ་དུ་བཞུགས།།
ཏ་ལེར་གསར་འགྱུར་གཟིགས་ནས་ཁྱིམ་དུ་བཞུགས།།
ཐ་དད་དབྱེ་འབྱེད་གནང་ནས་ཁྱིམ་དུ་བཞུགས།།
ད་ལོའི་ཡམས་ལ་འཛེམས་ནས་ཁྱིམ་དུ་བཞུགས།
ན་ཚ་སུ་ཡོད་མི་ཤེས་ཁྱིམ་དུ་བཞུགས།།
པ་པིར་གྲོགས་དང་མ་འགྲོགས་ཁྱིམ་དུ་བཞུགས།།
ཕ་མར་བསྙེན་བཀུར་ཞུས་ནས་ཁྱིམ་དུ་བཞུགས།།
བ་ར་གསོ་ཚགས་གནང་ནས་ཁྱིམ་དུ་བཞུགས།།
མ་འགྲིག་མ་བྱུང་མ་གསུངས་ཁྱིམ་དུ་བཞུགས།།
ཙ་ཙིག་ལག་དུ་མ་ལེན་ཁྱིམ་དུ་བཞུགས།།
ཚ་གྲང་ཚོད་མེད་མ་ཉོ་ཁྱིམ་དུ་བཞུགས།།
ཛ་ལང་སྤྱོད་པ་དོར་ནས་ཁྱིམ་དུ་བཞུགས།
ཝ་ལེར་ཁྱིམ་དུ་བཞུགས་ན་བདེ་ཐང་ཡིན།།
ཞྭ་གོས་རྙིང་པ་གྱོན་ནས་ཁྱིམ་དུ་བཞུགས།།
ཟ་བཏུང་འདང་ཙམ་བྱུང་ན་ཁྱིམ་དུ་བཞུགས།།
འ་འུར་དཀྲོགས་གཏམ་མ་གསན་ཁྱིམ་དུ་བཞུགས།།
ཡ་མེད་ལྐུགས་རྟགས་མ་སྟོན་ཁྱིམ་དུ་བཞུགས།།
ར་ལུག་འདུ་ཤེས་དོར་ནས་ཁྱིམ་དུ་བཞུགས།།
ལ་ལུང་གཞན་མིར་འཛེམས་ནས་ཁྱིམ་དུ་བཞུགས།།
ཤ་རིགས་འདྲ་མིན་སྤངས་ནས་ཁྱིམ་དུ་བཞུགས།།
ས་ཕྱོགས་གང་དུ་མ་ཕེབས་ཁྱིམ་དུ་བཞུགས།།
ཧ་ལས་ཉིང་སྐྱུར་བརྟག་དཔྱད་མ་བྱས་ན།།
ཨ་ཙི་མི་ཤི་ཁྱིམ་སྟོང་ཆགས་ཉེན་ཡོད།།
ཧ་ཉིད་གོ་རྟོགས་སད་དང་སྤུན་ཟླ་ཚོ།།
ཨ་ཙི་རང་འགན་རང་གིས་ཡག་པོ་འཁུར།།
གོང་རིམ་བཀའ་ལ་ཉོན་དང་ཁ་དྲོ་ཁ་དྲོ།།
སྨན་པའི་བསླབ་བྱར་ཉོན་དང་ཁ་དྲོ་ཁ་དྲོ།།
གསར་འགོད་ཞལ་ལ་གསན་དང་ཁ་དྲོ་ཁ་དྲོ།།
ཞུ་འབུལ་པུས་མོ་བཙུགས་ཡོད་ཁ་དྲོ་ཁ་དྲོ།།
འབྲེལ་ཡོད་འོས་སྦྱོར།