དཔལ་མོའི་སྙན་ངག
རྩོམ་པ་པོ།:དཔལ་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-02
ཀློག་གྲངས།:
ལྷིང་འཇགས།
—ཁྱོད་དང་ཁྱོད་ཀྱི«ཕ་ཡུལ»ལ་ཕུལ་བ།
—ཁྱོད་དང་ཁྱོད་ཀྱི«ཕ་ཡུལ»ལ་ཕུལ་བ།
དཔལ་མོ།
ང་དང་ངའི་སེམས་འགྱུ་ཡང་མོ།
ཉི་འོད་འཇམ་པོའི་བཞུར་རྒྱུན་ལ་བསྲེས་ཤིང་།
སྤང་ཐང་དུ་ཤག་ཤག་བབས།
སེམས་ཀྱི་རི་ལུང་ན།
ཡུ་མོ་མ་བུ་ཞིག་བརྩེ་ཞེན་གྱི་ངོགས་སུ།
སོས་དལ་ཞིང་བག་ཕེབས་ནས་འདུག
རྫ་ལུང་ན་འཕགས་པའི་རི་སྤྱང་གི་གྲ་ཁ།
སྟོན་ཁའི་ཞིང་ནང་གི་སྙེ་མ་བཞིན་སྐྱོམས།
མེ་ཏོག་ལ་སྡུག་བསྔལ་བྲལ་ཞིང་།
བུད་མེད་ལ་སྐྱོ་སྣང་མེད།
རྩྭ་ཐང་གི་ལང་ཚོ།
ངའི་ཡིད་ཀྱི་ཕོ་བྲང་མཐོན་པོ།
འཇིག་རྟེན་འདིའི་མཛེས་པའི་ཡང་རྩེ།
མཐའ་ཡས་པའི་ལྷིང་འཇགས་ཤིག་གིས།
ངའི་སེམས་ཁོང་གི་མཆི་མ་དལ་གྱིས་བཞད།
འབྲེལ་ཡོད་འོས་སྦྱོར།
-
དེ་རིང་བག་ལྷོད་པོར་རྒྱུ་བའི་སྤྲིན་དཀར་ལེབ་མོ་འདི་ད...