རི་བོ་གངས་ཅན་རྒྱུད་ཀྱི་ཁ་བཏགས་ཀྱི་དཔྱད་དོན་གནད་བསྡུས་མ། བན་ཤུལ་དཔལ་མཁར་རྒྱལ།
རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-30
ཀློག་གྲངས།:

རི་བོ་གངས་ཅན་རྒྱུད་ཀྱི་ཁ་བཏགས་ཀྱི་དཔྱད་དོན་ཚིགས་བཅད་དུ་སྡེབ་པ་སྐལ་ལྡན་མིག་གི་ཐུར་མ་ཞེས་བྱ་བ།
བན་ཤུལ་དཔལ་མཁར་རྒྱལ།
ཨོཾ་སྭ་སྟི།
གཡའ་བྲལ་དྭངས་གཙང་ཟླ་བའི་བཞིན་རས་ལ།།
དཀར་ནག་གཟི་མིག་གཡོ་བའི་འཛུམ་བག་ཅན།།
ཤེས་རབ་འབུམ་སྡེ་རོལ་བའི་རྒྱུད་མངས་ཀྱིས།།
བདག་མགྲིན་འཁོར་ལོ་ལུང་གི་དཔལ་དུ་སྒྲུབས།།
ཕྱག་འོས་མཆོད་ཕྱིར་བྱུང་བའི་ཁ་བཏགས་ཞེས།།
ཆེན་པོའི་མགུལ་ལ་སྐྱེས་བཟང་དྭངས་མའི་གཙོ།།
ཇི་ལྟར་བྱུང་རབས་ངག་རྒྱུན་ཡིག་ཚངས་ལྟོར།།
བག་ཉལ་ཐབས་ཀྱིས་བཙལ་བའི་དཔྱད་དོན་སྟེ།།
ནོར་སྲུང་གོར་མའི་སྙན་ཅན་མུན་པའི་ཁམས།།
གང་དྲན་བབ་ཅོལ་སྙིང་ཁམས་ཆེ་བའི་རིགས།།
དཔྱོད་སྒྲིབ་ལིང་ཏོག་རབ་ཏུ་དྭངས་པའི་ཕྱིར།།
ལེགས་བཤད་མིག་གི་ཐུར་མ་ལེན་པར་གཅེས།།
གཉུག་མའི་གནམ་ས་ཁ་སྦྱར་གའུའི་གཟུགས།།
ཡེ་མཁྱེན་ཆེན་པོས་ཕྱག་གིས་འཕྱི་ཞིང་འབྱེད།།
སངས་པ་ཕྱྭ་རབས་འཐིབ་པ་དམུ་ཡི་འབྲངས།།
གནམ་གྱི་མཁར་ཉལ་ས་ཡི་རྐང་གཉིས་བལྟམས།།
སྣང་སྲིད་འོད་དཀར་ཐག་པ་ཐལ་མའི་ཁམས།།
གནམ་ས་སྦྲེལ་བྱེད་འཕྲུལ་གྱི་དར་མོའི་འགྲོས།།
མཐོ་རིས་ལྷ་ཡུལ་བགྲོད་པའི་ཐེམ་སྐས་གང་།།
སྲིད་པའི་དམུ་ཐག་ཅེས་སུ་གྱེར་བར་གྲགས།།
གནམ་སའི་བར་སྟོང་སྣང་བྱེད་འོད་དཀར་ཐག།
མཚོན་བྱེད་གཡང་མོ་ལུག་གི་བལ་གྱིས་སྒྲིམ།།
གནམ་ཐིག་ལྷུག་པོར་བརྒྱུས་བའི་རྩིང་བློ་ཅན།།
རྒྱལ་ཕྲན་སིལ་མའི་དུས་ནས་མཆིས་པར་མངོན།།
དམུ་འབྲང་ཟངས་གཡག་དམུ་སྐས་ཐེམ་དགུ་ལ།།
ཞབས་སེན་མེ་ཏོག་འཐོར་བའི་གཉའ་ཁྲིའི་སྡེ།།
སྤྲིན་གྱི་མགུལ་རྒྱན་འཆང་བའི་གྱང་ཏོའི་རྩེར།།
སྒྱུ་འཕྲུལ་དམུ་ཐག་དང་བཅས་བྱོན་རབས་རྨད།།
སྟོད་ཀྱི་སྟེང་གཉིས་རླབས་ཆེན་ཚོགས་སྡུད་ཅན།།
གསེར་དངུལ་ཟངས་ལྕགས་གཏེར་གྱི་སྙིང་པོ་བཞུས།།
ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བཅོས།།
མཐུན་གཉིས་གཉའ་སྡེབ་ཐང་རྒོད་ཞིང་དུ་རྨོས།།
རྒྱ་མཚོ་ཡུར་དྲངས་འཕྱང་ཟམ་ཞིང་ལས་དར།།
ཁྲི་སྙན་གཟུང་བཙན་རྣམ་སད་ལྷ་ལས་བབས།།
ཕྱུགས་ལ་རིགས་དགར་འཚོ་བའི་ཐབས་ཡང་བྱུང་།།
འབྲོང་གཉན་ལྡེའུ་བཙན་མཛོ་རྒོད་དང་དྲེའུ་བཀོལ།།
གནམ་རུ་སྲོང་བཙན་ཤར་མཐའི་གསེར་སྒོང་སྟེ།།
རྐྱང་འབྲོང་དགོ་བཅས་བྱང་ཁའི་རི་དྭགས་འདུལ།།
གཡུང་དྭགས་ཐག་པའི་སྣེ་ལ་བཙན་གྱིས་འདོགས།།
སྒོ་ཕྱུགས་གཡུང་ལ་ཕབ་པའི་གནག་རབས་ཙམ།།
འཇིག་རྟེན་མུན་སེལ་འཁོར་བསྒྱུར་སྲོང་བཙན་རིང་།།
ཟས་འཐུང་ཡོ་བྱད་འོ་དཀྲུག་ཞོ་བསྙལ་རིགས།།
ས་ཁམས་རྫ་བསྒྱུར་གཙང་འཁོར་རང་འཐག་དར།།
འབྲོག་པར་ཐུལ་རྩིས་ཞིང་པར་དོར་ཡང་བཀོད།།
འཕང་ཤིང་ཙན་དན་འཕང་ལོ་གསེར་རྡོས་འཇུག།
རྒྱུ་སྤུན་ཐགས་སུ་བསྐྲུན་པའི་ཐགས་ཁྲི་འབྱུང་།།
སྤྲིན་གྱི་མགུལ་རྒྱན་འཆང་བའི་གྱང་ཏོའི་རྩེར།།
སྒྱུ་འཕྲུལ་དམུ་ཐག་དང་བཅས་བྱོན་རབས་རྨད།།
སྟོད་ཀྱི་སྟེང་གཉིས་རླབས་ཆེན་ཚོགས་སྡུད་ཅན།།
གསེར་དངུལ་ཟངས་ལྕགས་གཏེར་གྱི་སྙིང་པོ་བཞུས།།
ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བཅོས།།
མཐུན་གཉིས་གཉའ་སྡེབ་ཐང་རྒོད་ཞིང་དུ་རྨོས།།
རྒྱ་མཚོ་ཡུར་དྲངས་འཕྱང་ཟམ་ཞིང་ལས་དར།།
ཁྲི་སྙན་གཟུང་བཙན་རྣམ་སད་ལྷ་ལས་བབས།།
ཕྱུགས་ལ་རིགས་དགར་འཚོ་བའི་ཐབས་ཡང་བྱུང་།།
འབྲོང་གཉན་ལྡེའུ་བཙན་མཛོ་རྒོད་དང་དྲེའུ་བཀོལ།།
གནམ་རུ་སྲོང་བཙན་ཤར་མཐའི་གསེར་སྒོང་སྟེ།།
རྐྱང་འབྲོང་དགོ་བཅས་བྱང་ཁའི་རི་དྭགས་འདུལ།།
གཡུང་དྭགས་ཐག་པའི་སྣེ་ལ་བཙན་གྱིས་འདོགས།།
སྒོ་ཕྱུགས་གཡུང་ལ་ཕབ་པའི་གནག་རབས་ཙམ།།
འཇིག་རྟེན་མུན་སེལ་འཁོར་བསྒྱུར་སྲོང་བཙན་རིང་།།
ཟས་འཐུང་ཡོ་བྱད་འོ་དཀྲུག་ཞོ་བསྙལ་རིགས།།
ས་ཁམས་རྫ་བསྒྱུར་གཙང་འཁོར་རང་འཐག་དར།།
འབྲོག་པར་ཐུལ་རྩིས་ཞིང་པར་དོར་ཡང་བཀོད།།
འཕང་ཤིང་ཙན་དན་འཕང་ལོ་གསེར་རྡོས་འཇུག།
རྒྱུ་སྤུན་ཐགས་སུ་བསྐྲུན་པའི་ཐགས་ཁྲི་འབྱུང་།།
སྒྲིམ་འཁེལ་ཐགས་འཐག་བློ་རྩལ་ཡིད་ལས་འགོང་།།

སྤྲུལ་བའི་གཙུག་ལག་ཀ་ཆེན་སེང་མགོའི་དབུར།།
ཕྱུགས་རིགས་འཕེལ་བའི་སྨོན་ལམ་གཏེར་དུ་སྦས།།
སྲོང་བཙན་ཡབ་སྲས་རྩིབ་སྟོང་འཁོར་བའི་འགྲོས།།
ཡར་ཆབ་གཙང་པོའི་སྲིད་དུ་འཐེན་པའི་མདོར།།
བྱང་འབྲོང་གཡག་ལ་བཏུལ་བའི་ཞོལ་རྩིད་ལས།།
འཛིན་མར་ཕྱག་རྒྱ་བརྐྱངས་པའི་སྦྲ་ནག་བལྟམས།།
འཕོང་དཀར་དགོ་བ་བཏུལ་ནས་འཇམ་པའི་བལ།།
ཞིབ་པར་འཐག་པའི་ཁ་ཚབ་དཀར་པོ་འདོགས།།
ཁ་བཏགས་མཚན་གྱི་བྱུང་བ་ཕྱོགས་བཅུར་སྙན།།
བསྙེན་བཀུར་གོང་བསྟོད་མཆོད་པའི་ཡོ་བྱད་ལ།།
འདི་ལས་ལྷག་ཅིག་སྲིད་འདིར་དཀོན་ཞེས་ཐོས།།
འཛམ་གླིང་དབུས་རྒྱུད་རྟ་ཡི་རྨིག་སྒྲས་བརྫིས།།
མཐའ་བཞིའི་རྒྱལ་ཕྲན་དུམ་བུར་རིས་སུ་འཇུག།
དབུ་རྨོག་དཀར་པོ་ནམ་མཁའི་མཐའ་དང་མཉམ།།
མངོན་བྱུང་ལེགས་སོའི་སྦ་དར་ཕྱོགས་བཅུར་གཡོ།།
མདའ་གཞུའི་དགུ་འགྱུར་གངྒཱའི་ཀླུང་ལ་བཙུགས།།
དཔའ་བོའི་ངར་གདངས་ཨན་ཞི་སྡེ་བཞིར་ཁྱབ།།
འཁོར་གསུམ་སིལ་སྒྲ་འཛིན་མའི་ཁྱོན་ན་གཡོ།།
ཞང་བློན་རབས་དགུའི་རུ་དར་ཁྲག་གིས་མཆོད།།
བལ་འཇམ་ཞིབ་པར་འཐག་པའི་དར་ཤམ་སྟེ།།
དཀར་བཏགས་ཡིག་འབྲུ་དོད་པའི་ཕྱག་རྒྱའི་དར།།
ཁྱུང་འབྲུག་འཇིང་མར་བསྣོལ་བའི་རུ་དར་ཆེ།།
དར་གྱི་བྱུང་རབས་ཡར་ཆབ་སྲིད་ལས་རིངས།།
རྨད་བྱུང་ཐབས་ཀྱིས་ནོར་བུའི་གཏེར་ཁ་བསྔོག།
སྔར་གྱི་བྱུང་རབས་གུར་མའི་ཁོག་དབུབ་ནས།།
སྲིད་དུ་ཚར་བའི་ཁ་བཏགས་རྣམ་གྲངས་བཅས།།
ཇི་ལྟར་འདོད་པའི་ཚུལ་རྣམས་ཡིག་འབྲུའི་རྫིངས།།
ལྷག་བསམ་རླུང་བུས་བསྐུལ་ཏེ་རྒྱ་མཚོར་དྲངས།།
ཕྱག་མཛོད་བླ་བྲང་རང་འདྲོག་རྩིགས་པ་ཅན།།
མཛོད་བདག་གཡུ་སྔོན་རྣ་རྒྱན་ཅན་གྱིས་བསྲུང་།།
སྣ་ཚོགས་ནོར་རྫས་རིན་ཆེན་བྱུར་བུར་གཏམས།།
མཐའ་བཞིའི་སྐྱེས་སོགས་སོ་སོར་རིན་ཐང་གཅོད།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་དུ་བསྡུ།།
འདི་གསུམ་རིན་ཐང་གཅོད་པའི་ཚད་གཞི་སྟེ།།
ནོར་རྫས་གང་ཡིན་འདི་ལས་ཁྱད་པར་གསལ།།
བྱེ་བྲག་ཁ་བཏགས་སྤྱི་ཡི་རིགས་དབྱེ་འདིར།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་དུ་དབྱེ།།
སྤྱི་མཚན་ཙམ་ལས་རིན་ཐང་རང་ངོར་གསལ།།
ཁ་བཏགས་ནང་མཛོད་ཤིན་ཏུ་ལེགས་པའི་གྲས།།
རྒྱ་བོད་མགྲོན་ཆེན་ལ་སོགས་བཀུར་བར་སྤྱོད།།
ཁ་བཏགས་བར་མཛོད་ཅུང་ཟད་ལེགས་པའི་གྲས།།
ནང་མཛོད་རང་དང་བསྡུར་བས་རབ་ཅིག་ཞན།།
དཀྱུས་བཏགས་བྱ་བའི་མིང་ཡང་འདོགས་པ་ཡོད།།
ཁ་བཏགས་ཕྱི་མཛོད་ཁ་བཏགས་ཀུན་ལས་ཞན།།
ཞན་པའི་བཏགས་མིང་ཁ་ཕྱི་ཞེས་ཀྱང་འདོར།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་ལའང་།།
འཛར་གཅིག་འཛར་གཉིས་ཅན་ཞེས་སོ་སོ་དང་།།
འདོམ་འཁོར་མ་དང་ཉིན་མོ་བདེ་ལེགས་བཅས།།
འཐག་བྱེད་སྤུས་ཀས་རང་རང་སོ་སོར་གཅོད།།
ཞལ་བཀོད་རི་མོ་བཟོ་བའི་རང་འདོད་ཙམ།།
ཨ་ཤེ་ཟུབ་ཤེ་ནམ་མཁའི་མདངས་ལས་དགར།།
ཨ་ཟུབ་གཉིས་འདིར་པཱ་ཙེ་ར་ཞེས་གདགས།།
ཨ་ཟུབ་གཉིས་ལས་ཨ་ཤེ་བཟང་པོར་བགྲང་།།
ཨ་འདྲ་ཞེས་ཀྱང་བཟང་པོར་འཛིན་པ་ཡོད།།
ཨ་ཟུར་འདོགས་པ་ཁྲོམ་དུ་མཐོང་བ་དཀོན།།
ཁ་བཏགས་ཟུབ་ཤེ་ཕྱི་མཛོད་ཙམ་ལ་འཇོག།
སྤུས་ངན་ཞེར་ཅིང་ངོས་ཀྱི་ཆུ་ཚགས་འཐོར།།
བསོད་བཏགས་ཞེས་ཀྱང་དམའ་བའི་ཚུལ་ལ་བརྩི།།
བསོད་ཞེར་ཁ་བསོད་ངན་པའི་ཚད་དུ་བགྲངས།།
ཨ་ཟུབ་རྒྱུ་སྤུན་ལེགས་ཞན་ཅི་རིགས་འབྱུང་།།
ཞལ་བཀོད་རི་མོའི་གཟུགས་རིས་སྣ་ཚོགས་ཀྱང་།།
ཨ་ཤེར་བཀྲས་བཏགས་ཞེས་ཀྱང་དམིགས་སུ་ཡོད།།
འགྲོ་བའི་མིག་སྨན་སྐུ་གསུང་ཐུགས་རྟེན་ལ།།
འབུལ་རྒྱུའི་གང་དེར་སྙན་ཤལ་ཞེས་སུ་འབོད།།
སྙན་ཤལ་ཁ་བཏགས་དར་ཚོན་སྣ་ལྔས་བཞེངས།།
ཁ་མདོག་སོ་སོས་འབྱུང་ཁམས་ལྔ་བོའམ།།
འདོད་ཡོན་སྣ་ལྔ་མཁའ་འགྲོའི་སྡེ་ལྔ་བཅས།།
རང་རང་བརྗོད་བྱའི་སྐབས་དང་སྦྱར་ནས་མཚོན།།
སྒྲོན་དར་ཡེ་ཤེས་སྣ་ལྔའི་མདངས་འཛིན་རྟགས།།
དམར་སེར་ལྗང་སྔོན་དཀར་པོ་བཅས་ཀྱིས་མཚོན།།
སྙན་ཤལ་སྒྲོན་དར་འདིར་ཡང་ཕྱག་མཛོད་ནས།།
ནང་མཛོད་བར་མཛོད་ཕྱི་མཛོད་ཕྱེས་པ་ཡོད།།
སྲོང་བཙན་ཡབ་སྲས་རྩིབ་སྟོང་འཁོར་བའི་འགྲོས།།
ཡར་ཆབ་གཙང་པོའི་སྲིད་དུ་འཐེན་པའི་མདོར།།
བྱང་འབྲོང་གཡག་ལ་བཏུལ་བའི་ཞོལ་རྩིད་ལས།།
འཛིན་མར་ཕྱག་རྒྱ་བརྐྱངས་པའི་སྦྲ་ནག་བལྟམས།།
འཕོང་དཀར་དགོ་བ་བཏུལ་ནས་འཇམ་པའི་བལ།།
ཞིབ་པར་འཐག་པའི་ཁ་ཚབ་དཀར་པོ་འདོགས།།
ཁ་བཏགས་མཚན་གྱི་བྱུང་བ་ཕྱོགས་བཅུར་སྙན།།
བསྙེན་བཀུར་གོང་བསྟོད་མཆོད་པའི་ཡོ་བྱད་ལ།།
འདི་ལས་ལྷག་ཅིག་སྲིད་འདིར་དཀོན་ཞེས་ཐོས།།
འཛམ་གླིང་དབུས་རྒྱུད་རྟ་ཡི་རྨིག་སྒྲས་བརྫིས།།
མཐའ་བཞིའི་རྒྱལ་ཕྲན་དུམ་བུར་རིས་སུ་འཇུག།
དབུ་རྨོག་དཀར་པོ་ནམ་མཁའི་མཐའ་དང་མཉམ།།
མངོན་བྱུང་ལེགས་སོའི་སྦ་དར་ཕྱོགས་བཅུར་གཡོ།།
མདའ་གཞུའི་དགུ་འགྱུར་གངྒཱའི་ཀླུང་ལ་བཙུགས།།
དཔའ་བོའི་ངར་གདངས་ཨན་ཞི་སྡེ་བཞིར་ཁྱབ།།
འཁོར་གསུམ་སིལ་སྒྲ་འཛིན་མའི་ཁྱོན་ན་གཡོ།།
ཞང་བློན་རབས་དགུའི་རུ་དར་ཁྲག་གིས་མཆོད།།
བལ་འཇམ་ཞིབ་པར་འཐག་པའི་དར་ཤམ་སྟེ།།
དཀར་བཏགས་ཡིག་འབྲུ་དོད་པའི་ཕྱག་རྒྱའི་དར།།
ཁྱུང་འབྲུག་འཇིང་མར་བསྣོལ་བའི་རུ་དར་ཆེ།།
དར་གྱི་བྱུང་རབས་ཡར་ཆབ་སྲིད་ལས་རིངས།།
རྨད་བྱུང་ཐབས་ཀྱིས་ནོར་བུའི་གཏེར་ཁ་བསྔོག།
སྔར་གྱི་བྱུང་རབས་གུར་མའི་ཁོག་དབུབ་ནས།།
སྲིད་དུ་ཚར་བའི་ཁ་བཏགས་རྣམ་གྲངས་བཅས།།
ཇི་ལྟར་འདོད་པའི་ཚུལ་རྣམས་ཡིག་འབྲུའི་རྫིངས།།
ལྷག་བསམ་རླུང་བུས་བསྐུལ་ཏེ་རྒྱ་མཚོར་དྲངས།།
ཕྱག་མཛོད་བླ་བྲང་རང་འདྲོག་རྩིགས་པ་ཅན།།
མཛོད་བདག་གཡུ་སྔོན་རྣ་རྒྱན་ཅན་གྱིས་བསྲུང་།།
སྣ་ཚོགས་ནོར་རྫས་རིན་ཆེན་བྱུར་བུར་གཏམས།།
མཐའ་བཞིའི་སྐྱེས་སོགས་སོ་སོར་རིན་ཐང་གཅོད།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་དུ་བསྡུ།།
འདི་གསུམ་རིན་ཐང་གཅོད་པའི་ཚད་གཞི་སྟེ།།
ནོར་རྫས་གང་ཡིན་འདི་ལས་ཁྱད་པར་གསལ།།
བྱེ་བྲག་ཁ་བཏགས་སྤྱི་ཡི་རིགས་དབྱེ་འདིར།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་དུ་དབྱེ།།
སྤྱི་མཚན་ཙམ་ལས་རིན་ཐང་རང་ངོར་གསལ།།
ཁ་བཏགས་ནང་མཛོད་ཤིན་ཏུ་ལེགས་པའི་གྲས།།
རྒྱ་བོད་མགྲོན་ཆེན་ལ་སོགས་བཀུར་བར་སྤྱོད།།
ཁ་བཏགས་བར་མཛོད་ཅུང་ཟད་ལེགས་པའི་གྲས།།
ནང་མཛོད་རང་དང་བསྡུར་བས་རབ་ཅིག་ཞན།།
དཀྱུས་བཏགས་བྱ་བའི་མིང་ཡང་འདོགས་པ་ཡོད།།
ཁ་བཏགས་ཕྱི་མཛོད་ཁ་བཏགས་ཀུན་ལས་ཞན།།
ཞན་པའི་བཏགས་མིང་ཁ་ཕྱི་ཞེས་ཀྱང་འདོར།།
ནང་མཛོད་བར་མཛོད་ཕྱི་མཛོད་གསུམ་ལའང་།།
འཛར་གཅིག་འཛར་གཉིས་ཅན་ཞེས་སོ་སོ་དང་།།
འདོམ་འཁོར་མ་དང་ཉིན་མོ་བདེ་ལེགས་བཅས།།
འཐག་བྱེད་སྤུས་ཀས་རང་རང་སོ་སོར་གཅོད།།
ཞལ་བཀོད་རི་མོ་བཟོ་བའི་རང་འདོད་ཙམ།།
ཨ་ཤེ་ཟུབ་ཤེ་ནམ་མཁའི་མདངས་ལས་དགར།།
ཨ་ཟུབ་གཉིས་འདིར་པཱ་ཙེ་ར་ཞེས་གདགས།།
ཨ་ཟུབ་གཉིས་ལས་ཨ་ཤེ་བཟང་པོར་བགྲང་།།
ཨ་འདྲ་ཞེས་ཀྱང་བཟང་པོར་འཛིན་པ་ཡོད།།
ཨ་ཟུར་འདོགས་པ་ཁྲོམ་དུ་མཐོང་བ་དཀོན།།
ཁ་བཏགས་ཟུབ་ཤེ་ཕྱི་མཛོད་ཙམ་ལ་འཇོག།
སྤུས་ངན་ཞེར་ཅིང་ངོས་ཀྱི་ཆུ་ཚགས་འཐོར།།
བསོད་བཏགས་ཞེས་ཀྱང་དམའ་བའི་ཚུལ་ལ་བརྩི།།
བསོད་ཞེར་ཁ་བསོད་ངན་པའི་ཚད་དུ་བགྲངས།།
ཨ་ཟུབ་རྒྱུ་སྤུན་ལེགས་ཞན་ཅི་རིགས་འབྱུང་།།
ཞལ་བཀོད་རི་མོའི་གཟུགས་རིས་སྣ་ཚོགས་ཀྱང་།།
ཨ་ཤེར་བཀྲས་བཏགས་ཞེས་ཀྱང་དམིགས་སུ་ཡོད།།
འགྲོ་བའི་མིག་སྨན་སྐུ་གསུང་ཐུགས་རྟེན་ལ།།
འབུལ་རྒྱུའི་གང་དེར་སྙན་ཤལ་ཞེས་སུ་འབོད།།
སྙན་ཤལ་ཁ་བཏགས་དར་ཚོན་སྣ་ལྔས་བཞེངས།།
ཁ་མདོག་སོ་སོས་འབྱུང་ཁམས་ལྔ་བོའམ།།
འདོད་ཡོན་སྣ་ལྔ་མཁའ་འགྲོའི་སྡེ་ལྔ་བཅས།།
རང་རང་བརྗོད་བྱའི་སྐབས་དང་སྦྱར་ནས་མཚོན།།
སྒྲོན་དར་ཡེ་ཤེས་སྣ་ལྔའི་མདངས་འཛིན་རྟགས།།
དམར་སེར་ལྗང་སྔོན་དཀར་པོ་བཅས་ཀྱིས་མཚོན།།
སྙན་ཤལ་སྒྲོན་དར་འདིར་ཡང་ཕྱག་མཛོད་ནས།།
ནང་མཛོད་བར་མཛོད་ཕྱི་མཛོད་ཕྱེས་པ་ཡོད།།
རྐྱལ་རྩལ་དཔའ་རྩལ་གང་ལ་སྦ་དར་འཐེན།།

ལེགས་སོའི་སྦ་དར་དཀར་སེར་གཉིས་སུ་སྟེ།།
ནང་མཛོད་བར་མཛོད་ཕྱི་མཛོད་ཕྱེས་པ་ཡོད།།
བྱས་པའི་རྗེས་ཅན་རྟོགས་པའི་མཚན་རྟགས་སུ།།
གཡུལ་རྒྱལ་རུ་དར་ཀ་དར་དན་དར་གསུམ།།
ཁ་མདོག་སྣ་ཚོགས་ཕྱག་མཛོད་རིམ་པ་ལས།།
ནང་མཛོད་བར་མཛོད་ཕྱི་མཛོད་ཕྱེས་པ་ཡོད།།
སྲིན་བུའི་ཞལ་ཆུས་འཐག་པའི་དར་ཁ་འདིར།།
རྒྱ་ནག་སྨན་ཙེར་གདགས་ནས་བོད་དུ་དར།།
གྲུའུ་ཙེ་སྲིན་བུའི་དར་སྐུད་ཡིན་ཞེས་བཤད།།
འདི་དང་སྤུ་རྒྱལ་གཉུག་མའི་དར་ཤམ་གཉིས།།
ཁྱད་གཞི་ཁྱད་ཆོས་སོ་སོར་མ་ནོར་གཅེས།།
སུང་གི་སྨན་ཙེ་དཀར་སེར་མདངས་འཛིན་པ།།
ནང་མཛོད་ཉར་བས་གོང་ནི་གཞན་ལས་མཐོ།།
མཛོད་འདྲ་ཐོན་པ་དགོས་པ་ཙམ་གྱི་ཕྱིར།།
ཆེན་པོ་ཧོར་གྱི་ཡུལ་ནས་སོག་དར་འབྱུང་།།
ཁ་དོག་སྔོ་ལ་ནམ་མཁའི་མདངས་འཛིན་པ།།
རྒྱུ་སྤུན་བཟང་པོར་དབང་ལྡན་སི་ཏཱར་འབོད།།
སོག་དར་སྣ་ལྔ་ཞེས་པའི་མཚན་ཡང་ཆགས།།
དམར་སེར་ལྗང་སྔོན་དཀར་པོ་བཅས་ཀྱི་མདོག།
དར་ཚོན་སྣ་ལྔའི་ལུགས་ཙམ་བསྐྱངས་པ་ཉིད།།
རྣམ་རྟོག་སེམས་ཀྱི་འཆར་སྒོ་མཐའ་མེད་ཕྱིར།།
བཟོ་ཡི་ཁ་བཏགས་དབྱེ་བར་གྲངས་མེད་ཀྱང་།།
ལུང་གི་ཟིན་ཚོད་ཙམ་ཞིག་འདིར་བཀོད་ནས།།
བློ་གསལ་མཁས་མང་མགུ་བའི་སྐྱེས་སུ་བསྐུར།།
ཚུལ་འདི་སྔོན་བྱུང་ཡིག་ཚང་བབ་དང་བསྟུན།།
ཡིད་ཆེས་རྒན་པོའི་ངག་རྒྱུན་རྣམས་ལ་བརྟག།
དོན་གྱི་གནད་ལ་དཔྱད་པ་ལན་མང་བགྱིས།།
བློ་ལྡན་དགྱེས་ཕྱིར་ཡི་གེའི་གཟུགས་སུ་བསྡེབས།།
དངོས་པོའི་གཤིས་ལ་དཔྱོད་པའི་གྲུབ་དོན་དང་།།
གྲུབ་དོན་ཡུལ་ལ་སྦྱོར་བའི་གཏམ་རབས་གཉིས།།
གཅིག་གྲོགས་གཅིག་ལ་བསྟེན་པའི་ངང་ཚུལ་འདི།།
རྟེན་འབྲེལ་གནད་དུ་གོ་བའི་ལེགས་བཤད་ཉིད།།
བྱས་པའི་རྗེས་ཅན་རྟོགས་པའི་མཚན་རྟགས་སུ།།
གཡུལ་རྒྱལ་རུ་དར་ཀ་དར་དན་དར་གསུམ།།
ཁ་མདོག་སྣ་ཚོགས་ཕྱག་མཛོད་རིམ་པ་ལས།།
ནང་མཛོད་བར་མཛོད་ཕྱི་མཛོད་ཕྱེས་པ་ཡོད།།
སྲིན་བུའི་ཞལ་ཆུས་འཐག་པའི་དར་ཁ་འདིར།།
རྒྱ་ནག་སྨན་ཙེར་གདགས་ནས་བོད་དུ་དར།།
གྲུའུ་ཙེ་སྲིན་བུའི་དར་སྐུད་ཡིན་ཞེས་བཤད།།
འདི་དང་སྤུ་རྒྱལ་གཉུག་མའི་དར་ཤམ་གཉིས།།
ཁྱད་གཞི་ཁྱད་ཆོས་སོ་སོར་མ་ནོར་གཅེས།།
སུང་གི་སྨན་ཙེ་དཀར་སེར་མདངས་འཛིན་པ།།
ནང་མཛོད་ཉར་བས་གོང་ནི་གཞན་ལས་མཐོ།།
མཛོད་འདྲ་ཐོན་པ་དགོས་པ་ཙམ་གྱི་ཕྱིར།།
ཆེན་པོ་ཧོར་གྱི་ཡུལ་ནས་སོག་དར་འབྱུང་།།
ཁ་དོག་སྔོ་ལ་ནམ་མཁའི་མདངས་འཛིན་པ།།
རྒྱུ་སྤུན་བཟང་པོར་དབང་ལྡན་སི་ཏཱར་འབོད།།
སོག་དར་སྣ་ལྔ་ཞེས་པའི་མཚན་ཡང་ཆགས།།
དམར་སེར་ལྗང་སྔོན་དཀར་པོ་བཅས་ཀྱི་མདོག།
དར་ཚོན་སྣ་ལྔའི་ལུགས་ཙམ་བསྐྱངས་པ་ཉིད།།
རྣམ་རྟོག་སེམས་ཀྱི་འཆར་སྒོ་མཐའ་མེད་ཕྱིར།།
བཟོ་ཡི་ཁ་བཏགས་དབྱེ་བར་གྲངས་མེད་ཀྱང་།།
ལུང་གི་ཟིན་ཚོད་ཙམ་ཞིག་འདིར་བཀོད་ནས།།
བློ་གསལ་མཁས་མང་མགུ་བའི་སྐྱེས་སུ་བསྐུར།།
ཚུལ་འདི་སྔོན་བྱུང་ཡིག་ཚང་བབ་དང་བསྟུན།།
ཡིད་ཆེས་རྒན་པོའི་ངག་རྒྱུན་རྣམས་ལ་བརྟག།
དོན་གྱི་གནད་ལ་དཔྱད་པ་ལན་མང་བགྱིས།།
བློ་ལྡན་དགྱེས་ཕྱིར་ཡི་གེའི་གཟུགས་སུ་བསྡེབས།།
དངོས་པོའི་གཤིས་ལ་དཔྱོད་པའི་གྲུབ་དོན་དང་།།
གྲུབ་དོན་ཡུལ་ལ་སྦྱོར་བའི་གཏམ་རབས་གཉིས།།
གཅིག་གྲོགས་གཅིག་ལ་བསྟེན་པའི་ངང་ཚུལ་འདི།།
རྟེན་འབྲེལ་གནད་དུ་གོ་བའི་ལེགས་བཤད་ཉིད།།
—ཅེས་པ་འདི་ཡང་བོད་ཀྱི་གཙུག་ལག་རིག་གནས་ལ་ལོ་མང་པོར་སློབ་སྦྱོང་བྱས་ནས་མི་ཚེ་ཟད་པའི་ཤར་མཐའི་འབྲོག་རྒན་བན་ཤུལ་དཔལ་མཁར་རྒྱལ་ལམ་བསྟན་འཛིན་མཐར་ཕྱིན་དུ་འབོད་པ་གང་དེས་ཡི་གེར་སྡེབ་པ་དགེའོ།།
༢༠༢༣ལོའི་ཟླ༣པའི་ཚེས༢༩ཉིན་ལ་ཡུལ་དབུས་ལྷ་སར།
འབྲེལ་ཡོད་འོས་སྦྱོར།