ཙོང་ཁ་དགོན།
རྩོམ་པ་པོ།:འབྲོ་བློ་གྲོས་སྣང་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-14
ཀློག་གྲངས།:

ཙོང་ཁ་དགོན་པ་མེད་པའི་སྔ་རོལ་ན། །ཙོང་མཁར་ལྕགས་རིས་བསྐོར་བའི་བཤད་སྲོལ་མེད། །[1]
དེ་ཡང་སྤྱི་ལོ་དུས་རབས་བདུན་པའི་སྐབས།།
བཙད་པོས་ཁབ་བཞེས་རྒྱ་བཟའ་ཀོང་ཅོ་བཙུན།།
རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་སྐུར།།
ཁྲི་བརྩིགས་བཞུགས་པའི་གནས་གཞི་འདི་ཡིན་བཞེད།།
བླ་ཆེན་དགོངས་པ་གསལ་གྱིས་ཙོང་ཁ་རུ།།
ཇོ་བོའི་བཞུགས་ཁྲི་རྟེན་གཞིའི་རྨང་བྱས་ཏེ།།
སྤྱི་ལོ་དགུ་བཞི་གཅིག་ལོར་དགོན་སྡེ་འདི།།
གསར་འདེབས་མཛད་པའི་སྐྱ་རེངས་འོད་ཀྱིས་བསུས།།
ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ་སོགས་སྟེ།།
དབུས་གཙང་མཁས་བ་མི་བཅུ་བསྙེན་པར་རྫོགས།།
འདུལ་བའི་སྡེ་སྣོད་གཞུང་ལ་སློབ་གཉེར་གྱི།།
ཡང་དར་བསྟན་པའི་འབྱུང་གནས་དགོན་སྡེར་བསྔགས།།
ལིན་མེས་ལམ་དང་མའོ་ཅ་ཀེ་ཡི་ས།།
འདི་དང་འབྲེལ་བ་ཡོད་པར་ལ་ལས་གླེང་།།
མེས་པོའི་གྲིབ་མ་ཅུང་ཙམ་དེད་པ་ཡིས།།
མའོ་ཅ་ཚོ་བའི་ཉེ་སར་བཅར་ནས་འདུག།
ཀླུ་མེས་ཁམས་ཚན་ཡིན་ནམ་ལྷ་ཁང་ཅིག།
གོ་མྱོང་བཤད་རྒྱུན་རྒྱུ་མཚན་དུ་དྲངས་ནས།།
འོད་ཀྱི་སྲུབས་ཀ་རྙིད་ཅིང་རྒས་པའི་སར།།
ཚོན་གྱི་མིང་ཐོ་གསར་བའི་དྲན་པ་རྙེད།།
ཙོང་ཁ་དགོན་པ་མེད་པའི་སྔ་རོལ་ན།།
ཙོང་མཁར་ལྕགས་རིས་བསྐོར་བའི་བཤད་སྲོལ་མེད།།
གྱི་ཐང་མཁར་ནང་རྒྱ་ཁྱོན་ཤོང་བའི་དགོན།།
མཚན་གྱི་ཅོད་པན་བཞེས་པས་བདེན་པ་བརྡར།།
ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན།།
གངས་ཅན་མཁས་བའི་གཙུག་རྒྱན་དགེ་ལྡན་པར།།[2]
ཆོས་ཀྱི་བདུད་རྩི་ཅི་དགར་བསྩལ་བའི་གནས།།
ངག་གི་སྒོ་གླེགས་བརྡུང་བའི་སྐྱེས་བུས་སྨྲ།།
ཀརྨ་རོལ་བའི་དངོས་སློབ་བསོད་ནམས་ཀྱིས།།
སྤྱི་ལོ་གཅིག་བཞི་བཅུ་གཅིག་གྲངས་ཀྱི་ལོར།།
བསྐྱར་བཞེངས་མཛད་ལ་གསེར་ཁྲི་བསྐྱངས་པར་མཛད།།
ཆོས་རྗེ་རྣམ་གསུམ་བཞུགས་ཏེ་འགྲོ་དོན་སྤེལ།།
གནམ་སའི་མི་ཆེན་རྒྱལ་བ་གསུམ་པ་དང་།།
ལོ་ཟླའི་ཉི་མའི་དབུས་ཀྱི་ཉི་མའི་དབང་།།
ལྔ་བ་ཆེན་མོ་རྣམ་པས་ཞབས་ཀྱིས་བཅགས།།
བྱིན་གྱིས་བརླབས་པའི་ས་གཞི་འོད་དུ་འཁྱིལ།།
པཎ་ཆེན་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག།
གོང་མའི་བཀའ་ཡིས་གདན་དྲངས་རྒྱ་ནག་ཏུ།།
ཕེབས་ལམ་ཟླ་ལྔ་བཞུགས་པའི་དགོན་སྡེ་འདི།།
ཀུན་མཁྱེན་དབང་བོ་མཁན་པོར་མངའ་གསོལ་མཛད།།[3]
གངས་རིའི་བཙན་རྫོང་གནམ་མཐའི་མཚོ་མོའི་ཉ།།
སྲུང་བའི་པཎ་ཆེན་མ་ཎི་ཡིག་དྲུག་ནས།།[4]
གནས་སྡོད་གཞུང་དོན་སྒྲུབ་སའི་ལྟེ་གནས་ཏེ།།
ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་འདི་རྒྱལ།།
གཙོ་འཛིན་ཞི་ཅིན་ཕིང་གི་ཕ་ལོ་ཏེ།།
ཞི་ཅན་རུས་ཀྱིས་པཎ་ཆེན་བཅུ་བ་མཆོག།[5]
བོད་དོན་བཀའ་བགྲོས་གླེང་མོལ་མཛད་པའི་གནས།།
རྣམ་ཤེས་བླུ་སའི་ཞི་བདེའི་ཞིང་ཁམས་ཡིན།།
དགུན་གཞུང་རླུང་འཚུབ་ཁྲོད་ན་ཁྱེད་ཉིད་འགྱིང་།།
གྲང་ལྷགས་ངར་ཁ་རྒོད་ཀྱང་ཞུམ་པ་མེད།།
དུས་ཀྱི་མཆེ་སྡེར་ཁུར་ཆེན་ཕྲག་ཏུ་བཞེས།།
ལ་རྒྱའི་དབུ་ལྕོག་གངས་སེང་དྲན་པས་སྨྲེང་།།
ལོ་རབས་བརྒྱད་ཅུར་བླ་བྲང་དགོན་གཞུང་གིས།།
མཚོ་སྔོན་ནང་བསྟན་ཚོགས་པར་གཏད་ནས་སྤྲད།།
སྣང་བའི་སྐུ་ཚ་སྒར་བ་ངག་དབང་གིས།།
ཉིས་སྟོང་བཞི་ལོར་བསྐྱར་བཞེངས་ལེགས་པར་འགྲུབ།།
ཉིས་སྟོང་བཅུ་དྲུག་ཚན་རིག་ལྷན་ཚོགས་བཙུགས།
བོད་རྒྱ་ནང་བསྟན་བརྗེ་རེས་དགོན་པ་ཞེས།།
འཛམ་གླིང་ཅི་ཉེ་སི་ཡི་ཟིན་ཐོར་བཀོད།།
ལོ་ཟླའི་གཙུབ་བརྡར་ཁྲོད་ན་བརྟན་པར་ཤོག།
“ཀྲུང་ཧྭ་མི་རིགས་གཞི་གཅིག་འདུ་ཤེས་ཀྱི།།
བརྟན་ཞིབ་ཁང”གི་སྒོ་བྱང་གསར་དུ་བཀལ།།
ཟླ་བ་སྔོན་མར་ཁང་རྙིང་གནའ་རྫས་ཀྱི།།
བཀོད་ལེགས་མིག་གི་དབང་བོའི་དང་བ་འདྲེན།།

བོད་ཀྱི་མཁས་བ་མི་གསུམ་ཧ་ཤང་སྟེ།།
བན་དང་ཀོ་ཝང་རྣམ་གཉིས་བླ་ཆེན་ལས།།
རབ་བྱུང་བསྙེན་རྫོགས་བསྟན་པའི་མེ་རོ་གསོས།།
མདོ་ཁམས་སྨད་ནས་སྐྱ་རེངས་དབུས་ལ་དྲངས།།
ཙོང་ཁ་དགོན་འདི་དུས་གསུམ་ཉི་འོད་གླིང་།།[6]
ལམ་གྱི་ཁ་གཏད་གསེར་འོད་ལམ་མེར་མཆེད།།
རྒྱ་གྲམ་དམར་པོའི་སྨན་ཁང་བཞི་མདོའི་སར།།
ཧ་ལས་བཞེངས་འདུག་མཇལ་དང་རིན་ཐང་ཆེ།།
མང་ཇ་ལམ་ཞེས་སྔར་ནས་གོ་མྱོང་ཡོད།།[7]
ཐེ་ཧྥོ་དགོན་གྱི་ངེས་བར་བརྒྱུད་དགོས་ལམ།།
ཚོང་དཔོན་ནོར་བཟང་འབྲེལ་ཡོད་ངག་རྒྱུན་ལབ།།
ལོ་རྒྱུས་གསང་བ་གསེད་འགྲོལ་དཔྱད་པར་རིགས།།
རང་བྱུང་ཁམས་ལ་ལྟད་མོའི་མིག་གཡར་ན།།
མཁས་བ་མི་གསུམ་སྡོང་བོ་ཁེར་དུ་ལུས།།[8]
ཚོར་བའི་དྲན་པ་གཅེར་བུར་རེ་ཞིག་ལུས།།
ལོ་རྒྱུས་གང་རུང་གཏམ་རྒྱུད་ཁྲོད་དུ་ལུས།།
སྐར་མདའ་འཁྱུག་པ་ཙམ་གྱི་དུས་ཡུན་དེར།།
ནམ་མཁར་རེག་པ་ལྟ་བུའི་ཚོར་བ་སྟེར།།
རྟ་ཕོ་མདའ་གཞུའི་སྐྱེན་རྩལ་རྫོགས་པའི་བུ།།
སྤུ་གྲི་རྣོན་པོ་ལྡག་བཞིན་གང་དུ་བཞུད།།
མགར་གྱི་ཁྱིམ་རྒྱུད་ཟི་ལིང་མཁར་མཐའ་ན།།[9]
རྒྱ་ལ་ཐིམ་པའི་ཡིག་ཚང་ངེད་ཀྱིས་རིག།
ཙོང་ཁ་ཚོ་དྲུག་བསྒྱུར་བའི་འགྱུར་བའི་ཁྲོད།།
ང་ཚོ་རིམ་གྱིས་ངང་གིས་གོམ་ཁ་སྤོ།།
བོད་ཟིག་མིན་ན་དཀོན་མཆོག་གསུམ་པོ་དང་།།
བོད་སྐད་ཤེས་ན་དཀོན་མཆོག་གསུམ་པོའི་མནས།།
ས་ཡི་སྒལ་ཚིགས་དུམ་བུ་དགུ་དགུར་གཏོར།།
གཅིག་བདུན་ཉེར་གསུམ་ཐུར་ལམ་རྦབ་རྡོས་བསྒྲིལ།།[10]
ཟི་ན་འབྲོག་ལ་བཞུད་དམ་གཞན་ལ་བྲོས།།
ལིང་པ་གཞན་ལ་འདྲེས་སམ་གང་ན་ཡོད།།[11]
སྲིན་པོ་གདོང་དམར་དམག་གི་ཕ་ནོར་འདི།།
གདོད་མའི་མི་རྒྱུད་མཆེད་སའི་ཕ་ཁྱིམ་ཡིན།།
ཁོ་བོས་བྲིས་ན་སྙིང་འདར་ཟི་ལིང་གི་སྙན་ངག།
དུས་ཀྱི་ཐན་པའི་རུམ་ན་བག་ལའང་ཞ་འདུག།
བསམ་བློར་ཚིལ་དྲེག་ཆགས་པའི་སྐར་ཚོགས་ལ་གྱེར་དུས།།
ཆུ་མིག་རང་སར་སྐམ་པའི་ས་ཁྲ་ཅིག་མཐོང་སོང་།།
རུ་གསར་རྫོང་གི་མདོ་བ་ས་ཁུལ་དུ།།
སོ་མཚམས་སྲུང་བའི་འགག་སྒོ་རོང་ཆེན་མཁར།།
སྲོང་བཙན་སྐབས་སུ་ལིས་པོའོ་ཁྲིན་དུ་འབོད།།
མདོ་སྨད་འབྲོ་ཡི་བཙན་མཁར་གཞིས་སྒར་ཆགས།།
འབྲོ་བཟའ་སྨིན་ལེགས་རོང་ཆེན་མཁར་ན་བཞུགས།།
ཡུལ་མི་ཁྲི་དྲུག་བདུན་གྱི་དཔུང་ཆེན་རྒོད།།
འབངས་རྣམས་བཀའ་ཁུར་བཀུར་བསྟི་བླ་ལྷག་སྦྱོར།།
ཙོང་ཁར་སྲིད་འཛུགས་སྲོག་ཤིང་ནུས་བ་ཐོན།།
སྟོད་ཀྱི་ཞྭ་དང་སྨད་ཀྱི་སྲིད་ཁྲིམས་ལྷམ།།
ཙོང་ཁའི་རྒྱལ་བོའི་ངོ་སོ་ཡར་ལ་བསྟོད།།
སྤྱན་སྔ་དོན་ཆེན་སྲིད་སྐྱོང་འཕྲིན་ལས་རྒྱས།།
ཐབས་ལ་མཁས་པས་མངའ་འབངས་གཅིག་ཏུ་བསྡུས།།
མི་ཉག་སུང་ལ་དཔུང་གིས་འཇིགས་སྣང་བསྐྱེད།།
ཆི་ཏན་རྒྱལ་བོས་གཉེན་འབྲེལ་ཕོ་ཉ་མངགས།།
དོན་བཙན་མནའ་མ་ཚུར་ལ་སྐྱེལ་ནའང་།།
བཙུན་མོར་མ་འཕྲད་ལོགས་སུ་བསྐྱུར་ཏེ་བཞག།
མཐའ་མར་རྒྱལ་སྲས་ཁྲི་ཐོག་བསོད་ནམས་མཆོག།
སྲུང་མར་གྱུར་བའི་ལོ་རྒྱུས་ཚངས་དབང་གི།།[12]
དཔྱད་རྩོམ་རིན་ཐང་ཅན་ལ་གཟིགས་ན་ལེགས།།
དར་རྒུད་རྒྱབ་ལྗོངས་མངའ་རིས་བུ་སྐལ་ཤེས།།
ལྷོ་སྤྲིན་ལྷོ་བཞུད་ལྷོ་ཡི་ཙན་དན་མེ་རུ་འབར།།
ལྷོ་སྤྲིན་བྱང་བཞུད་བྱང་གི་རྒྱ་མཚོ་དགུང་དུ་འཕྱུར།།
རྒྱལ་སྲས་གར་སླེབས་མཐའ་བཞིའི་རྒྱལ་མཚེས་འབྲེལ་ཟམ་བཙུགས།།
སྟོབས་འབྱོར་མངའ་ཐང་ཡར་ངོའི་ཟླ་བཞིན་སྙན་གྲགས་འབར།།
གྱི་ཐང་མཁར་འདི་ཙོང་ཁའི་ལྷོ་རུ་ཆགས།།
རྒྱ་ཁྱོན་ལེ་བར་ཉི་ཤུའི་ས་ཁོད་ཡངས།།
མཁར་བསྐོར་བཀྲ་ཤིས་མཚན་མའི་སྒོ་ཆེན་བརྒྱད།།
མཁར་ནང་བཙན་པོའི་བཞུགས་སྒར་ཕོ་བྲང་བརྗིད།།
ཀླུང་རྟ་སྡེ་བཞིའི་རི་རྒྱུད་སྟོང་གིས་བརྒྱན།།
གྲོག་རོང་ཆུ་འགག་སུམ་ཕྲེང་བྲག་དམར་ཟུག།
གཡས་སུ་མཚོ་ཆེན་ཁྲི་ཤོར་ལྟེམས་སེ་འཁྱིལ།།
མགོ་བོ་ཁུ་ནུ་རྒྱབ་ནི་རྨ་ཆུར་བསྙེས།།
ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་མདོ་ཁམས་སྨད།།
མངའ་དབང་བསྒྱུར་བའི་ཇོ་སྲས་མཚན་གྱིས་གྲགས།།
སྨད་ཀྱི་རྒྱ་ནག་སྟོབས་ཀྱི་ས་ཆེན་པོར།།
ཁྲིམས་ཀྱི་སྲང་མདའ་ཙོང་ཁའི་རྒྱལ་བོས་འཕེན།།
བཙན་པོའི་དམག་དཔུང་གཤར་བའི་དབང་ཐང་གིས།།
ལོ་རྒྱུས་བྲག་ལྟར་སྲ་བའི་ཕོ་བྲང་བཞེངས།།
ད་ནི་སེམས་ཀྱི་གད་པའི་གཅོང་རོང་དེར།།
སྡུག་ཡུས་སྟོང་གི་གོམ་པའི་འདེགས་འཇོག་བསྒྱུར།།
སྐད་དང་ཡི་གེ་སྲོག་གི་དབང་བོ་ཡིན།།
དགོན་པ་བླ་བྲང་ལྕགས་རིའི་མུ་ཁྱུད་ཡིན།།
གསལ་བྱེད་སྦྱོར་བའི་དབྱངས་རྟ་མ་ཉམས་ན།།
འཛིམ་མའི་དཀྱིལ་འཁོར་ཟས་སུ་ད་རུང་བཟའ།།
ཡུན་རིང་སེམས་ཀྱིས་འཚོས་བའི་གཞི་བདག་དང་།།
ལས་ཀྱིས་ཟིན་པའི་ཙོང་ཁའི་བདེ་ཁམས་ལགས།།
དབྱངས་གསལ་སོ་བཞིའི་ཨ་མ་ན་རོ་དེ།།
མཚན་མོའི་སྨག་རུམ་ཀློང་ན་བླ་སྲོག་འཁྱམ།།
ང་ཡི་སེམས་ནས་འཁྲེང་སའི་ཙོང་ཁའི་རི།།
ཕ་ཡུལ་ཟེར་ནས་བསྙེག་ས་ཁྱོད་ཡིན་ན།།
རུས་དང་ཁྲག་གིས་བརྒྱུས་པའི་མཚེར་ཤུལ་འདིར།།
བླ་དང་སྲོག་གིས་གཏེར་ཤིག་རྒྱབ་ན་བསམ།།
མིག་གིས་མཐོང་སའི་ཙོང་ཁའི་རུ་སྐོར་དེར།།
བར་གྱང་མཐོན་པོ་ཞིག་གིས་བཅད་ནས་འདུག།
ལོ་ལོན་རྒན་པ་རིམ་བཞིན་གཤེགས་སོང་བས།།
བོས་ན་ཨ་ལན་འདེབས་པའི་ཤ་ཉེ་བོར།།
དོ་ནུབ་ང་རང་ཆང་རག་མ་འཐུང་བར།།
རྨ་ཁ་སེན་མོས་འབྲད་ཀྱིན་དབྱངས་གསལ་འབྲུ།།
མིག་ཆུ་ལྷན་དུ་ས་བོན་བྲང་ཁ་ནས།།
འདི་གར་གཏོར་བའི་ལས་ཀྱི་སྟོང་འདང་སྦྲུམ།།
ད་ལོའི་ལོ་གསར་བར་ནས་ཐོག་མར་མཇལ།།
རླུང་བུའི་སྣེ་ན་འདར་བའི་ཚོར་འདུ་འགྱུ།།
འབྲེལ་ཡོད་དཔེ་ཀློག་ཟུར་ནས་བསམ་གཞིགས་ཀྱིས།།
གཟའ་སྔོན་སླར་ཡང་ཆོས་སྐྱོང་གུར་ལ་གཏུགས།།
རབ་བྱུང་བསྙེན་རྫོགས་བསྟན་པའི་མེ་རོ་གསོས།།
མདོ་ཁམས་སྨད་ནས་སྐྱ་རེངས་དབུས་ལ་དྲངས།།
ཙོང་ཁ་དགོན་འདི་དུས་གསུམ་ཉི་འོད་གླིང་།།[6]
ལམ་གྱི་ཁ་གཏད་གསེར་འོད་ལམ་མེར་མཆེད།།
རྒྱ་གྲམ་དམར་པོའི་སྨན་ཁང་བཞི་མདོའི་སར།།
ཧ་ལས་བཞེངས་འདུག་མཇལ་དང་རིན་ཐང་ཆེ།།
མང་ཇ་ལམ་ཞེས་སྔར་ནས་གོ་མྱོང་ཡོད།།[7]
ཐེ་ཧྥོ་དགོན་གྱི་ངེས་བར་བརྒྱུད་དགོས་ལམ།།
ཚོང་དཔོན་ནོར་བཟང་འབྲེལ་ཡོད་ངག་རྒྱུན་ལབ།།
ལོ་རྒྱུས་གསང་བ་གསེད་འགྲོལ་དཔྱད་པར་རིགས།།
རང་བྱུང་ཁམས་ལ་ལྟད་མོའི་མིག་གཡར་ན།།
མཁས་བ་མི་གསུམ་སྡོང་བོ་ཁེར་དུ་ལུས།།[8]
ཚོར་བའི་དྲན་པ་གཅེར་བུར་རེ་ཞིག་ལུས།།
ལོ་རྒྱུས་གང་རུང་གཏམ་རྒྱུད་ཁྲོད་དུ་ལུས།།
སྐར་མདའ་འཁྱུག་པ་ཙམ་གྱི་དུས་ཡུན་དེར།།
ནམ་མཁར་རེག་པ་ལྟ་བུའི་ཚོར་བ་སྟེར།།
རྟ་ཕོ་མདའ་གཞུའི་སྐྱེན་རྩལ་རྫོགས་པའི་བུ།།
སྤུ་གྲི་རྣོན་པོ་ལྡག་བཞིན་གང་དུ་བཞུད།།
མགར་གྱི་ཁྱིམ་རྒྱུད་ཟི་ལིང་མཁར་མཐའ་ན།།[9]
རྒྱ་ལ་ཐིམ་པའི་ཡིག་ཚང་ངེད་ཀྱིས་རིག།
ཙོང་ཁ་ཚོ་དྲུག་བསྒྱུར་བའི་འགྱུར་བའི་ཁྲོད།།
ང་ཚོ་རིམ་གྱིས་ངང་གིས་གོམ་ཁ་སྤོ།།
བོད་ཟིག་མིན་ན་དཀོན་མཆོག་གསུམ་པོ་དང་།།
བོད་སྐད་ཤེས་ན་དཀོན་མཆོག་གསུམ་པོའི་མནས།།
ས་ཡི་སྒལ་ཚིགས་དུམ་བུ་དགུ་དགུར་གཏོར།།
གཅིག་བདུན་ཉེར་གསུམ་ཐུར་ལམ་རྦབ་རྡོས་བསྒྲིལ།།[10]
ཟི་ན་འབྲོག་ལ་བཞུད་དམ་གཞན་ལ་བྲོས།།
ལིང་པ་གཞན་ལ་འདྲེས་སམ་གང་ན་ཡོད།།[11]
སྲིན་པོ་གདོང་དམར་དམག་གི་ཕ་ནོར་འདི།།
གདོད་མའི་མི་རྒྱུད་མཆེད་སའི་ཕ་ཁྱིམ་ཡིན།།
ཁོ་བོས་བྲིས་ན་སྙིང་འདར་ཟི་ལིང་གི་སྙན་ངག།
དུས་ཀྱི་ཐན་པའི་རུམ་ན་བག་ལའང་ཞ་འདུག།
བསམ་བློར་ཚིལ་དྲེག་ཆགས་པའི་སྐར་ཚོགས་ལ་གྱེར་དུས།།
ཆུ་མིག་རང་སར་སྐམ་པའི་ས་ཁྲ་ཅིག་མཐོང་སོང་།།
རུ་གསར་རྫོང་གི་མདོ་བ་ས་ཁུལ་དུ།།
སོ་མཚམས་སྲུང་བའི་འགག་སྒོ་རོང་ཆེན་མཁར།།
སྲོང་བཙན་སྐབས་སུ་ལིས་པོའོ་ཁྲིན་དུ་འབོད།།
མདོ་སྨད་འབྲོ་ཡི་བཙན་མཁར་གཞིས་སྒར་ཆགས།།
འབྲོ་བཟའ་སྨིན་ལེགས་རོང་ཆེན་མཁར་ན་བཞུགས།།
ཡུལ་མི་ཁྲི་དྲུག་བདུན་གྱི་དཔུང་ཆེན་རྒོད།།
འབངས་རྣམས་བཀའ་ཁུར་བཀུར་བསྟི་བླ་ལྷག་སྦྱོར།།
ཙོང་ཁར་སྲིད་འཛུགས་སྲོག་ཤིང་ནུས་བ་ཐོན།།
སྟོད་ཀྱི་ཞྭ་དང་སྨད་ཀྱི་སྲིད་ཁྲིམས་ལྷམ།།
ཙོང་ཁའི་རྒྱལ་བོའི་ངོ་སོ་ཡར་ལ་བསྟོད།།
སྤྱན་སྔ་དོན་ཆེན་སྲིད་སྐྱོང་འཕྲིན་ལས་རྒྱས།།
ཐབས་ལ་མཁས་པས་མངའ་འབངས་གཅིག་ཏུ་བསྡུས།།
མི་ཉག་སུང་ལ་དཔུང་གིས་འཇིགས་སྣང་བསྐྱེད།།
ཆི་ཏན་རྒྱལ་བོས་གཉེན་འབྲེལ་ཕོ་ཉ་མངགས།།
དོན་བཙན་མནའ་མ་ཚུར་ལ་སྐྱེལ་ནའང་།།
བཙུན་མོར་མ་འཕྲད་ལོགས་སུ་བསྐྱུར་ཏེ་བཞག།
མཐའ་མར་རྒྱལ་སྲས་ཁྲི་ཐོག་བསོད་ནམས་མཆོག།
སྲུང་མར་གྱུར་བའི་ལོ་རྒྱུས་ཚངས་དབང་གི།།[12]
དཔྱད་རྩོམ་རིན་ཐང་ཅན་ལ་གཟིགས་ན་ལེགས།།
དར་རྒུད་རྒྱབ་ལྗོངས་མངའ་རིས་བུ་སྐལ་ཤེས།།
ལྷོ་སྤྲིན་ལྷོ་བཞུད་ལྷོ་ཡི་ཙན་དན་མེ་རུ་འབར།།
ལྷོ་སྤྲིན་བྱང་བཞུད་བྱང་གི་རྒྱ་མཚོ་དགུང་དུ་འཕྱུར།།
རྒྱལ་སྲས་གར་སླེབས་མཐའ་བཞིའི་རྒྱལ་མཚེས་འབྲེལ་ཟམ་བཙུགས།།
སྟོབས་འབྱོར་མངའ་ཐང་ཡར་ངོའི་ཟླ་བཞིན་སྙན་གྲགས་འབར།།
གྱི་ཐང་མཁར་འདི་ཙོང་ཁའི་ལྷོ་རུ་ཆགས།།
རྒྱ་ཁྱོན་ལེ་བར་ཉི་ཤུའི་ས་ཁོད་ཡངས།།
མཁར་བསྐོར་བཀྲ་ཤིས་མཚན་མའི་སྒོ་ཆེན་བརྒྱད།།
མཁར་ནང་བཙན་པོའི་བཞུགས་སྒར་ཕོ་བྲང་བརྗིད།།
ཀླུང་རྟ་སྡེ་བཞིའི་རི་རྒྱུད་སྟོང་གིས་བརྒྱན།།
གྲོག་རོང་ཆུ་འགག་སུམ་ཕྲེང་བྲག་དམར་ཟུག།
གཡས་སུ་མཚོ་ཆེན་ཁྲི་ཤོར་ལྟེམས་སེ་འཁྱིལ།།
མགོ་བོ་ཁུ་ནུ་རྒྱབ་ནི་རྨ་ཆུར་བསྙེས།།
ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་མདོ་ཁམས་སྨད།།
མངའ་དབང་བསྒྱུར་བའི་ཇོ་སྲས་མཚན་གྱིས་གྲགས།།
སྨད་ཀྱི་རྒྱ་ནག་སྟོབས་ཀྱི་ས་ཆེན་པོར།།
ཁྲིམས་ཀྱི་སྲང་མདའ་ཙོང་ཁའི་རྒྱལ་བོས་འཕེན།།
བཙན་པོའི་དམག་དཔུང་གཤར་བའི་དབང་ཐང་གིས།།
ལོ་རྒྱུས་བྲག་ལྟར་སྲ་བའི་ཕོ་བྲང་བཞེངས།།
ད་ནི་སེམས་ཀྱི་གད་པའི་གཅོང་རོང་དེར།།
སྡུག་ཡུས་སྟོང་གི་གོམ་པའི་འདེགས་འཇོག་བསྒྱུར།།
སྐད་དང་ཡི་གེ་སྲོག་གི་དབང་བོ་ཡིན།།
དགོན་པ་བླ་བྲང་ལྕགས་རིའི་མུ་ཁྱུད་ཡིན།།
གསལ་བྱེད་སྦྱོར་བའི་དབྱངས་རྟ་མ་ཉམས་ན།།
འཛིམ་མའི་དཀྱིལ་འཁོར་ཟས་སུ་ད་རུང་བཟའ།།
ཡུན་རིང་སེམས་ཀྱིས་འཚོས་བའི་གཞི་བདག་དང་།།
ལས་ཀྱིས་ཟིན་པའི་ཙོང་ཁའི་བདེ་ཁམས་ལགས།།
དབྱངས་གསལ་སོ་བཞིའི་ཨ་མ་ན་རོ་དེ།།
མཚན་མོའི་སྨག་རུམ་ཀློང་ན་བླ་སྲོག་འཁྱམ།།
ང་ཡི་སེམས་ནས་འཁྲེང་སའི་ཙོང་ཁའི་རི།།
ཕ་ཡུལ་ཟེར་ནས་བསྙེག་ས་ཁྱོད་ཡིན་ན།།
རུས་དང་ཁྲག་གིས་བརྒྱུས་པའི་མཚེར་ཤུལ་འདིར།།
བླ་དང་སྲོག་གིས་གཏེར་ཤིག་རྒྱབ་ན་བསམ།།
མིག་གིས་མཐོང་སའི་ཙོང་ཁའི་རུ་སྐོར་དེར།།
བར་གྱང་མཐོན་པོ་ཞིག་གིས་བཅད་ནས་འདུག།
ལོ་ལོན་རྒན་པ་རིམ་བཞིན་གཤེགས་སོང་བས།།
བོས་ན་ཨ་ལན་འདེབས་པའི་ཤ་ཉེ་བོར།།
དོ་ནུབ་ང་རང་ཆང་རག་མ་འཐུང་བར།།
རྨ་ཁ་སེན་མོས་འབྲད་ཀྱིན་དབྱངས་གསལ་འབྲུ།།
མིག་ཆུ་ལྷན་དུ་ས་བོན་བྲང་ཁ་ནས།།
འདི་གར་གཏོར་བའི་ལས་ཀྱི་སྟོང་འདང་སྦྲུམ།།
ད་ལོའི་ལོ་གསར་བར་ནས་ཐོག་མར་མཇལ།།
རླུང་བུའི་སྣེ་ན་འདར་བའི་ཚོར་འདུ་འགྱུ།།
འབྲེལ་ཡོད་དཔེ་ཀློག་ཟུར་ནས་བསམ་གཞིགས་ཀྱིས།།
གཟའ་སྔོན་སླར་ཡང་ཆོས་སྐྱོང་གུར་ལ་གཏུགས།།
གསལ་བཤད།
[1] ཙོང་ཁ་མཁར་ནི་གྱི་ཐང་མཁར་ལ་གོ་སྟེ་ཙོང་ཁ་རྒྱལ་བོའི་ཕོ་བྲང་མཁར་དང་དོན་གཅིག་གོ སུང་གི་ལོ་རྒྱུས་ནང青唐城ཟེར། རྒྱས་བར«ཙོང་ཁའི་རྒྱལ་རབས་ཞིབ་འཇུག»དང་ཙོང་ཁ་རྒྱལ་བོའི་ཕོ་བྲང་སྟེ་བོད་ཀྱི་སྤྱི་ས་བཀྲ་ཤིས་རབ་བརྟན་ཡུལ་མཁར་ལ་གཟིགས་རོགས།
[2] རྗེ་ཙོང་ཁ་བར་གོ།
[3] ཀུན་མཁྱེན་འཇིགས་མེད་དབང་བོར་གོ།
[4] པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ལ་གོ།
[5] ཞི་ཀྲོང་ཞུན་ལ་གོ།
[6] རྒྱ་སྐད་དུ金塔寺ཟེར།།
[7] རྒྱ་སྐད་དུ莫家路,在兴海路。
[8] ཞིང་ཆེན་སྲིད་གཞུང་གི་ཁ་གཏད་དུ་ཡོད།
[9]《老西宁》དཔེ་ཆའི་ནང་དུ་གསལ། དེ་མིན《吐蕃史稿》ཞེས་པའི་ནང་དུ་རུས“论”དུ་འགྱུར་ནས“噶氏子孙在唐建功立业”ཞེས་བཀོད་འདུག
[10] ཆིང་ཝང་བློ་བཟང་བསྟན་འཛིན་དང་ཉན་ཀིན་ཡོའི་དུས་འཁྲུག་གི་ལོ་རྒྱུས་ལ་གཟིགས་པར་འཚལ།
[11] “ཟི་ལིང་ནི། ལྡོང་ཟི་ན་ཚང་དང་། ལྡོང་ལིང་པ་ཚང་གཉིས་ཀྱི་ས་ཡིན་པས་ན་ཟི་ལིང་ཞེས་ཐོགས་པར་བཤད། ཟི་ན་ཚང་ནི་འབྲོག་ལ་བཞུད། ལིང་པ་ཚང་ནི་གཞན་དུ་འགྱུར། ད་ལྟའི་ཟི་ལིང་ནི་དགུ་ཐུག་ཅིག་རེད།” (གཞན་གྱི་སྐད་འཕྲིན་ལས་བཤུས།) གཞན་ཟི་ལིང་ཞེས་པ་ནི་ཉི་ལྡོང་སེར་བོ་ཟི་ན་དང་། ས་ལྡོང་གྲོ་བོ་གོན་ལིང་གི་རུས་ཅན་ཤིན་ཏུ་མང་བོ་སྡོད་པའི་ཡུལ་ཡིན་པས་ན་ཚིག་བསྡུས་ནས་ཟི་ལིང་དུ་འབོད་ཟེར།
[12] བོད་ཀྱི་རྒྱལ་སྲས་ཤིག་དང་བློན་ཆེན་ཞིག་སྲུང་མར་གྱུར་ཚུལ་གླེང་བ།

རྩོམ་པ་པོས་ཙོང་ཁའི་མཁར་ཤུལ་ནས་བླངས་པའི་པར།
འབྲེལ་ཡོད་འོས་སྦྱོར།