མཁས་དབང་གསུམ་གྱིས་རྒྱལ་ཚང་སྙིང་པོ་རྒྱལ་མཆོག་གི་མཛད་རྗེར་བསྔགས་པ།
རྩོམ་པ་པོ།:བསེ་ཚང་བློ་བཟང་དཔལ་ལྡན་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-25
ཀློག་གྲངས།:

རྒྱལ་ཚང་སྙིང་པོ་རྒྱལ།(1930-2023.9.24)
སྤྱི་ལོ1930ལོར་མདོ་སྨད་རྡོ་སྦིས་སུ་འཁྲུངས་ཤིང་། ལོ་རབས་དྲུག་ཅུ་བ་ནས་བཟུང་སྔ་ཕྱིར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གུང་ཀན་སུའུ་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་སུ་ཕྱག་ལས་གནང་ཞིང་། 1973ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་འགོ་ཁྲིད་སྐུ་གཞོན་གྱི་འགན་ཞེས་ནས་མདོ་སྨད་ཆོས་འབྱུང་དང་། ཐུའུ་བཀྭན་གྲུབ་མཐའ། ཐོན་མིའི་ཞལ་ལུང་སོགས་དང་སྒྲུང་དཔེ་མང་པོ་པར་དུ་བསྐྲུན། 1983ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་སྐུ་གཞོན་གྱི་འགན་བཞེས་ནས། དགེ་རྒན་ནང་འདྲེན་དང་ཤེས་རམས་པའི་བསླབ་གནས་གསར་འཛུགས། གྲངས་རིག་དང་དངོས་ལུགས་ཀྱི་སྐད་གཉིས་འཛིན་གྲྭ་གསར་སྒྲུབ་གནང་བ་སོགས་བོད་རིག་པའི་ལས་དོན་ལ་མཛད་རྗེས་ཤིན་ཏུ་ཆེའོ། །
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས།
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས།
སྙིང་རྗེ་ལྷ་ཡིས་རྗེས་བཟུང་གངས་ལྗོངས་ཀྱི། །
སྙིང་པོ་རིག་པའི་གཏེར་མཛོད་ནོར་བུའི་ཕྲེང་། །
སྙིང་མེད་སྲེག་བྱེད་ཞལ་སྒོ་ལས་ཕྲོགས་པའི། །
སྙིང་སྟོབས་ལྡན་པའི་སྐྱེས་བུ་འདི་ན་མཆིས། །
བྷོ་ཊར་བརྩེ་དུང་སྙིང་ནས་རབ་ཆེ་བའི། །
དཔའ་བོའི་སྟོབས་རྫོགས་རི་དྭགས་རྒྱལ་པོའི་བུས། །
གངས་ཀྱི་རི་ལ་ལག་རྗེས་གསར་བའི་རིས། །
ནམ་ཡང་བསུབ་མེད་འཛམ་གླིང་རྒྱན་དུ་བརྗིད། །
ལྷག་བསམ་པདྨ་དཔར་པོའི་མདངས་ལྡན་ཞིང་། །
དད་པའི་ཟེའུ་འབྲུ་སྦྲང་རྩིའི་བཅུད་རྫོགས་པས། །
དུས་ངན་འཚེ་བའི་རླུང་དམར་འཚུབ་མའི་ནང་། །
ལེགས་བྱས་ཟླ་བ་དཀར་པོའི་ཐིག་ལེ་ངོམ། །
དེ་ཡི་བསོད་ནམས་ཉི་མའི་ཟེར་བརྒྱ་ཡིས། །
ཀུན་དགའི་པད་མོ་བྱེ་བའི་འཛུམ་གྲོལ་ཏེ། །
ཕན་བདེ་དྲི་བསུང་འཛིན་མར་ཡོངས་ཁྱབ་པའི། །

དགེ་ལེགས་ཤིས་པ་རྒྱ་མཚོ་ཁྱོད་ལ་སྦྱིན། །

པཎ་ཆེན་ཡོངས་འཛིན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་མཆོག་གིས།
འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་ཡི། །
ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་ལས་གྲུབ་པའི། །
མདོ་སྨད་བསྟན་པའི་འབྱུང་གནས་བཀྲ་ཤིས་འཁྱིལ། །
ལྷག་བསམ་སྙིང་པོ་ཅན་གྱིས་བསྐྱངས་པས་རྒྱལ། །
འགྲོ་བའི་ཡིད་ཀྱི་མུན་པ་སེལ་བའི་མཆོག །
དམ་ཆོས་གླེགས་བམ་གྲངས་མེད་ཕྱོགས་གཅིག་ཏུ། །
བསྒྲིགས་ནས་ཆུད་ཟོས་གནས་སུ་མ་སོང་བར། །
དཔྱོད་ལྡན་ཀུན་གྱིས་ཁྱོད་ཀྱི་དྲིན་དུ་གླེང་། །
དེ་ཡི་མཐུ་ལས་ཚེ་རབས་ཐམས་ཅད་དུ། །
དལ་འབྱོར་པདྨ་དཀར་པོའི་ཕྲེང་བརྒྱུད་ནས། །
ཟབ་རྒྱས་གདམས་པའི་མཛོད་ཀུན་འཛིན་པ་ལ། །

ནམ་ཡང་འགྲན་ཟླ་མེད་པའི་དཔལ་ཐོབ་ཤོག །

དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གིས།
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ན། །
གངས་རི་ཁོ་ན་དཀར་ཡང་བརྗིད་པ་མིན། །
གངས་ལྟར་དཀར་ཞིང་བརྗིད་པའི་ལྷག་བསམ་ཅན། །
གངས་རིའི་དཔལ་འཕྲོག་སྐྱེས་བུའང་དུ་མ་ཡོད། །
སྙིང་རྗེ་ལྷ་མཆོག་སྐྱབས་བསྟེན་གདོང་དམར་རིགས། །
སྙིང་རྗེ་སྙིང་སྟོབས་རིགས་ཀྱི་སྙིང་བོར་འཛིན། །
སྙིང་བོ་རིན་ཐང་བྲལ་བ་འདི་ཡོད་པས། །
སྙིང་བོ་མེད་པའི་རིགས་ལས་དུས་ཀུན་རྒྱལ། །
རིགས་ཀྱི་སྙིང་བཅུད་བཅུ་ཕྲག་རིག་པའི་གནས། །
རིགས་ཀྱི་བླ་སྲོག་སྙིང་རྗེ་ཆོས་ལུགས་ཡིན། །
རིགས་ངན་ཀླ་ཀློས་སྣུབ་པར་རྩོམ་ན་ཡང་། །
རིགས་རུས་རྒྱན་དང་ལྷན་དུ་སྲིད་མཐར་གནས། །

འབྲེལ་ཡོད་འོས་སྦྱོར།