“ཨ་ཞང་ཆུང་བ”དང་ཁོའི་དགེ་ཕྲུག་ཚོ།
རྩོམ་པ་པོ།:དབུ་ལེ་དབང་རྒྱལ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-10-23
ཀློག་གྲངས།:
ངའི་ཨ་མར་མིང་བོ་གསུམ་དང་སྲིང་མོ་བཞི་ཡོད་ལ། ཁོ་ཚོ་མིང་སྲིང་བརྒྱད་པོ་ལས་མོ་རང་མ་མགོའི་ནང་གི་སྐྱེ་མགོ་ཞེས་པ་དེ་ཡིན། དེ་ལས་མོའི་མིང་བོ་ཆེ་བ་དང་འབྲིང་བ་ནི་ཁྱིམ་གྱི་འཁོས་ཀ་འཛིན་པའི་གྲོང་པ་དང་། མིང་བོ་ཐ་ཆུང་ནི་སྒོ་གསུམ་གྱི་ཀུན་སྤྱོད་ཞི་དུལ་གྱིས་བརྒྱན་པའི་རབ་བྱུང་ངུར་སྨྲིག་འཛིན་པ་ཞིག་ཡིན། སྐྱ་སེར་གྱི་ཁྱད་པར་གྱིས། ངའི་བག་ཉལ་གྱི་འདུ་ཤེས་སུ་ང་ལ་ཨ་ཞང་གཉིས་ལས་མེད་པའི་སྣང་བ་ཞིག་གིས་སྐོར་བ་དཀྲིས་གསུམ་བརྒྱབ་འདུག དེ་ལ་ཅི་ཁག་སྟེ། རྟག་པར་ངས་ཨ་མའི་མིང་བོ་ཐ་ཆུང་ལ་ཨ་ཞང་རྒན་གཞོན་གཉི་ག་འབོད་འབོད་ལྟར་ཨ་ཞང་ཞེས་འབོད་ཀྱི་མེད་པར། གཉེན་ཚན་བགྲེས་གཞོན་ཀུན་པོའི་རྗེས་ལ་འབྲངས་ཏེ་ཨ་ཀ①ཞེས་འབོད་ཀྱིན་པ་མིན་ནམ། དེ་ཡང་། འཁོར་བའི་ཕུན་ཚོགས་ཀྱི་བདེ་བར་བློ་རྒྱབ་ཀྱིས་ཕྱོགས་ཏེ། རབ་བྱུང་གི་སྡོམ་པ་བཞེས་མཁན་གྱི་བླ་མ་གྲྭ་བཙུན་ཞིག་ཡིན་ཕྱིན། དེ་ལ་ད་དུང་འཇིག་རྟེན་འཁོར་བའི་ཞེན་ཆགས་ཀྱི་གཡའ་གོན་པའི་ཉེ་དུ་རྩ་ལག་གི་འབོད་སྟངས་ལྟར་བོས་ན་བརྒྱ་སྡེ་ལ་བཞད་གད་ཀྱི་དགའ་སྟོན་བཤམས་པ་ལས་གཞན་ཅི། ཡུལ་གཞན་ལ་ཅི་ཆ་བདག་མ་འཚལ་ཏེ། གང་ལྟར་ང་ཚོའི་ལུང་པར་དེ་ལྟའོ། །འདིར་ཨ་ཞང་ཞེས་པའི་བརྡ་ཡིས་མདུན་བསུས་ཏེ་འབྲི་དོན་ནི་འཁོར་བའི་བསླུ་བྲིད་ཀྱི་དབང་དུ་སོང་བའམ། ཡང་ན། ཤ་རུས་པའི་ཞེན་འཛིན་བློས་མ་ཐོངས་པ། དེ་བས་ཀྱང་རང་གིས་ནམ་རྒྱུན་ཨ་ཀ་ཞེས་འབོད་ཀྱིན་པ་དེའང་དོན་གྱིས་རང་གི་ཨ་ཞང་ཡིན་པ་རང་ལ་གསལ་འདེབས་ཤིག་བྱས་པ་ཡིན་ཞེ་ནའང་མི་ཆོག་པ་མེད། རབ་ཡིན་ན་ངའི་འབོད་སྟངས་བརླང་པོ་འདི་ལ་ཁྱོད་ཚོས་ལད་ཟློས་མ་བྱེད། དེ་ནི་ངག་གི་མ་གུས་པའི་ལྟུང་བྱེད་དུ་འགྲོ་ཡང་སྲིད། བར་སྐབས་འདིར། ངས་དེའི་སྐོར་གྱི་རྒྱུ་འབྲས་བསྣོགས་ཏེ་རྣ་རྒྱབ་ཀྱི་ལྷགས་པར་བཏང་ཡོད།
འབོད་སྲོལ་དེ་འདྲ་ཞིག་མེད་བཞིན་དུ་དེ་ལྟར་བོས་ན། ཁྱེད་ཡ་ཆུང་ཁོག་ན་མདའ་འཕེན་ས་དང་། མ་ཆུང་ཁོག་ན་རྟ་རྒྱུག་ས་ཡོད་པའི་བློ་ཁོག་རྒྱ་ཅན་གྱི་ཀློག་པ་པོ་ཚོས་དེ་ལྟར་འབོད་མི་རུང་དང་འབོད་མི་འོས་ཀྱི་སྐད་ཆ་མི་གསུང་བར་མཁྱེན་ལ། ལྷག་པར་འགྲམ་ཤ་ཐད་ཀྱིས་བརྒྱངས་ཏེ་ཧབ་དགོད་འཕྱ་དགོད་ཅིག་མི་བྱེད་པར་མཁྱེན་ཞེས་ཀྱང་ཞུ། ཞོལ་ནས་ངས་མངོན་སུམ་འཛེམ་མེད་ཀྱིས་ཨ་ཞང་ཆུང་བ་ཞེས་པའི་འབོད་མིང་འདི་སྤྱོད་རྒྱུ་ཡིན།
ཨ་ཞང་ཆུང་བ་དུས་ག་ཙམ་ཞིག་ལ་དམ་པའི་ཆོས་སྒོར་ཞུགས་པ་ང་ལ་སྐད་ཆ་གསལ་པོ་ཞིག་བཤད་རྒྱུ་མེད་ལ། ཆེད་དུ་དེའི་སྐོར་དྲིས་ཀྱང་མ་མྱོང་། ཁོང་དང་ལབ་གླེང་སྣ་ཚོགས་ཀྱི་ཁྲོད་ནས་ང་ལ་བག་ཆགས་ཏིལ་འབྲུ་ཙམ་ཞིག་ཡོད་པ་ནི། ཁོ་རང་སློབ་ཆུང་ལ་ཞུགས་ནས་ཀ་ངོ་ཡིག་ངོ་ཆོད་མ་ཆོད་ཙམ་ཞིག་ནས་གྲྭ་བ་བྱས་པ་དེ་རེད། དེ་དུས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་སླར་གསོ་བྱས་ཏེ། ཆོས་སྒོ་བསྐྱར་དུ་ཕྱེ་ནས་ཅང་མ་འགོར་བ་ཡིན་པས། གྲྭ་རྒྱུན་སྐྱོང་བར་ལྷ་སྡེ་རེ་རེ་ནས་བུ་ཕྲུག་རྣམས་དགོན་པར་གྲྭ་བ་བྱེད་དུ་འཁྲིད་ཀྱིན་འདུག་ཟེར་ལ། ཁྱིམ་ཚང་ཁ་ཤས་ནས་མ་བསྐུལ་དང་བླངས་ཀྱིས་རང་གི་བུ་ཕྲུག་དགོན་པར་སྐྱེལ་བཞིན་སྐད། ངའི་ཨ་ཞང་ནི་ཁོང་གི་ཕ་མ་དྲིན་ཆེན་གཉིས་ཀྱིས་བཟློག་མེད་ཀྱི་དད་སྟོབས་ཆེན་པོ་ཞིག་གིས་དགོན་པར་ཕུལ་བ་དེའི་སྐོར་ཡིན་པ་འདྲ། ང་ཚོའི་ཡུལ་སྐད་ལྟར་བཤད་ན་དེ་ནི་ཧ་ཅང་ཆོད་ཆེ་བའི་གདམ་ག་ཞིག་རེད། ངའི་ཨ་ཞང་ཆུང་བ་དེ་ལྟར་ཁོའི་ཕ་མ་གཉིས་ཀྱིས་མ་བགྲོས་གཅིག་མཐུན་དང་ཁ་འཆམ་གྲོས་འགྲིག་གིས་དགོན་པར་དཀར་ཐིགས་ལ་ཕུལ་སོང་། ཁོ་རང་འཐད་མིན་ནི་སྐབས་དེར་དོན་དག་ཅིག་ཡིན་མི་སྲིད།
ལོ་ཟླའི་གཙང་ཆབ་སྔོན་མོའི་རྒྱུན་སྐད་ཅིག་ཙམ་ལའང་མི་སྡོད་པར་རྒྱང་ནས་རྒྱང་དུ་བཞུད་པ་དང་། དང་པོ་གཟུགས་བཟང་གི་ལང་ཚོ་དང་ཡུལ་ཅན་གྱི་ཤེས་པ་དེ་ཡང་མི་རྟག་འཇིག་པའི་ཆོས་ཀྱི་ངོ་བོ་བསྟན་ནས་མར་ནས་མར་ལ་འགྲིབ་བྱུང་ལ། ཁ་སང་ཕན་ཆད་ཀྱི་དོན་དག་མང་པོ་ཞིག་བྱེ་ངོས་ལ་ཕབ་པའི་རི་མོ་དང་། གཉིད་ཐུན་གཅིག་གི་རྨི་ལམ་ནང་བཞིན་བག་ཆགས་བན་བུན་ཙམ་ལས་མི་འདུག ཡིད་འཛིན་ཉིན་རེ་ནས་ཉིན་རེར་ཉམས་ཀྱིན་པ་ནི་ང་ཚོ་མི་ཐམས་ཅད་ཀྱི་ཐུན་མོང་གི་སྤྱི་ཆོས་ཤིག་ཏུ་གྲུབ་པས། ངས་ཀྱང་དེ་ལ་འཁང་ར་དང་དང་དོད་ཆེར་བྱེད་མི་འདོད་ལ། བྱས་ཀྱང་ཕན་ཐོགས་པ་ཞིག་ག་ལ་ཡིན། འོན་ཀྱང་། ཕངས་སེམས་ཤིག་ཀྱང་ཐོལ་ཐོལ་ལ་མི་སྐྱེས་པའི་ངེས་པའང་མི་འདུག ངས་ད་ལྟ་རང་ཉིད་ཀྱི་བྱིས་དུས་ལ་བསམ་བློ་ཞིག་བཏང་ན། ཨ་ཞང་དང་མཉམ་དུ་དགོན་པར་སོང་བའི་དོན་དག་ཅིག་ཡིད་ན་སྨུག་གིས་དཀྲིས་པའི་རི་བྱད་ལ་རྒྱང་ལྟ་བྱེད་པ་ལྟར་གསལ་ལ་མི་གསལ་བ་ཞིག་འདུག་ལ། དེ་ནི་ཕལ་ཆེར་ང་རང་སློབ་གྲྭར་མ་ཞུགས་པའི་ཡར་སྔོན་གྱི“རང་དབང་གི་དུས་སྐབས”ཤིག་ཡིན་ལས་ཆེ། སྐབས་དེ་དུས། ང་རང་ཨ་ཞང་ཆུང་བ་དང་ལྷན་དུ་དགའ་ཡ་ལེར་དགོན་པར་ཕྱིན་ཅིང་། ཁོང་གི་ཤག་ཏུ་སྔ་དྲོ་ཞིག་གི་རིང་ལའང་མ་བསྡད་པར། ཅི་ཡིན་འདི་ཡིན་མེད་པར་ངུས་པ་དེ་རེད། དེ་དུས་ང་ཅིའི་ཕྱིར་ངུས་དོན་ད་ནི་སེམས་ན་མེད་པས། རང་སེམས་ལ་གཏིང་འདྲིའི་ངལ་བ་མི་བསྟེན་པར་བྱ། ད་ལྟ་ཕྱིར་འདང་བརྒྱབ་སྟེ་ཚོད་བགམ་བྱས་ན། དེ་ནི་ཧ་ལམ་ང་རང་འདུ་འཛིས་དབེན་པའི་གྲྭ་སའི་ལྷིང་འཇགས་དེར་མ་གོམས་པའམ། ང་ཚོ་མི་རྣམས་ལ་མ་གཞི་ནས་ལྷིང་འཇགས་ལ་ཞེད་པའི་གཉུག་གཤིས་ཤིག་རྒྱུད་ན་ཡོད་པ་དེའི་རྐྱེན་མིན་འགྲོ། ཉིན་དེར་ང་རང་དེ་ལྟར་དོན་མེད་ལ་ངུས་པས་སྐབས་དེར་ད་དུང་བན་ཕྲུག་སྐྱ་རིལ་ཡིན་པའི་ཨ་ཞང་ཡང་བློང་བློང་བོར་བཏང་བ་འདྲ། ཁོ་རང་ཁྲོ་རྒྱལ་རྟ་མགྲིན་དམར་པོའི་སྐུའི་རྣམ་འགྱུར་གྱིས་ཞལ་གནག་སྟེ་ང་ལ་གཤེ་གཤེ་བཏང་བ་དེ་རྡོ་ཐོག་ཕུར་བར་སོང་ལ། རྗེས་ལ་ཁོང་གིས་ངའི་ངུ་ཁ་རགས་ཁ་ཤོར་བ་ལྟར་མ་ཆོད་ཅིང་། མིག་ཆུ་ཕྲེང་ཐག་ཆད་པ་ལྟར་འཐོར་བ་མཐོང་བས། ངའི་ཁ་བྲག་ཁུང་ལྟ་བུ་དེའི་ཁ་ཀ་ར་བུ་རམ་ཞིག་གིས་བསུབས། ཀ་ར་བུ་རམ་དེའི་བྲོ་བ་ནི་ངས་ད་ལྟའང་བརྗེད་རྒྱུ་མི་འདུག་ལ། སེམས་ལ་དྲན་ཐེངས་རེར་ཁ་ལ་མཆིལ་མ་འཁོར་འོང་གི་འདུག ད་ལྟ་བསམས་ན་ང་རང་ཉིན་དེར་ངུས་པ་ནི་ངུ་རི་བ་ཞིག་རེད། དེ་དུས་ཀྱི་ཀ་ར་ཞིམ་པོ་དེ་འདྲའི་ཁ་བསོད་ད་ནི་ཡོད་རེ་སྐན། ཁ་དོག་ཉིད་ལས་བྲོ་བ་ཤེས་ཞེས་པའི་བལ་བོའི་སེའུ་ཞེས་པའང་དེ་འདྲ་ཞིག་ཨེ་ཡིན་བསམས་ཡོང་། ཀ་ར་དེ་ཞིམ་དྲགས་པས་སྐབས་དེར་ངའི་ངུ་ཁ་དུམ་སེར་བཅད་ཡོད་ཀྱང་སྲིད། ད་ནི་ཡིད་ན་མི་འདུག ང་ཚོ་མི་ལ་མཚོན་ན་ཡིད་ནས་ཆེས་བརྗེད་དཀའ་བ་ནི་སོ་སོའི་ཀླད་ཆེན་གྱི་དབང་རྩར་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་དངོས་པོ་དེ་ཡིན་ལ། དེ་བཞིན་དུ་ཤུགས་རྐྱེན་ཐེབས་ཤུགས་ཇི་ལྟར་ཆེ་ན་དེ་ལྟར་བརྗེད་དཀའ་བ་དང་། ཤུགས་རྐྱེན་ཐེབས་ཡུན་ཇི་ལྟར་རིང་ན་དེ་ལྟར་ཡིད་ལ་འཛིན་ཡུན་རིང་ཞིང་། ཤུགས་རྐྱེན་ཐེབས་དུས་སེམས་རྣལ་ལ་ཕབ་སྟེ་ཚོར་བ་མྱངས་ན་དུས་དང་རྣམ་པ་ཀུན་ཏུ་དྲན་འཛིན་གྱི་དབུས་སུ་གསལ་ལེར་འདུག་པ་ལྟར། ང་ལ་དེའི་སྐོར་གྱི་དྲན་པ་ཅུང་གསལ་དོན་ཡང་ཀ་ར་དེའི་བྲོ་བའི་བསླུ་བྲིད་ཀྱི་དབང་གིས་མིན་འགྲོ་བསམས། ད་ལྟ་བསམ་བློ་ཞིག་བཏང་ན། ཨ་ཞང་ཆུང་བ་ཁོ་རང་སྐབས་དེ་དུས་བན་ཕྲུག་ཅིག་ཡིན་པས། ཁོ་རང་ཡང་དགོན་པ་དང་གྲྭ་རྐྱང་གི་འཚོ་བར་མ་གོམས་པའམ། ཡང་ན་དགོན་པ་ནས་སུན་སྣང་སེལ་ཆེད་ང་རང་ཁོའི་རྩེད་གྲོགས་སུ་ཁྲིད་པ་ཡིན་རྒྱུ་རེད་བསམས་ལ། ཡང་མིན་ན། ང་རང་ཨ་གསར་ཚ་པོས་ཁོའི་ཕྱི་ལ་རྔ་མ་ལྟར་དེད་དེ་སོང་བ་ཡིན་ཡང་སྲིད། ད་ཅི་ཡིན་ན་ཡིན་དུ་ཆུགས་ཀྱང་། གང་ལྟར། ཉིན་དེར་ང་རང་དགོན་པར་བསླེབས་པ་ནས་ངས་ཁོ་ལ་འདུག་རོགས་ཀྱི་གོ་མ་ཆོད་པ་ནི་དོན་དངོས་ཡིན། ངས་ད་ལྟ་ཁོ་ལ་སྐབས་དེ་དུས་ཀྱི་སྐྱིན་ཚབ་དེ་འཇལ་བསམས་ཀྱང་དེ་ནི་བོང་བུ་སྔོན་དང་ས་ཐལ་རྗེས་ཞེས་པ་ལས་མ་འདས་པས་གཡུགས་ཤོག
དོན་དག་དེར་ཕྱིར་དྲན་བྱེད་ཞོར་བགྲང་བྱ་མང་པོ་ཞིག་ཀྱང་ཤེས་མེད་དུ་འདས་སོང་བ་ངང་གིས་ཡིད་ལ་འཁོར་འོང་། ངའི་ཨ་ཞང་ཆུང་བ་ད་ནི་ཕོ་ལོ་ལྔ་བཅུར་གོམ་པ་གང་དོ་ཞིག་གིས་མ་སླེབས་པ་ཙམ་ཡིན། ཡིན་ནའང་། ད་ལྟ་ངས་ཁོང་ལ་གོང་དུ་བཤད་པ་ལྟ་བུའི་སེམས་ཁུར་ལྷག་མ་དེའི་རིགས་ནི་བྱེད་མི་དགོས། གང་ཡིན་ཞེ་ན། ད་ལྟ་ཁོའི་དགེ་ཕྲུག་ནི་ཁོའི་མིང་སྲིང་ལས་ཀྱང་མང་ལ། ཁོ་རང་ལོ་ཆེ་ཆུང་དང་གཟུགས་རགས་ཞིབ་མི་སྙོམ་པའི་དགེ་ཕྲུག་བཅུ་གསུམ་གྱིས་མཐའ་ནས་བསྐོར་ཡོད་ལ། ཁོ་རང་བརྩིས་ན་ཁོའི་ཤག་ལ་གྲྭ་བ་བདུན་པ་གཉིས་ཡོད། དགེ་ཕྲུག་དེ་དག་ལས་ཁ་ཅིག་ནི་ཁོའི་ཚ་བོ་དང་། ཁ་ཅིག་ནི་ཁོའི་ཡང་ཚ་ཡིན། དེ་ལྟར་ཁོ་ཚོ་མི་རབས་གསུམ་མཉམ་དུ་བསྡད་ཡོད་ལ། ཡང་ཁ་ཅིག་ནི་ཁོ་དང་ཤ་ཁྲག་གི་འབྲེལ་བ་སྤུ་ཙམ་མེད་པ་དང་། ཐ་ན་ཤ་རུས་གདུང་རྒྱུད་མི་གཅིག་པ་སོགས་ཀྱང་ཡོད་པས། ཁོང་ཚོའི་ཤག་ནི་མི་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན་ཞེས་ཀྱང་བཤད་ཆོག ཨ་ཞང་ཆུང་བའི་དགེ་ཕྲུག་རེ་རེའི་རྒྱབ་ན་སྒྲུང་རབས་རེ་ཡོད་ལ། ཁོ་ཚོའི་སྒྲུང་ནི་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ལས་ཀྱང་མཚར་ཉམས་ཆེ་ཞིང་འགུག་ཤུགས་ལྡན། ཁོའི་དགེ་ཕྲུག་ལས་ཁ་ཤས་ཤིག་རབ་ཏུ་མ་བྱུང་བའི་ཡར་སྔོན་ལ་མ་རབས་ཀྱིས་མིང་ཡོད་མཁན་དང་ན་བསྲན་གྱིས་རྩྭ་ཟ་མཁན་ཏག་ཏག་ཡིན་ལ། དེ་འདྲའི་བྱིས་པ་མི་བསྲུན་པ་མང་པོ་ཞིག་ཁ་ལོ་བཏུལ་ཏེ་གཡུང་ལ་ཕབ་ནས་ལམ་ལ་བཅུག་ཡོད། དེ་ལ་ང་ཚོའི་སྡེ་ལུང་དོག་མོ་དེར།
དགེ་ཕྲུག་ཚོའི་ཕ་མ་མ་ཟད་པའི་ཨ་ཞང་ཆུང་བ་ཁོ་རང་གི་དགེ་གྲོགས་ཚོས་ཀྱང་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད་ལ། ཐལ་སྦྱར་རྗེས་སུ་ཡི་རང་ཞུ་ཡུལ་ཉག་གཅིག་ཏུ་གྱུར་ཡོད། དེ་ནི་ཧ་ལམ་ཨ་ཞང་ཆུང་བ་ཁོང་དང་ལས་ཀྱི་མདུད་པ་ཐེབས་ཕྱིན། ཁོས་དགེ་ཕྲུག་ཚོ་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་ཏེ། བུ་སློབ་བུར་འཛིན་གྱི་ཐུགས་སྟོབས་ཀྱིས་ཕྱོགས་ཞེན་རིས་གཅོད་མེད་པ་དང་། དགའ་མོས་ཁྱེར་ཕྱོགས་མི་གཅིག་པའི་དགེ་ཕྲུག་ཚོའི་ཁམས་དབང་རྒྱུད་ཚོད་ལེན་ཤེས་པའི་བཀའ་དྲིན་ཅི་ལ་མིན། ཇི་སྐད་དུ། བླ་མ་གདུལ་བྱ་སྐྱོང་ཤེས་པ་ཞིག་དང་སློབ་མ་དད་བརྩོན་ལྡན་པ་ཞིག་མཉམ་དུ་འཛོམས་ན་ཚེ་འདིར་སངས་རྒྱས་རྒྱུའང་མི་དཀའ་རབས་བཤད་པ་ལྟར། ཁོའི་དགེ་ཕྲུག་ཚོས་གནས་འདུ་འཛི་མེད་པའི་དབེན་པ་བསྟེན་ཏེ། རྒྱུད་ཆོས་བཞིན་འདུལ་བ་སྙིང་ལ་འཆང་བཞིན། གུས་སྦྱོར་བརྩོན་པའི་གོ་ཆ་རབ་ཏུ་བགོས་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་བཅས་པར་རྡོ་རུས་ཐུག་པར་ཐོས་བསམ་མཐར་ཆགས་སུ་བགྱིད་མུས་ཡོད་ལ། དེ་ལས་དགེ་ཕྲུག་རེ་འགའ་ནི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ཀྱི་སྲས་པོར་ཡང་གྱུར་ཡོད།
ཁོའི་དགེ་ཕྲུག་ཚོའི་ལག་ཟས་གཅིག་པུ་བཤད་ནའང་། མ་སྲུ་བྱང་མར་གྲགས་པ་རྣམས་ལ་ངོ་མཚང་འདྲི་བའི་གནས་ཡིན་ལ། དགེ་ཕྲུག་ཆུང་ཆུང་མཐེབ་ཕྲུག་འདྲ་འདྲ་ཞིག་ཡིན་ནའང་། ཆུ་ལེན་གོས་འཁྲུད་དང་། མེ་འབུད་ཇ་སྐོལ། ཁ་ཟས་གཡོས་སྦྱོར་ལ་སོགས་པའི་ནང་ལས་ཅི་རིགས་ལ་རང་མགོ་མི་ཐོན་པ་གཅིག་ཀྱང་མེད། ཁོ་ཚོ་ལོ་དང་ཤེད་ཀྱི་ཆེ་ཆུང་ལྟར་ལས་བགོས་ཀྱི་ཚགས་ཞིབ་ལ། ཆེ་བས་ཆུང་བ་བརྒྱུད་རོགས་ཁྲིད་གསུམ་གྱིས་དུས་འདའ་ཞིང་མཆིས། ཨ་ཞང་ཆུང་བས་དགེ་ཕྲུག་ཚོའི་ཕ་མ་དག་གིས་སོ་སོའི་བུ་ཕྲུག་ལ་སྐོར་རྒྱག་ཐེངས་མང་ན་སློབ་སྦྱོང་ལ་བར་ཆད་ཡོང་བར་དོགས་ཏེ་ཁྱིམ་བདག་དང་དགེ་ཕྲུག་ཚོ་ལ་སྒྲིག་ལམ་ནན་པོ་ཞིག་ཀྱང་བཅས་ཡོད་རབས་བཤད་དེ། དེ་ནི་ལོ་རེའི་དུས་ཚིགས་རེའི་ནང་དུ་ཐེངས་གཅིག་ལ་མ་གཏོགས་ཁྱིམ་བདག་རྣམས་དགོན་པར་སྐོར་རྒྱག་ཏུ་ཡོང་མི་ཆོག་པ་དང་། དངོས་གནས་ཁྱིམ་དུ་དོན་དག་གལ་ཆེན་འདྲ་ཡོད་ཚེ་ཡང་སྔ་བ་སྔོན་མར་ཁོང་ལ་ཁ་པར་བཏང་སྟེ་དགོངས་པ་ཞུ་དགོས་ཟེར། ཤ་ཚ་བའི་ཚིག་ལ་སྙན་མོ་མེད་པའི་དཔེ་ལྟར། གལ་སྲིད་སྒྲིག་དེ་དང་འགལ་ཏེ་རང་སྣང་གར་ཤར་བྱས་ན་ཨ་ཞང་ཆུང་བའི་བཀའ་བཀྱོན་དྲག་པོ་ཉོ་བ་ནི་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ཐམས་ཅད་ནི་ཨ་ཞང་ཆུང་བའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་པའི་ཐོག་མའི་དམ་བཅའ་དེ་ཡིན་ལ། དགེ་ཕྲུག་ཚོ་གྲྭ་ས་ནས་སེམས་བརྟན་རྒྱུ་དང་རྐང་ཚུགས་རྒྱུའི་ཆེད་དང་། ཤེས་པ་རྣལ་དུ་ཕབ་སྟེ་བསླབ་པར་བྱ་བའི་གནས་ལ་བྱས་པ་ཆུད་མི་ཟ་བའི་དོན་དུ་ཅི་ལ་མིན། དེའི་སྐོར་ནས་ཕ་མ་ཚོས་ཀྱང་རྒན་ཟེར་ཁ་ལ་མ་ཉན་ན་གཞོན་ཟེར་རླུང་ལ་ཁྱེར་བར་དོགས་ཏེ་བུ་ཕྲུག་དྲན་པའི་གདུང་བ་ཁོག་ལ་བཅུག་ནས“གཉོམ་ཆུང་འདུག་ཤེས”ཀྱི་རྣམ་ཐར་བསྐྱངས་ཏེ་ཨ་ཞང་ཆུང་བར་བསམ་བློ་གཏོང་ཤེས་བྱེད་བཞིན་མཆིས་ཟེར།
གོ་ཐོས་ལ། སྔོན་གྱི་བག་ཆགས་སད་པས་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ལྡན་པའི་ཕ་མ་མང་པོ་ཞིག་གིས་རང་གི་བུ་ཕྲུག་ཨ་ཞང་ཆུང་བའི་སར་དགེ་ཕྲུག་ལ་འཇུག་རྒྱུ་ཟེར་མཁན་ལོ་རེ་བཞིན་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཐོར་ཏེ་འོང་གི་འདུག་ཟེར་ལ། དེ་ནི་རི་ཁུག་གི་ཕ་ས་གོར་མོ་འདིའི་པང་ན་དགེ་བཅུའི་ཡོན་ཏན་མཐའ་དག་ཡོངས་སུ་ཚང་ཞིང་། བཀྲ་ཤིས་རྟགས་མཚན་གྱི་རི་མོས་ཉེ་བར་མཛེས་པའི་དགོན་པ་ཆུང་ཆུང་དེ་ཉིད་ཀྱང་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་བཀྲ་ཤིས་པའི་མཚན་མ་ཞིག་ཅི་ལ་མིན། དེ་ལ་ངས་ནི་རང་གི་ཕ་ཡུལ་གཡང་ས་སྐྱིད་ཀྱི་ཞིང་ཁམས་དེ་ཉིད་ཇི་སྲིད་ཉི་ཟླ་གནས་ཀྱི་བར་དུ་མ་བགོས་སྤྱི་ལ་བཞག་པའི་བསོད་ནམས་ཀྱི་ཞིང་མཆོག་ཅིག་ཏུ་འགྱུར་བའི་སྨོན་འདུན་ཞིག་སེམས་ཁོང་རུས་པའི་གཏིང་ནས་ཞུ་སྙིང་འདོད་བྱུང་། །

འབྲེལ་ཡོད་འོས་སྦྱོར།