2023ལོའི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་བརྗེད་ཐོ།
རྩོམ་པ་པོ།:སྒྲོལ་མ་ཚེ་བརྟན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-02-07
ཀློག་གྲངས།:
ལོ་གཅིག་འདི་ལྟར་ཁ་བ་ལྟར་ཞུ་སྟེ་གཙང་བོ་བཞིན་བཞུར་སོང་། སེམས་ཚེགས་རིགས་ཤིག་ཆབ་རོམ་ལྟར་འཁེངས་པར་གྱུར། བལྟོས་འཇོག་གིས་བོད་རྩོམ་གྱི་སྡེ་ན་འཛམ་གླིང་རྩོམ་རིག་གྲགས་ཆེན་སྒྱུར་མཁན་དང་། དེ་ལ་ཐོས་བསམ་རྣལ་མར་འཇུག་མཁན་ཅུང་ཇེ་མང་དུ་འགྲོ་བཞིན་པ་ལྟ་བུར་སྣང་ཡང་། སྔར་བཞིན་ཀུན་དགའ་ལགས་ཀྱིས་མཛད་པའི«ནུབ་ཕྱོགས་དེང་རབས་རྩོམ་རིག་གི་དྲིས་ལན་ལྔ་བརྒྱ་བ»དང་། ལྷག་པ་ཆོས་འཕེལ་གྱིས་སྒྱུར་སྒྲིག་བྱས་པའི«འཛམ་གླིང་རྩོམ་རིག»དེ་མིན་རྒྱ་འགྱུར་གྱི་རྩོམ་གཞུང་དང་། རྩོམ་དཔྱད་ཁག་ཅིག གྲགས་རྩོམ་འབའ་ཞིག་ལས། བོད་རྩོམ་སྤྱིིའི་གནས་སྟངས་བག་ལ་ཞ་བའི་སེམས་ཁམས་ཤིག་གི་ཁྲོད་ན་ལུས་ཡོད་པའི་ཉམས་སྣང་བྱུང་། དྲ་རྒྱའི་རླབས་རྒྱུན་དང་འགྲོགས་ཏེ། སྙན་ངག་པ་ངལ་རྫི་དང་། ན་རོ། རྨོག་རུ་དོན་གྲུབ་ཚེ་རིང་། ར་ས་བསྟན་འཛིན་ཆོས་གྲགས། སྐྱབས་ཆེན་བདེ་གྲོལ། སྒར་བ་ཚེ་བཀྲ་སོགས་ནས་སོ་སོའི་གསར་རྩོམ་དང་འབྲེལ། དྲ་ནང་འཆད་ཁྲིད་ཀྱིས་བོད་རྩོམ་དངོས་ལ་གཤིབ་བསྡུར་ཉམས་ཞིབ་མཛད་པས། སླར་ཡང་བོད་རྩོམ་གྱི་སྡིངས་ཆར་འཁྲུག་ཆ་དོད་པོའི་ངང་སྐུལ་ཐུབ་པའང་བྱུང་། དེ་ལྟར། རང་ཉིད་ཀློག་པ་པོ་ཞིག་ཡིན་པ་ལས་གཞན་ཅི་ཡང་མ་ཡིན་པའི་འདུ་ཤེས་ཀྱི་ངོས་ནས་ལངས་ཏེ། ཁ་ནང་བལྟས་ཀྱི་ཤེས་པས་ཉམས་སུ་མྱོང་བ་གཞིར་བཅས། བོད་ཀྱི་རྩོམ་རིག་སྐོར་གྱི་ལས་འགུལ་དག་བྱེ་བྲག་ངང་ཟུར་དུ་བཏོན་ནས་དབྱུང་བ་ལ།
སྒྲུང་གཏམ་གྱི་ཆ་ནས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས་ཤིང་། ལོ་རེར་ཐེངས་རེ་སྟེ་བསྡོམས་པས་སྐབས་ལྔར་སྤེལ་ཟིན་གྱི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ལས་བྱ་དགའ་རེག་པའི་བརྩམས་ཆོས་སུམ་ཅུས་གྲུབ་པའི«ང་རང་བྱིས་པ་ཡིན་དུས»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་ཀློག་པ་པོའི་སྤྱན་སྔར་བཀྲམ། འདི་ལས་བརྩམས་སྒྲུང་གི་རླབས་རྒྱུན་གྱི་ངོས་ཤིག་མཐོང་ཐུབ་ལ། གསར་སྐྱེས་རྩོམ་པ་པོ་སྔོག་འདོན་གྱི་དོན་སྙིང་ཆེ།
སྒར་བ་ཚེ་བཀྲའི་སྒྲུང་ཐུང་དེབ«སྦས་ཡུལ»ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས་སུ་བཀོད་པའི་དེབ་འཕྲིན་དེར་ཉིན་གཅིག་ནང་ཀློག་གྲངས་ཁྲི་ཕྲག་གཅིག་ལས་བརྒལ་བས། རྒྱ་ཆེའི་ཀློག་པ་པོ་ནས་དགའ་བསུ་དང་གདེང་འཇོག་ཚད་མེད་ཐོབ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ། ཨེ་ཕུར་བཀྲའི་སྒྲུང་དེབ«སྐྲ་གཞུག་དམར་པོ»དང་། རིག་ལྡན་རྒྱ་མཚོའི་སྒྲུང་རྩོམ་དེབ་བཞི་སྟེ། «ཕོ་རོག་དཀར་པོ»དང«བང་སོ་བསླངས་པའི་མི» «སྐད་ཆ་བཤད་ཤེས་པའི་བྱ་ཕོ» «ཁྱོད་སུ་ཡིན»བཅས་དང་། གཞན་རྟོག་བཏགས་བརྩམས་སྒྲུང«རྡོ་ཁོག་གི་མེ་ཏོག»ཅེས་པ། རྩོམ་པ་པོ་གྲགས་ཅན་བསམ་ཤོད་པ་དཀོན་ཅོག་ཡོན་ཏན་གྱི་སྒྲུང་རིང་དེབ«འཁོར་བའི་ཉི་མ» བློ་བཟང་ཀུན་མཁྱེན་གྱི་བརྩམས་སྒྲུང་ཐུང་གྲས་ཕྱོགས་སྒྲིག་དེབ«ཡིད་ཀྱི་རླུང་རྟ་ཁྲ་བོ»ཞེས་པ་དང་། ཤར་ཚའི་སྒྲུང་ཐུང་བདམས་བསྒྲིགས«གཟི་མིག་དགུ་པ»ཞེས་པ་བཅས་འདུག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ། ཨེ་ཕུར་བཀྲའི་བརྩམས་སྒྲུང་ཐུང་གྲས་གཅེས་བཏུས་དེབ«ཉིན་གཅིག་གི་མེ་ལོང»ཞེས་པ་དང་། གུར་རོག་རྣམ་རྒྱལ་ཚེ་དབང་གིས་བརྩམས་པའི་སྒྲུང་རིང«ཟླ་བ་ཟུར་ཆད»ཅེས་པ་དང་། དགའ་ཆེན་པ་རྡོ་རྗེ་ཚེ་རིང་གིས་བརྩམས་པའི་སྒྲུང་འབྲིང«རི་བོའི་ཕར་རྒྱབ»སོགས་འགྲེམ་སྤེལ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ། ཀླུ་རྒྱལ་རཱ་ཏིས་བརྩམས་པའི་བར་དོ་ཐོས་གྲོལ་ཆེན་མོ་དང་སྦྱར་བའི་གློག་བརྙན་བརྩམས་སྒྲུང«ལྷ་ལྡན་གྲོང་གི་བརྩེ་བ»ཞེས་པ་དང་། བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་ཁྲིམས་འཛིན་གྱོད་དོན་མྱུལ་ཞིབ་དང་འབྲེལ་བའི་སྒྲུང་རིང་ཐོག་མ«མདུད་པ»བཅས་འགྲེམ་སྤེལ་བྱས།
སྙན་ངག་གི་ཆ་ནས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ། རྒན་གོང་ཨོ་རྒྱན་རྡོ་རྗེ་སྙན་དེབ«མཐོ་སྒང་གི་ཁ་བ»དང་། དད་སྤྲོའི་སྙན་དེབ«སེམས་ཀྱི་རྒྱབ་རི་སྨུག་པོ» ཕུན་ནོར་གྱི་སྙན་རྩོམ«གངས་དཀར་ལྷ་མོའི་བྲོ་གར» གཙང་ཚ་བསོད་བཀྲའི་སྙན་དེབ«འདོད་ཡོན»བཅས་འདུག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ། འཆི་མེད་ཀྱི་སྙན་དེབ«ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན»ཞེས་པ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་སུ་བཀོད་པའི་དེབ་འཕྲིན་དེར། ཉིན་གཅིག་ནང་ཀློག་གྲངས་ཁྲི་ཕྲག་གཅིག་ལས་བརྒལ་བས། རྒྱ་ཆེའི་ཀློག་པ་པོ་ནས་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ། ཁྲ་གླག་སྲས་ཀྱི«འཕགས་མ་སྣང་གསལ»དང་། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི«ཟླ་བའི་ལྷ་མོ» བོད་མཁར་རྐང་ཚའི་རིག་རྩལ་དཔེ་ཚོགས་ཁག་དང་པོར། བྲག་རྡོའི«འཁོར་བའི་རྟ་ཕོ»དང་། རྐང་ཚའི་ཆོས་བཟང་གི«གསེར་གྱི་ཁ་ཞག» ནོར་དཔལ་རྒྱལ་གྱི«སྐྲ་དཀར་གྱི་ཟིལ་བ»བཅས་འདུག
ལྷུག་རྩོམ་གྱི་ཆ་ནས། གངས་དབང་གི«རང་ས་རང་ཡུལ་བསྐོར་བའི་སྐྱིད་སྡུག»དེབ་གསུམ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། མགོན་པོ་བསོད་ནམས་ཀྱིས་སྒྲིག་རྩོམ་བྱས་པའི་ཆུང་འབྲིང་སློབ་མའི་སློབ་ཕྱིའི་ཀློག་དེབ་མཐོང་བ་དོན་ལྡན་ཞེས་པའི་དེབ་སྟོད་སྨད་གཉིས་ཏེ«བདེ་ཐང་རྒྱུན་ཤེས»དང་། «བླ་བྲང་ཡུལ་སྐོར»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།
བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་ལྷ་གཡང་ནོར་བུའི་ལྷུག་རྩོམ་བཏུས་དེབ་སྟེ«ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང»ཞེས་པ་དང་། རྣམ་གླིང་རིན་ཆེན་གྱི་ལྷུག་རྩོམ་དེབ་གསར«བྱེ་ཐང་གི་ཕོ་རྒོད»ཅེས་པ། རྒན་གོང་ཨོ་རྒྱན་རྡོ་རྗེའི་རིག་གནས་ལྷུག་རྩོམ་ཆེད་དེབ་ཐོག་མ«མྱུལ»ཞེས་པ། མ་མཁར་བསོད་ནམས་དབང་ཕྱུག་གིས་བརྩམས་པའི«གནས་ཆེན་ཁ་བ་དཀར་པོའི་ལམ་ཡིག་ཤེལ་དཀར་མཆོད་རྟེན»ཞེས་པ་བཅས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།
«གངས་རྒྱན་ན་ཆུང་ཚགས་པར»རྩོམ་སྒྲིག་ཁང་གིས་བསྒྲིགས་པའི«བོད་ཀྱི་ན་ཆུང་བྱིས་པའི་བློ་འབྱེད་དེབ་ཕྲེང»ཁག་གཉིས་པ་པར་འགྲེམས་བྱས་ཤིང་། དེ་རུ«སྒྲུང་ཐུང་བྱིས་པའི་ཞོ་གཉེར»དང་། «ལྷུག་རྩོམ་བྱིས་པའི་སེམས་རིས» «སྙན་ངག་བྱིས་པའི་དབྱངས་རྟ» «མིང་གྲགས་མི་སྣའི་མཚར་གཏམ» «ཁ་མཚར་བྱིས་པའི་ཁོང་འཛུམ»བཅས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
དགའ་བ་དགྲ་འདུལ་གྱིས་བརྩམས་པའི་བྱིས་སྒྲུང་རིས་དེབ་སྟེ། «ཕག་ཕྲུག་སྟོབས་རྒྱལ་གྱི་སྟ་རེ»དང་། «སྲོག་ཆགས་ཀྱིས་ཆུ་ཕུད་ལེན་པ»ཞེས་པ། «བུ་སྣ་འཛར» «གྲོག་མ་སེར་རིལ་དང་ནག་རིལ»བཅས་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
དཔྱད་བརྗོད་ཀྱི་ཆ་ནས། རིག་ཞོལ་བུ་ཆུང་གི« རྩོམ་རིག་དཔྱད་གཏམ་མེ་ཏོག་ཚོམ་བུའི་རང་མདངས»དང་། ཉང་བུ་བློ་བཟང་དཔལ་ལྡན་གྱི«བོད་ཀྱི་བརྩམས་སྒྲུང་འཕེལ་འགྱུར་གྱི་ལོ་རྒྱུས་ལ་ཆེ་ལོང་ཙམ་དཔྱད་པ»ཞེས་པ་སོགས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།
བཀྲ་བྷས་བརྩམས་པའི«སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས་ཤིང་། དེབ་འདི་རུ་རྩོམ་མཁན་ཁོང་གི་མྱོང་བ་སྲོག་ཏུ་བྱས་ཏེ་གཞུང་ལུགས་ཕྲ་རགས་མང་པོ་བསྟན་པས། སྒྲུང་གཏམ་གཞུང་ལུགས་འཛུགས་པར་ཕན་ལ། རྩོམ་མཁན་ཁོང་གི་སྒྲུང་གཏམ་ལ་འཇུག་པར་ཡང་དགེ་བ་ཆེ། མ་ཟད་ཀྱི། འདི་ལས་བོད་ཀྱི་དེང་རབས་སྒྲུང་གཏམ་སྨིན་ནས་ཡོད་པའི་རྟགས་ཤིག་ཀྱང་མཐོང་ཡོང་།
བརྩམས་ཆོས་བྱེ་བྲག་པའི་ཆ་ནས། ཉིས་སྟོང་ཉེར་གསུམ་ལོའི«བོད་ལྗོངས་ཞིབ་འཇུག»དེབ་གཉིས་པར་བཀོད་པའི་ཕུན་ཚོགས་དཔལ་འབྱོར་རམ་སྦུག་པ་བའི«བོད་ཀྱི་རྩོམ་རིག་ལས་ཡིད་གཟུགས་ཀྱི་སྐོར་ལ་དཔྱད་པ»ཞེས་པ་ལྟ་བུ་དཔེ་མཚོན་དུ་བཀྲལ་ཆོག ཉིས་སྟོང་ཉེར་གསུམ་ལོའི«ཀྲུང་གོའི་བོད་རིག་པ»དེབ་གཉིས་པར་བཀོད་པའི་ཕུན་ཚོགས་དཔལ་འབྱོར་གྱི«བོད་ཀྱི་རྩོམ་རིག་གི་ཡིད་ཡུལ་ལ་དཔྱད་པ»ཞེས་པ་ལྟ་བུ་དཔེ་མཚོན་དུ་བཀྲལ་ཆོག
ཉིས་སྟོང་ཉེར་གསུམ་ལོའི«སྦྲང་ཆར»དེབ་དང་པོར་འཁོད་ཡོད་པའི་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་དཔྱད་པའི«ལང་ཚོའི་སྟོབས་ཤུགས་དང་མི་ཚེའི་སྐྱོ་གར»ཞེས་པ་དང་། དེབ་གཉིས་པར་འཁོད་ཡོད་པའི་ཅོ་ནེ་ཡུམ་ཚེ་རིང་གིས་དཔྱད་པའི«བོད་ཀྱི་སྲོལ་རྒྱུན་རབ་རྟོག་སྒྲུང་གཏམ་གྱི་སྐྱོ་གར་མཛེས་རིག་ལ་རགས་ཙམ་དཔྱད་པ»ཞེས་པ། དེབ་གསུམ་པར་འཁོད་ཡོད་པའི་བདུད་ལྷ་རྒྱལ་གྱི་དཔྱད་འབྲས་གསར་པ་སྟེ། སྒྲུང་པ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་ཐོག་མ«མེས་པོ»ལ་དཔྱད་པའི«ལོ་རྒྱུས་ཀྱི་བསྡུས་གཟུགས»ཞེས་པ་བཅས་འདུག
ཉིས་སྟོང་ཉེར་གསུམ་ལོའི«ཟླ་ཟེར»དེབ་གཉིས་པར་བཀོད་པའི«དགེ་ཆོས་དང་དོན་གྲུབ་རྒྱལ་གྱི་རྩོམ་རིག་གི་རིན་ཐང་ཞིབ་བསྡུར»ཞེས་པ་སོགས་དཔེ་མཚོན་དུ་བཀྲལ་ཆོག ཉིས་སྟོང་ཉེར་གསུམ་ལོའི་གངས་རྒྱན་མེ་ཏོག་དེབ་དང་པོར་བཀོད་པའི་མདོ་སྨད་ཧེ་རུ་ཀས་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྙན་ངག་ལ་དཔྱད་པའི«བུད་མེད་ཀྱི་ཤེས་རབ་དང་རླུང་གི་ཡིད་བརྙན། ཚེ་སྲོག་གི་ལྷུག་བརྗོད»ཅེས་པ་དང་། དེབ་གཉིས་པར་བྱང་རིགས་སྐལ་རྡོར་གྱིས་ཞི་བདེ་ཉི་མའི་སྙན་ངག«ཕུག་རོན་ཁྱུ་ཞིག»ལ་དཔྱད་པའི«ན་ཟུག་གཞན་པ་ཞིག»ཅེས་པ། དེབ་གསུམ་པར་གསའ་ནག་པོས་ན་རོའི་སྙན་ངག«བློས་བསླངས་དཀར་པོ»རགས་ཙམ་གླེང་པའི«བློས་བསླངས་ཀྱི་གོ་དོན་དང་དེའི་ཕག་གི་སྐྱོ་གར»ཞེས་པ། དེབ་བཞི་བར་སྤེན་པ་ཚེ་རིང་གི«བོད་ཀྱི་སྙན་ངག་གསར་པའི་སྒེར་ཆོས་ཅན་གྱི་ཡིད་བརྙན་འགར་ཅུང་ཙམ་དཔྱད་པ»ཞེས་པ་དང་། བནྡེ་མཁར་གྱི«བོད་ཀྱི་དེང་རབས་རྩོམ་རིག་གི་སྐད་ཀྱི་རྟེན་གཞི་དང་འབོལ་རྩོམ་གྱི་ལུས»བཅས་འདུག
བརྩམས་ཆོས་ཕྱོགས་སྒྲིག་གི་ཆ་ནས། རྟ་མགྲིན་སྐྱབས་ཀྱིས་གཙོ་སྒྲིག་བྱས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«ལྷན་འཛོམས»ཁག་གཉིས་པ་འགྲེམས་སྤེལ་བྱས་ཤིང་། དེར་འཁོད་དག་བོད་འབྲེལ་ས་ཁུལ་གྱི་ཚད་ལྡན་དུས་དེབ་སྟེང་སྤེལ་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་བརྩམས་ཆོས་ལེགས་གྲས་སོ་ལྔ་བདམས་ཏེ། སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ་བཅས་རྩོམ་ལུས་གསུམ་དུ་དགར་ནས་པར་སྐྲུན་བྱས་འདུག མ་ཟད«སྦྲང་ཆར»དུས་དེབ་གཙོས་ཚད་ལྡན་དུས་དེབ་སྟེང་སྤེལ་བའི་སྙན་རྩོམ་ལེགས་གྲས་དོན་བཞི་བདམས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཕུལ་བྱུང་སྙན་རྩོམ་བདམས་བསྒྲིགས་དེབ«དུས་རབས་ཀྱི་གླུ་སྒྲ»ཞེས་པ་པར་སྐྲུན་འགྲེམ་སྤེལ་ཐོག རྒྱ་ཆེའི་ཀློག་པ་པོ་དག་གི་གཟིགས་ངོར་བཀྲམ།
གཡུ་ཆུང་དྲུག་དཀར་དཔེ་ཚོགས་ནི་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་དཔེ་སྐྲུན་ཐད་མ་དངུལ་གྱིས་རོགས་སྐྱོར་གནང་བའི་ལས་གཞིའི་རྣམ་གྲངས་ཤིག་ཡིན་ལ། ད་རེའི་ལས་གཞིའི་ནང་སྒྲུང་དེབ་གསུམ་དང་། སྙན་དེབ་གསུམ་བཅས་ཁྱོན་དེབ་དྲུག་ཡོད་པ་སྟེ། སྒྲུང་དེབ་ལ་རིག་ལྡན་རྒྱ་མཚོའི«ཕ་རྒན་གྱི་སྐྲ་ལོ»དང་། སྟག་འབུམ་རྒྱལ་གྱི«མཐའ་མཇུག་གི་སྦྲ་ནག» རང་སྒྲའི«བྱི་ལའི་གཏམ་རྒྱུད»བཅས་དང་། སྙན་དེབ་ལ་ཁྲི་གོང་ཨོ་རྒྱན་ཚེ་རིང་གི«ལྷ་སའི་ཞོགས་པ»དང་། ཁྱུང་ཐར་རྒྱལ་གྱི«དཔྱིད་ཀྱི་ཆར་དཀར» ཁྱབ་གདལ་བསྟན་འཛིན་རྒྱ་མཚོའི«རྨི་ལམ་གྱི་ཁ་དོག»བཅས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
བུད་མེད་རྩོམ་པ་པོའི་དཔེ་ཚོགས་ཁག་གཉིས་པར། དཔལ་མོའི«བདག་སེམས་ནམ་ཡང་ཁྱེད་ལ་ཕྱོགས་ཡོད»ཅེས་པ་དང་། ཧོར་མོའི«ལམ»ཞེས་པ། ཚེ་རིང་འཚོའི«གཡུ་ཆུང»ཞེས་པ། རྔ་བ་ཚེ་རིང་སྐྱིད་ཀྱི«རླུང་ནང་གི་གཤོག་པ»ཞེས་པ། གཡུ་སྒྲོན་འཚོའི«གཟིམས་པ་མེད་པའི་སྒྲོན་མེ»བཅས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་དང་གསར་རྩོམ་བགྲོ་གླེང་ཚོགས་འདུ་གཉིས་ཟི་ལིང་དུ་བསྡུས།
དུས་རབས་གསར་པའི་ནག་ཆུའི་རྩོམ་རིག་སྒྱུ་རྩལ་གྱི་སྤུས་དག་དཔེ་ཚོགས་ཁྲོད་བྱང་རྫི་དབྱངས་སམ་བསོད་ནམས་བཀྲ་ཤིས་ཀྱིས་བརྩམས་པའི«དུས་ཚོད་ཀྱི་མི»ཞེས་པ་དང་། གཟི་མིག་དགུ་བས་བརྩམས་པའི«གངས་འདབས་ཀྱི་གླུ་སྐད»ཅེས་པ། ཧོར་ཁྱུང་ཐིག་གིས་བརྩམས་པའི«སེམས་ཀྱི་བྱང་ཐང»ཞེས་པ། རོང་པོ་རང་འཚོལ་གྱིས་བརྩམས་པའི«གོས་ཆེན་འབྲུག་མ»ཞེས་པ་བཅས་ཁྱོན་སྙན་དེབ་བཞི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། འདིར་བོད་རྩོམ་གྱི་སྟེགས་བུར་གཞོན་སྐྱེས་སྙན་ངག་པ་མཚམས་སྦྱོར་དང་བརྩམས་ཆོས་སྔོག་འདོན་གྱི་དོན་སྙིང་ཆེ།
འགྱུར་རྩོམ་གྱི་ཆ་ནས། རིག་ཚན་གང་ཞིག་གི་ཚེ་སྲོག་ནི་རིག་གནས་ལ་བརྟེན་ནས་རྒྱུན་བསྲིངས་པ་ཡིན་གྱི། དེའི་ཉམ་ང་ཆག་འཇིག་ཀྱང་རང་སྟེང་ནས་མངོན་བཞིན་པ་སྤྱི་པའི་བློ་ཁ་དང་མཐུན་པ་ཀུན་གྱིས་ཁས་འཆེས་ཀྱང་། ཚུར་ལེན་རིག་གནས་སྙིང་སྟོབས་ཀྱི་ངོས་ནས་བཀྲལ་ཚེ། ལན་རེར་འཇོལ་ཉོག་ཏུ་འགྲོ་ཉེན་ཡང་ཆེ་བས། འདིར་དུས་བབ་ལ་མཐུན་ཤོས་དང་དོན་སྙིང་ཟབ་ཤོས་དག་དཔེ་མཚོན་དུ་འགོད་པ་ལ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། རྟ་མགྲིན་སྐྱབས་ཀྱིས་གཙོ་སྒྲིག་བྱས་པའི«ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས»སྒྲུང་འབྲིང་གི་སྐོར་ཏེ། སྐབས་གསུམ་རིང་གི་སྒྲུང་འབྲིང་བཅུ་དགུས་པོད་བདུན་དུ་བསྡུས་ནས་པར་སྐྲུན་འགྲེམ་སྤེལ་བྱས།
“དུས་རབས་གསར་པའི་བོད་སྐད་ཡིག་རིག་མཛོད་ལས་གཞི་ཁྲོད་ཀྱི་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་ཁྲོད་ཀྱི«མཚན་ཞག་སྟོང་གི་གཏམ་རྒྱུད»ཅེས་པ་སྣེའུ་ཚེ་རིང་དོན་གྲུབ་ཀྱིས་བསྒྱུར་ཅིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
དགོས་འདོད་ནོར་བུས་བསྒྱུར་བའི་སྐྱབས་ཆེན་གྱི་སྙན་དེབ«བར་སྐོར་གྱི་ཆང་ཁང»(རྒྱ་འགྱུར་མ།)གི་འགྲེམ་སྤེལ་མཛད་སྒོ་དང་སྙན་ངག་མྱོང་རོལ་གྱི་མཛད་སྒོ་ཝུའུ་ཧན་གྲོང་ཁྱེར་དང་།ཁྲང་ཧྲ་གྲོང་ཁྱེར། ཁྲིན་ཏུའུ་གྲོང་ཁྱེར་དང་ལན་ཀྲུ་གྲོང་ཁྱེེར་སོགས་ཡུལ་གྲུ་མི་འདྲ་བ་རེ་ནས་འཚོགས་ཤིང་། བོད་རྩོམ་གྱི་རོ་བྲོ་མཛེས་པ་གཞན་ཞིག་བརྒྱུད་ནས་མདངས་མངོན་པར་བྱས།
རྩོམ་རིག་ཆ་འཕྲིན་གྱི་ཆ་ནས། གངས་རྒྱན་ན་ཆུང་ཚགས་པར་ཁང་གི་འཕྲིན་སྟེགས་ལས“ཐོན་མིའི་ལོ་ཙཱ་རྟགས་མའི”རྒྱལ་ཡོངས་བོད་ཀྱི་བྱིས་སྒྲུང་འགྲན་སྡུར་སྐབས་དང་པོའི་མཇུག་འབྲས་གསལ་བསྒྲགས་ཁྲོད་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་། ཨང་དང་པོ་ལ་སྒྲུང་མཁན་རིག་ལྡན་རྒྱ་མཚོའི་བརྩམས་ཆོས«ཚེ་རིང་གི་ཕིས་ནའོ་ཚའོ»ལ་ཐོབ། ཨང་གཉིས་པ་བོད་གཞུག་སྐྱིད་ཀྱི་བརྩམས་ཆོས«གྲོག་མ་མིག་ཡངས་མ་བུ་གཉིས»དང་། མགོན་བུ་མཁའ་འགྲོའི་བརྩམས་ཆོས«སྲིན་པོར་གྱུར་པའི་རྒྱལ་སྲས»གཉིས་ལ་ཐོབ། ཨང་གསུམ་པ་རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱི་བརྩམས་ཆོས«གཡག་རྒན་དང་རྩྭ་ཕྲན»ཞེས་པ་དང་། རིག་བྱེད་སྐྱབས་ཀྱི་བརྩམས་ཆོས«རི་བོང་རྩྭ་ཟན་དུ་གྱུར་བའི་གཏམ་རྒྱུད»ཅེས་པ། མུ་ནེ་སྐྱབས་ཀྱི་བརྩམས་ཆོས«བྱིའུ་ཕྲུག་མཚར་བོ»བཅས་ལ་བྱ་དགའ་ཐོབ།
གོ་རབས་པའི་རྗེས་ཀྱི་གཞོན་ནུ་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ«གཅིག་དང་བཞི»ཞེས་པ་སྤྱི་ཟླ10པའི་ཚེས27ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་དངོས་སུ་བསྟན་པ་དང་། རེ་རྐང་གླིང་དང་མོག་ཟླ། ཐོ་རེངས། ས་དཀྱིལ་ཚེ་བཀྲ་བཅས་ཀྱིས་གློག་བརྙན་ལ་བལྟས་རྗེས་ཀྱི་བརྙན་དཔྱད་དག་མི་རྒོད་འཕྲིན་སྟེགས་བརྒྱུད་ནས་སྤེལ།
སྤྱི་ཟླ་བཅུ་གཅིག་པར། བོད་ལྗོངས་སློབ་ཆེན་དང་། ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(བོད་སྐད་ཡིག་རྩོམ་རིག)དེང་ད་རབས་རྩོམ་རིག་དཔྱད་བརྗོད་པའི་བཞུགས་མོལ་ཚོགས་འདུ་བོད་ལྗོངས་སློབ་ཆེན་དུ་བསྡུས་ཤིང་། གདན་ཞུའི་མིང་ཐོག་བདུད་ལྷ་རྒྱལ་དང་མདོ་སྨད་ཧེ་རུ་ཀ་གཉིས་ཚོགས་འདུར་ཞུགས།
2023ལོའི«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཀྱི་བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭ་དེ་སྤྱི་ཟླ12པའི་ཚེས་པ13ཉིན་ལ། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་བསྡུས་ཤིང་། ཉིན་ལྔའི་རིང་འཚོགས། དེར་གྲགས་ཆེ་བའི་རྩོམ་པ་པོ་དང་། ཁོངས་གཏོགས་སོ་སོའི་རྩོམ་སྒྲིག་པ། སྒོས་སུ་གསར་རྩོམ་ལ་ལྷོད་མྱོང་མེད་པའི་གོ་རབས་པའི་རྗེས་ཀྱི་ན་གཞོན་རྩོམ་པ་པོ་བཅུ་དྲུག་བཅས་གསོ་སྦྱོང་འཛིན་གྲྭར་ཞུགས།
2023.4.25ཉིན་ལ། «ཟླ་ཟེར»དུས་དེབ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དང་། སྐབས་བདུན་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་གནང་བའི་ཚོགས་འདུ་ཀན་ལྷོའི་གཙོས་སུ་བསྡུས་ཤིང་། ཚོགས་ཐོག་ཏུ་རྩོམ་པ་པོ་བརྒྱད་ལ«ཟླ་ཟེར»སྤེལ་ནས་ལོ་ངོ་བཞི་བཅུ་ལོན་པའི་གྲུབ་འབྲས་བྱ་དགའ་དང་། རྩོམ་པ་པོ་སུམ་ཅུ་ལ་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ། མི་ལྔ་ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ། རྩོམ་པ་པོ་ལྔ་ལ་སྐབས་བདུན་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་བཅས་གནང་། 2023ལོའི«ཟླ་ཟེར»ལོ་འཁོར་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་ཀན་ལྷོ་གཙོས་གྲོང་ནས་ཉིན་གཉིས་རིང་འཚོགས་ཤིང་། སྒྲུང་གཏམ་གྱི་ཆ་ནས། སྒར་བ་ཚེ་བཀྲའི་སྒྲུང་གཏམ«ནར་སོན་པའི་ལམ»དང་། བཀྲ་ཤིས་ཚེ་རིང་གི«ཁ་སང་གི་རྨི་ལམ»གཉིས་ལ་བྱ་དགའ་ཐོབ། སྙན་ངག་གི་ཆ་ནས། སྐྱབས་ཆེན་གྱི་སྙན་ངག«རྟ་ནག»ཅེས་པ་དང་། ངལ་རྫིའི་སྙན་ངག«གདང་ལ་རི་བོ་བརྒྱུད་ནས་འགྲོ་དུས»ཞེས་པ། མ་རུའི་ཚེ་དཔག་སྐྱབས་ཀྱི་སྙན་ངག«ཞེ་མགུར་གབ་པ་མངོན་ཕྱུང»བཅས་གསུམ་ལ་བྱ་དགའ་ཐོབ། ལྷུག་རྩོམ་གྱི་ཆ་ནས། འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི«དྲན་པར་མ་ཤོང་བའི་ལོ་དང་ཟླ་བ་དེ་དག»ཅེས་པ་དང་། སྐལ་བཟང་བཀྲ་ཤིས་ཀྱི«ཕ་ཡུལ་དུ་ཕྱིན་པའི་ཉིན་གཅིག»ཅེས་པར་བྱ་དགའ་ཐོབ། དཔྱད་རྩོམ་གྱི་ཆ་ནས། གདུགས་དཀར་སྐྱབས་ཀྱིས་དཔྱད་པའི་སྒྲུང་ཐུང«ཉིན་གཅིག་གི་འཆར་གཞིའི»སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་པ་ཞེས་པར་བྱ་དགའ་ཐོབ།
ཟླ་ཟེར་རྩོམ་སྒྲིག་ཁང་གིས་དུས་དེབ་དང་དྲ་རྩོམ། ཀློག་པ་པོ་བཅས་དབར་གྱི་སྦྲེལ་ཟམ་ལ་སྟབས་བདེ་གཏོང་ཕྱིར། ཟླ་ཟེར་འཕྲིན་སྟེགས་སྤྱི་ཟླ་བཞི་པའི་ཟླ་མཇུག་ལ་གསར་དུ་ཐོ་འགོད་བྱས་ཤིང་། དུས་དེབ་སྟེང་བཀོད་ཟིན་གྱི་རྩོམ་ཡིག་རྩེ་གྲ་དག་འཕྲིན་སྟེགས་བརྒྱུད་ནས་ཀློག་པ་པོ་དག་གི་སྤྱན་སྔར་བཀྲམ། དེ་དག་ཁྲོད་ཀྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ«ཁ་ཐུམ»དང་སྐྱབས་ཆེན་གྱི་སྙན་ངག«རྟ་ནག»སོགས་ལ་མགྲིན་གཅིག་གིས་གདེང་འཇོག་དང་དགའ་བསུ་ཐོབ། མ་ཟད་བཙུན་པོ་དོན་གྲུབ་ནས་ཉིས་སྟོང་ཉེར་གསུམ་ལོའི«ཟླ་ཟེར»བཀླགས་པའི་མྱོང་ཚོར་ཡང་བཀྲལ། །

འབྲེལ་ཡོད་འོས་སྦྱོར།