སྨྱུག་ཞེན་གྱི་རྩོམ་ཡིག་བདམས་བཀོད།
རྩོམ་པ་པོ།:སྨྱུག་ཞེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-22
ཀློག་གྲངས།:
༄༅། །མཚོ་བྱུང་ངག་གི་ལྷ་མོ།
ཡེ་ཤེས་འོད་ཀྱིས་རབ་ཏུ་མཛེས་པའི་བརྩེ་ཆེན་ཟླ་བའི་དཀྱིལ་འཁོར་ལ། །
ཏིང་འཛིན་པིར་གྱིས་བྲིས་པ་ཇི་བཞིན་ཡིད་འོང་རྒྱན་ཕྲེང་ཤིན་ཏུ་མཛེས། །
འགྲོ་ཀུན་རྨོངས་མུན་ཚ་བས་གདུང་བ་བདེ་ཆེན་བསིལ་བས་གནོན་བྱེད་པའི། །
དབྱངས་ཅན་ཡིད་ཀྱི་ལྷ་མཆོག་དེ་ཡི་དངོས་གྲུབ་འོད་ཀྱིས་སྲུང་གྱུར་ཅིག །
མཛེས་སྡུག་འདབ་སྟོང་ཡོངས་སུ་གྲོལ་པའི་པདྨ་དཀར་པོའི་གདན་སྟེང་ན། །
ལེགས་གསུང་དབྱངས་ཀྱི་སྙན་འཛིན་རྒྱུད་མངས་སོར་རྩེར་དལ་གྱིས་རྒྱུ་བ་ན། །
བདེ་དགའི་ལོངས་སྤྱོད་དཔྱིད་དུ་འཇོ་ཞིང་སེམས་ཅན་ཀུན་གྱི་གསོས་སུ་སྨིན། །
ཡིད་འོང་ཞལ་དཀར་ཟེར་བརྒྱ་སྤྲོས་པས་འགྲོ་བའི་རྨོངས་མུན་ཀུན་ནས་བསལ། །
མཚན་བཟང་གསེར་གྱི་ཡལ་འདབ་གྲོལ་ཞིང་དཔེ་བྱད་བཟང་པོའི་མཛེས་སྡུག་ངོམ། །
དབྱངས་སྙན་དྲུག་ཅུའི་བསིལ་ཟེར་འཕྲོ་བས་འགྲོ་བའི་ཉོན་མོངས་ཚ་གདུང་འཇོམས། །
མཁྱེན་བརྩེ་ཐུགས་རྗེའི་འདབ་སྟོང་རྩེ་བརྒྱ་མཁའ་རུ་འཕགས་པའི་ཉི་ཟླ་བཞིན། །
འགྲོ་བའི་རེ་སྐོང་དབྱངས་ཅན་ལྷ་མཆོག་དཔག་བསམ་ལྗོན་པར་ནམ་ཡང་འདུད། །
ཉིད་ཀྱི་གསུང་འཛིན་འོ་མའི་སྤྲིན་ལས་ལེགས་བཤད་བདུད་རྩི་ཆར་ལྟར་འཇོ། །
དུག་གསུམ་མེ་དཔུང་རབ་ཏུ་འབར་བ་ཡང་དག་ཆབ་ཀྱིས་བསལ་བར་བྱས། །
སྐྱེ་དགུའི་འདོན་དོན་མེ་ཏོག་བཞད་པས་དགའ་བའི་འདབ་མ་ཕྱོགས་སུ་གྲོལ། །
རྒྱལ་ཀུན་ཡུམ་གཅིག་དབྱངས་ཀྱི་ལྷ་མོ་མི་འབྲལ་དད་པས་སྤྱི་བོར་བཏུད། །

དྲིན་ཆེན་ཨ་མའི་རྟོགས་བརྗོད།
རབ་དཀར་ཟླ་བའི་མདངས་ལྟར། །
ཡིད་འོང་འཛུམ་པའི་ཞལ་རས། །
ལང་ཚོའི་གཟི་བྱིན་འབར་བའི། །
དབྱངས་ཅན་མ་དེས་སྐྱོངས་ཤིག །
སྙིང་རྗེའི་འོད་རབ་གསལ་ཞིང་། །
བརྩེ་བའི་དྲོད་ཁོལ་འབར་བའི། །
ཨ་མ་སྣང་བའི་བྱེད་པོ། །
སྙིང་གི་མཁའ་རུ་བཞད་ཡོད། །
བྱམས་པའི་རྦ་རླབས་འཕྱུར་ཞིང་། །
བཀའ་དྲིན་གཏིང་མཐའ་ཟབ་པའི། །
ཨ་མ་རིན་ཆེན་འབྱུང་གནས། །
མཛེས་པའི་རླབས་ཕྲེང་ཤིག་ཤིག །
ཀུན་མཐུན་འདབ་སྟོང་གྲོལ་ཞིང་། །
དུང་སེམས་ཟེའུ་འབྲུ་རྒོད་པའི། །
ཨ་མ་མེ་ཏོག་སེར་ཆེན། །
འཇིག་རྟེན་འཛིན་མའི་རྒྱན་ཆ། །
རང་སེམས་ནམ་མཁའི་དབུས་ནས། །
བཞིན་བཟང་དཀྱིལ་འཁོར་ཚེས་འདྲའི། །
ཨ་མ་བཅོ་ལྔའི་དུང་ཟླ། །
ཡིད་འོང་འོད་ཟེར་ཆེམ་ཆེམ། །
སྐུ་བྱད་འཕྱོར་ཡག་རྒྱན་བཟང་། །
སྐུ་གཟུགས་ཚིགས་དྲུག་སྨྱུག་མ། །
ཨ་མ་དབྱངས་ཅན་ལྷ་མོ། །
ཀུན་གྱི་མགོན་དུ་བཞུགས་ཡོད། །
གསུང་ཡག་སྙན་འཇེབས་གླིང་བུ། །
གསུང་སྐད་རྣ་བའི་བུ་རམ། །
ཨ་མ་དྲི་ཟའི་བུ་མོ། །
དབྱངས་སྙན་ཀུན་གྱིས་ཟླ་བྲལ། །
ཐུགས་རྒྱུད་མདའ་ལྟར་དྲང་ཞིང་། །
ཐུགས་རྗེ་ཉེ་རིང་མེད་པའི། །
ཨ་མ་རྗེ་བཙུན་སྒྲོལ་མ། །
རིས་མེད་འགྲོ་བའི་སྡོང་གྲོགས། །
རང་ལས་གཞན་ལ་གཅེས་ཤིང་། །
དལ་འབྱོར་རྟེན་བཟང་སྤྲད་པའི། །
ཨ་མ་སྦྱིན་པའི་བདག་མོ། །
གཏོང་ཕོད་སུས་ཀྱང་འགྲན་ནུས། །
ཞི་དུལ་སྤྱོད་པས་མཛེས་ཤིང་། །
སྒོ་གསུམ་གཙང་ཞིང་བཙུན་པའི། །
ཨ་མ་ཚུལ་ཁྲིམས་གཏེར་འབྱིན། །
བསླབ་གསུམ་མཛོད་ཀྱི་ཁང་བཟང་། །
འཁོར་བ་བཙོན་གྱི་སྒྲོག་ལས། །
སྡུག་བསྔལ་ཅི་བྱུང་བསྲན་པའི། །
ཨ་མ་བཟོད་པའི་དཔའ་མོ། །
ཞུམ་མེད་སྤོབས་པས་འགྱིང་ཡོད། །
ལུས་ལ་ངལ་བ་མེད་ཅིང་། །
བྱ་བཞག་ལེ་ལོས་ཕོངས་བའི། །
ཨ་མ་བརྩོན་པའི་གོ་ཆ། །
གྲུབ་འབྲས་གསེར་གྱིས་བརྒྱན་ཡོད། །
ལས་དོན་ཅི་ཞིག་བསྒྲུབས་ཀྱང་། །
གཡེལ་མེད་རྩེ་གཅིག་འཁོར་བའི། །
ཨ་མ་བསམ་གཏན་རང་བཞིན། །
ཏིང་འཛིན་འོད་ཀྱིས་བཞེངས་ཡོད། །
མ་རིག་རྒོལ་ངན་འཇོམས་ཤིང་། །
ཡེ་ཤེས་ཟེར་བརྒྱ་འཕྲོ་བའི། །
ཨ་མ་ཤེས་རབ་ལྷ་མཆོག །
གཏན་འདུན་སྒོ་འབྱེད་ལྡེ་མིག །
བཀའ་དྲིན་ཟད་མཐའ་མེད་ཅིང་། །
དྲིན་ལན་གཞལ་ཐབས་དབེན་པའི། །
ཨ་མ་ཚེ་རིང་ནད་མེད། །
ལོ་བརྒྱར་བརྟན་པའི་སྨོན་ལམ། །
འགྲོ་དྲུག་སྤྱན་གྱིས་གཟིགས་པའི། །
འཕགས་མཆོག་ཐུགས་རྗེ་ཆེན་པོས། །
ཨ་མ་འདོད་རྒུའི་བདག་མོ། །
བརྩེ་བས་ནམ་ཡང་སྲུངས་ཤིག །
བདུད་དཔུང་ཟིལ་གྱིས་གནོན་པའི། །
འགྲོ་མགོན་མཐུ་ཆེན་ཐོབ་ཀྱིས། །
ཨ་མ་དྲིན་གྱི་བདག་མོ། །
རྟག་ཏུ་ཐུགས་ཀྱིས་མ་གཡེལ། །
ཡེ་ཤེས་འོད་སྟོང་འབར་བའི། །
ལྷ་མཆོག་སྨྲ་བའི་དབང་ཕྱུག །
ཨ་མ་བྱམས་པའི་བདག་མོ། །
ཉོན་མོངས་མུན་ལས་སྐྱོབས་ཤིག །
མཛེས་སྡུག་གི་དཔྱིད་དཔལ།
མཐོ་ལྷ་ཡུལ་ཐང་ལ་འཕོས་འདྲ་བའི།།
སྡེ་འཇའ་གུར་ཕུབ་པའི་རྩྭ་ཐང་ན།།
ལུག་གཡང་དཀར་སྐར་ཚོགས་ཤར་འདྲ་བ།།
དུས་དཔྱིད་དཔལ་དགོད་པའི་ཚེམས་ཕྲེང་ཡིན།།
སྤྲིན་དཀར་པོ་བང་རིམ་བརྩེགས་པའི་དབུས། །
ཕོ་འབྲུག་ཆུང་ལྷང་ལྷང་དལ་གྱིས་གྲགས།།
ཆུ་ཆར་བ་ཟིམ་ཟིམ་ཡུན་གྱི་འབབས།།
རྩྭ་རྩི་ཤིང་སྣ་བརྒྱ་འཛུམ་གྱིས་གྲོལ།།
ལྷོ་རྒྱ་རྫོང་ནགས་ལ་གནས་བཅོལ་བའི།།
དབྱངས་སྙན་མོའི་འགྱུར་ཁུགས་རང་འགྲུབ་ཅན།།
མཛེས་འདབ་གཤོག་མཁའ་ལ་བརྐྱངས་བྱས་ཏེ།།
ཡིད་དགའ་བའི་མགྲིན་གླུ་ཁྲོལ་འདི་མཚར།།
ཞེ་འཁོར་སའི་སྐྱེས་ཚལ་ཡངས་མོའི་ཁྲོད།།
མཛེས་ཀུན་ལྡན་མེ་ཏོག་མགོ་ལྕོག་ལྡེམ།།
དཀར་འདབ་མ་ཕྱོགས་སུ་བཞད་པ་ཡིས།།
ཆུང་གསེར་སྦྲང་གཞོན་ནུ་དགའ་བས་བཟི།།
སྙན་གྲེ་འགྱུར་ཟབ་གསལ་གྱེར་བ་ཡིས།།
ཡིད་བརྟན་པ་ཅིག་ཆར་འཕྲོག་བྱེད་པའི།།
བྱེའུ་འཇོལ་མོའི་དབྱངས་རྟ་སྙན་མོ་མ།།
སེམས་གསོ་བའི་བདུད་རྩིའི་དོ་ཡ་ཡིན།།
སྤང་ཡངས་མོ་སྔོ་ལྗང་གཡུ་ཡིས་བྱུག།
རྩྭ་སྔོ་ལྡུམ་བསེར་བུས་དལ་གྱིས་གཡོ།།
ནོར་བེའུ་ཆུང་རྩེ་བའི་སྟངས་ཀ་མཛེས།།
དཀར་ལུག་ཆུང་འབའ་བའི་གླུ་སྒྲ་སྙན།།
མཐོ་ལྷ་ཡུལ་ཐང་ལ་འཕོས་འདྲ་བའི།།
སྡེ་འཇའ་གུར་ཕུབ་པའི་རྩྭ་ཐང་ན།།
ལུག་གཡང་དཀར་སྐར་ཚོགས་ཤར་འདྲ་བ།།
དུས་དཔྱིད་དཔལ་དགོད་པའི་ཚེམས་ཕྲེང་ཡིན།།
སྤྲིན་དཀར་པོ་བང་རིམ་བརྩེགས་པའི་དབུས། །
ཕོ་འབྲུག་ཆུང་ལྷང་ལྷང་དལ་གྱིས་གྲགས།།
ཆུ་ཆར་བ་ཟིམ་ཟིམ་ཡུན་གྱི་འབབས།།
རྩྭ་རྩི་ཤིང་སྣ་བརྒྱ་འཛུམ་གྱིས་གྲོལ།།
ལྷོ་རྒྱ་རྫོང་ནགས་ལ་གནས་བཅོལ་བའི།།
དབྱངས་སྙན་མོའི་འགྱུར་ཁུགས་རང་འགྲུབ་ཅན།།
མཛེས་འདབ་གཤོག་མཁའ་ལ་བརྐྱངས་བྱས་ཏེ།།
ཡིད་དགའ་བའི་མགྲིན་གླུ་ཁྲོལ་འདི་མཚར།།
ཞེ་འཁོར་སའི་སྐྱེས་ཚལ་ཡངས་མོའི་ཁྲོད།།
མཛེས་ཀུན་ལྡན་མེ་ཏོག་མགོ་ལྕོག་ལྡེམ།།
དཀར་འདབ་མ་ཕྱོགས་སུ་བཞད་པ་ཡིས།།
ཆུང་གསེར་སྦྲང་གཞོན་ནུ་དགའ་བས་བཟི།།
སྙན་གྲེ་འགྱུར་ཟབ་གསལ་གྱེར་བ་ཡིས།།
ཡིད་བརྟན་པ་ཅིག་ཆར་འཕྲོག་བྱེད་པའི།།
བྱེའུ་འཇོལ་མོའི་དབྱངས་རྟ་སྙན་མོ་མ།།
སེམས་གསོ་བའི་བདུད་རྩིའི་དོ་ཡ་ཡིན།།
སྤང་ཡངས་མོ་སྔོ་ལྗང་གཡུ་ཡིས་བྱུག།
རྩྭ་སྔོ་ལྡུམ་བསེར་བུས་དལ་གྱིས་གཡོ།།
ནོར་བེའུ་ཆུང་རྩེ་བའི་སྟངས་ཀ་མཛེས།།
དཀར་ལུག་ཆུང་འབའ་བའི་གླུ་སྒྲ་སྙན།།
དབྱར་དུས་ཀྱི་རྩྭ་ཐང་། རྩྭ་ཐང་གི་འབྲོག་པ།
སྟོད་ཀྱི་གངས་དཀར་རི་བོའི་རྩེ་བརྒྱ་དགུང་སྔོན་ནམ་མཁའི་དབྱིངས་སུ་བཏེགས། །
སྨད་ཀྱི་ཆུ་བཞི་ཡངས་མོའི་རླབས་རྒྱུན་མཐའ་མེད་རྒྱ་མཚོའི་ངོགས་ལ་བཞུར། །
སྟོད་སྨད་བར་གྱི་འབྲོག་གི་གཞིས་རྟེན་སྦྲ་ཁྱིམ་སྨུག་པོ་རབ་ཏུ་མཛེས། །
རྟ་ནོར་ལུག་གི་རི་ཐང་འགེངས་དུས་སྐྱིད་ཀྱི་གཞས་ཆུང་དབྱངས་སུ་འགུགས། །
ཤར་གྱི་སྐྱ་རེངས་མལ་ནས་ལངས་དུས་བཞོ་དབྱངས་འགུགས་པའི་ལྷས་ར་ན། །
བཞོ་ཟེའུ་འཛིན་པའི་ཁམས་ཀྱི་འབྲོག་མོས་འབྲི་མོ་འཇོ་བའི་སྟངས་ཀ་མཛེས། །
ནུབ་རིར་ཚེས་པའི་སྐར་ཆེན་ཡལ་དུས་ངུར་སྒྲ་ལྡིར་བའི་ལྷས་འདབས་ཀྱི། །
དུད་སྤྲིན་སྨུག་པོ་མཁའ་རུ་བསྐྱོད་པའི་སྦྲ་ནག་ཐབ་ཚང་དྲོད་ཀྱིས་བལྟམས། །
རྟ་བདུན་དབང་པོ་ཕར་རིའི་རྩེ་ནས་འཇམ་མཉེན་དྲོད་ཁོལ་རུམ་ནས་ཕེབས། །
སྣ་བརྒྱ་མེ་ཏོག་ལྷུག་པོར་གྲོལ་ཞིང་ཡིད་འོང་འདབ་མ་གར་དུ་རྩེན། །
དྲོད་འཇམ་རླུང་བུ་དལ་གྱིས་ལྡང་བས་རྩི་སྣའི་མགོ་ལྕོག་ལྡེམ་མེར་གཡོ། །
གཡུ་སྦྲང་གཞོན་ནུ་དགའ་བས་མྱོས་པས་སྙན་འཇེབས་མགྲིན་གླུ་ཡུན་གྱིས་དཀྲོལ། །
སྒང་ཆེན་ཐང་གཞོངས་སྨུག་རླངས་འཐིམས་ཤིང་ཆར་ཆུ་ཟིམ་ཟིམ་ཡུན་གྱིས་འཇོ། །
དཀར་དམར་མེ་ཏོག་ཟིལ་བ་ཁྲོམ་ཁྲོམ་སེམས་ཅན་ཀུན་གྱི་གསོས་སུ་སྨིན། །
འབྲོག་གི་འཚོ་རྟེན་གཡང་གི་རུམ་མ་རྟ་ནོར་ལུག་གི་རྗེས་ཤུལ་ནས། །
སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་ནེའུ་གསེང་ཚལ་དུ་གོམ་ཁ་ལྷོད། །
ཕ་ཡུལ་ལ་གཏད་པའི་རེ་བཞག
ཕ་ཡུལ་སྲིད་པའི་དག་ཞིང་ཡིན་ལ་ཕ་ཡུལ་མིག་གི་མཛེས་ལྗོངས་ཡིན། །
ཕ་ཡུལ་དགུང་གི་སྐར་ཚོགས་ཡིན་ལ་ཕ་ཡུལ་ས་མཐོའི་རི་གྲོང་ཡིན། །
ཕ་ཡུལ་ངག་གི་དབྱངས་རྟ་ཡིན་ལ་ཕ་ཡུལ་སེམས་ཀྱི་བྲོ་ར་ཡིན། །
ཕ་ཡུལ་ཕྱི་ཡི་རྒྱན་ཆ་ཡིན་ལ་ཕ་ཡུལ་ནང་གི་ཁྲག་རྒྱུན་ཡིན། །
ཕ་ཡུལ་སྲིད་པའི་རི་གྲོང་བར་གྱི་མེ་ཏོག་བཞད་པའི་སྐྱེས་ཚལ་ཡིན། །
ཕ་ཡུལ་དབྱངས་སྙན་ངག་ལ་བཀུག་པའི་ཀ་ལ་པིང་ཀའི་གྲེ་འགྱུར་ཡིན། །
ཕ་ཡུལ་སྤྲིན་གྱི་འདབ་མ་འཐོར་སའི་ནོར་འཛིན་སྒེག་མོའི་རྒྱན་ཆ་ཡིན། །
ཕ་ཡུལ་ཨ་མའི་གསུང་ལས་བྱོན་པའི་སྙིང་གཏམ་སྲིད་པའི་མགུར་ཆུང་ཡིན། །
ཕ་ཡུལ་རྒྱང་ན་མེད་ཅིང་གམ་ན་ཡོད་དེ་གམ་གྱི་ཡུལ་ལྗོངས་འདི་ཀོ་ཡིན། །
ཕ་ཡུལ་ཕྱི་ན་མེད་ཅིང་ནང་ན་ཡོད་དེ་ནང་གི་དྲན་པའི་འགྱུར་ཁུགས་ཡིན།།
ཕ་ཡུལ་སྲིབ་ན་མེད་ཅིང་ཉིན་ན་ཡོད་དེ་ཉིན་གྱི་འོད་སྣང་དྲོན་མོ་ཡིན། །
ཕ་ཡུལ་མིག་ན་མེད་ཅིང་སེམས་ན་ཡོད་དེ་སེམས་ཀྱི་མེ་ཏོག་དམར་པོ་ཡིན། །
ཕ་ཡུལ་དཔྱིད་གསུམ་སྤང་ན་བརྡོལ་བའི་སྔོ་ལྗང་གཡུ་ལོའི་འདབ་མ་ཡིན། །
ཕ་ཡུལ་དབྱར་གསུམ་སྤྲིན་ལས་བབས་པའི་ཟིམ་ཟིམ་འཇོ་བའི་སྦྲང་ཆར་ཡིན། །
ཕ་ཡུལ་སྟོན་གསུམ་ཁུར་དུ་དུད་པའི་འབྲི་དྲུག་སྙེ་མའི་གཡུ་རླབས་ཡིན། །
ཕ་ཡུལ་དགུན་གསུམ་མཁའ་ནས་ལྷུང་བའི་དཀར་མཛེས་ཁ་བའི་མེ་ཏོག་ཡིན།།
ཕ་ཡུལ་ཟེར་བ་མེ་ཏོག་ཅིག་སྟེ་འདབ་མ་སྟོང་གིས་བརྒྱན་པ་ཞིག །
ཕ་ཡུལ་ཟེར་བ་ནམ་མཁའ་ཞིག་སྟེ་ཉི་ཟླ་ཟུང་གི་བགྲོད་ལམ་ཞིག །
ཕ་ཡུལ་ཟེར་བ་འོད་སྣང་ཞིག་སྟེ་དར་ཚོན་སྣ་ལྔས་སྤྲས་པ་ཞིག །
ཕ་ཡུལ་ཟེར་བ་བརྗེད་མེད་ཅིག་སྟེ་དྲན་པའི་ནང་གི་པ་ཏྲ་ཞིག །
ཕ་ཡུལ་འོད་ཀྱིས་ལམ་ལམ་གསལ་བའི་དྭངས་གསལ་ནམ་མཁའི་མེ་ལོང་འདྲ། །
ཕ་ཡུལ་མི་འགྱུར་རི་བཞིན་བརྟན་པའི་གསེར་ནག་་ལྷུན་པོའི་རྗེས་སུ་འགྲོ། །
ཕ་ཡུལ་སྤང་ན་ལྡེམ་ལྡེམ་གཡོ་བའི་སྣ་མང་མེ་ཏོག་བཞད་དང་མཚུངས། །
ཕ་ཡུལ་སེམས་ནས་ཡང་ཡང་དྲན་པའི་བྱམས་ལྡན་ཕ་མར་ཀུན་ནས་མཐོང་། །
ཕ་ས་གྲུ་བཞི་དུད་ཞགས་ལང་ལོང་རབ་ཏུ་འཁྲིགས་པའི་འབྲོག་ཁྱིམ་ཞིག །
ཕ་མཁར་སྨུག་པོ་སུས་ཀྱང་བསྒྲུན་མིན་རྟག་བརྟན་བླ་མཁར་བཞེངས་བ་འདྲ། །
ཕ་གཞིས་དྲོད་མོ་ལམ་ལམ་འཚེར་བའི་ཉི་གཞོན་སྣང་བ་རྫོགས་པའི་དཔྱིད། །
ཕ་ཡུལ་གངས་ཅན་བསིལ་ལྡན་ཕྱུག་མོ་མི་འགྱུར་རི་རབ་བཞིན་དུ་བརྟན། །
ཕྱིར་དྲན་སྒོ་མོ་ཡང་ཡང་ཕྱེས་ཀྱང་དྲན་པའི་གཞི་མ་ཕ་ཡུལ་རེད། །
སྒྱུ་མའི་སྣང་བརྙན་མིག་སྔར་གཤམ་ཡང་མིག་ལ་མཛེས་པ་ཕ་ཡུལ་རེད། །
འཁོར་བའི་རི་གྲོང་གང་དུ་ཉུལ་ཡང་སེམས་ཀྱིས་གཏད་ས་ཕ་ཡུལ་རེད། །
འཇིག་རྟེན་བདེ་སྡུག་གང་ལ་འབད་ཀྱང་དོན་གྱིས་རེ་བཞག་ཕ་ཡུལ་ལགས། །

སྐྱོ་བའི་སྣང་གླུ།
སྤྲིན་དཀར་མི་སྡོད་མཁའ་རུ་འདར་ཞིང་སྐྱོད།།
འཇའ་ཚོན་མི་གནས་སྐད་ཅིག་ཉིད་ལ་ཡལ།།
ཟིམ་ཟིམ་ཆར་བའི་ཁྲོད་ཀྱི་བྱིའུ་ཆུང་གིས།།
སྐྱོ་བ་དབྱངས་ལ་འགུག་བཞིན་གླུ་ཆུང་ལེན།།
སྔོ་ལྗང་གཡུ་ལོའི་འདབ་མ་སད་ཀྱིས་བཅོམ།།
ཁྲ་ཚོམ་དཀར་དམར་མེ་ཏོག་རླུང་གིས་སྤུར།།
སྙན་ལ་ཞེན་པའི་གཡུ་སྦྲང་གཞོན་ནུ་དེས།།
སྐྱོ་བ་དབྱངས་ལ་འགུག་བཞིན་གླུ་ཆུང་ལེན།།
ཁུ་བྱུག་སྔོན་མོ་རྒྱང་རིང་མོན་ལ་ཆས།།
ཚང་ཚིང་ནགས་ཚལ་སྟུག་པོ་སྨག་གིས་བཟུང་།།
དྲན་གདུང་ཆང་གིས་མྱོས་པའི་འཇོལ་མོ་ཡིས།།
སྐྱོ་བ་དབྱངས་ལ་འགུག་བཞིན་གླུ་ཆུང་ལེན།།
ཆུང་འདྲིས་གྲོགས་པོ་གཞན་རྗེས་ཉུལ་ནས་སོང་།།
སྦྲ་ནག་ཁ་འཚུབ་ཆུ་དང་ཆར་བས་བརླན།།
ལྷས་མཐའི་ལྕི་བ་འཐུ་བའི་ན་ཆུང་མས།།
སྐྱོ་བ་དབྱངས་ལ་འགུག་བཞིན་གླུ་ཆུང་ལེན།།
སྤྲིན་དང་དུ་བས་བར་སྣང་ཀུན་ཏུ་གཡོགས།།
རྡུལ་དུ་བྱེ་མས་ནམ་མཁའ་ཡོངས་སུ་བསྒྲིབས།།
ཁེར་རྐྱང་གནས་མལ་འགྲིམས་པའི་ཟླ་གཞོན་གྱིས།།
སྐྱོ་བ་དབྱངས་ལ་འགུག་བཞིན་གླུ་ཆུང་ལེན།།
རི་ལུང་བར་ནས་སྐྱོ་བའི་གཏམ་རྒྱུད་མོད།།
སྒེའུ་ཁུང་ངོགས་ནས་བྱིའུ་ཁྱུ་ངུ་ཞིང་འདར།།
གཞན་ཡུལ་གནས་མལ་བརྟེན་པའི་བཙུན་ཆུང་གིས།།

འབྲེལ་ཡོད་འོས་སྦྱོར།