སེམས་ཀྱི་བཞུར་རྒྱུན།
རྩོམ་པ་པོ།:རྒྱ་ལོ་དོན་འགྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-21
ཀློག་གྲངས།:
དུས་ཚོད་ནི་གངས་འདབས་ནས་བརྡོལ་བའི་ཆུ་མིག་ཇི་བཞིན་སྐད་ཅིག་ཉིད་ལ་གཅིག་ནས་དུ་མར་འཐིམས་ཏེ་མདུན་ནས་མདུན་དུ་བཞུར་བཞིན་ཡོད། དེ་རིང་ཁོམ་ལོང་དང་བསྟུན་ནས་རང་དབང་མེད་པར་སྐད་ཆ་འགའ་བརྗོད་འདོད་དེ། སྐད་ཆ་དེ་དག་ནི་ནམ་རྒྱུན་རང་ལ་ཕ་མ་བཟང་བོས་བུ་ཕྲུག་གཉོར་གཉོར་བྱས་ནས་རང་ལ་དཔེ་ཀློག་སོགས་ཕྱོགས་གང་ཅིའི་ཐད་དུ་རིན་ཆེན་འབྱུང་ལྡན་ལས་ཀྱང་དཀོན་པའི་གསུངས་རྒྱུན་དྲི་མ་མེད་པ་ཤ་སྟག་སྦྱིན་མྱོང་མཁན་གྱི་ཕ་རྒན་གཅན་རོང་ལགས་ཡིན། རྒན་ཁོང་ནི་ཆོས་སྲིད་གཉིས་ཀྱི་བར་ན་ཀྲོང་ངེར་འགྱིང་བའི་དུས་རབས་ཀྱི་རྡོ་རིང་ཞིག་དང་གངས་རིའི་སྤོ་རུ་འཛུམ་པའི་སྐར་མ་འོད་ཆེན་ལྟ་བུ་ཞིག་ཡིན་ཏེ། མི་ཚེ་ཧྲིལ་བོ་སློབ་གསོ་ལ་བསྟུན་ནས་འོང་བའི་མི་རིགས་སློབ་གསོ་བསྐྱངས་མཁན་ཁྲོད་ཀྱི་དེད་དཔོན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ནི་ཀུན་གྱིས་ཁས་འཆེས་པ་བཞིན་མཐོ་དམན་བར་གསུམ་གྱི་གང་ཟག་སུ་ཞིག་ཡིན་ཡང་ཁོང་ལ་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་ཞིག་ཡོད་མི་སྲིད། (སྤྱིར་རླབས་ཆེན་ཟེར་བ་ནི་ཕྱི་ནས་བལྟས་ན་སློབ་གསོའི་དེད་དཔོན་གྱི་མཚན་སྙན་ཡོད་ལ། ནང་ནས་བལྟས་ན་སྔ་འགྱུར་གསང་སྔགས་པའི་ཉམས་ཞིབ་པ་ཞིག་ཡིན་པའི་མིང་བྱང་ཡོད་ཆོག་པ་རེད་སྙམ།)
རྒན་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ“མཛུབ་མོ་གར་སྟོན་ཤར་དང་། གང་གསུངས་ཐམས་ཅད་བཀའ”བཞིན་བསྒོས་པའི་ཐུགས་བརྩེ་ལྷོད་མེད་གནང་བའི་བཀའ་དྲིན་གྱིས་སློབ་མའི་མིང་ཙམ་ཐོབ་པའི་ཕྲན་ལའང་རྣམ་དཔྱོད་ཀྱི་ཁོ་ལག་རྒྱས་སུ་བཅུག་ནས་ཤེས་རིག་གི་འདབ་མ་ལ་འབྲས་བུ་ངང་གིས་རྒྱས་སུ་བཅུག་ལ། ནམ་རྒྱུན་རྒན་ལགས་དཔེ་ཀློག་གི་ཞིང་ས་རུ་བསྙེགས་པའི་རྣམ་པ་དེ་མཐོང་བའི་ཚེ་ན། དད་པའི་ཡིད་ཀྱི་མཚེའུ་ངོས་སུ་ལྡོག་མེད་བརྩོན་སེམས་ཀྱི་རླབས་རིས་ཤིག་ཤིག་ཏུ་གཡོ་འོང་། ཁ་དཔེར“ཆུ་དམའ་སར་བཞུར། མི་མཐོ་སར་འགྲོ”ཟེར་བ་ནང་བཞིན་མ་འོངས་པར་བགྲོད་པའི་ལམ་ཐག་རིང་ཁར། འཕུར་དགོས་པའི་དབྱིངས་རིམ་དེ་བས་ཀྱང་མཐོ་བ་བདེན་དུ་གྲུབ་ཀྱང་། རྒན་ཁྱེད་ཀྱིས་མུ་མཐུད་དུ་སློབ་མིང་འཛིན་པ་ཕྲན་གྱི་ཤེས་བྱའི་འདབ་མ་དང་ཡལ་གར་བཅོས་སྐྱོང་གནོངས་དང་། ངའང་བྱ་རྒྱལ་རྒོད་པོ་བཞིན་མཁའ་དབྱིངས་ནས་ཐོགས་པ་མེད་པར་འཕུར་ན་འདོད་ལ། གསར་སྐྱེས་ཀྱི་མེ་ཏོག་ཇི་བཞིན་བཟོ་བོ་སྟོང་ལྷག་གིས་བཏགས་པའི་བལ་གདན་སྔོན་མོ་ཞིག་གི་སྟེང་ནས་ཕྲ་ལམ་མེར་བཞད་འདོད་པ་རེད།
དཔེ་ཀློག་སྐོར་ནས་རྒན་ལགས་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤའི་གསུངས“དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །”ཞེས་པའི་བསྟན་བཅོས་ཀྱི་མདུན་བསུས་ནས་དུས་ནི་ཡུན་ཐུང་ཡིན་པས་རང་ལ་ངེས་པར་མཁོ་བའམ་ཤུགས་རྐྱེན་ཐེབས་ཐུབ་པའི་ཚབ་མཚོན་རང་བཞིན་ཅན་གྱི་བསྟན་བཅོས་བཀླག་རྒྱུ་ནི་གལ་ཆེན་ཡིན་པ་བསྟན་ཡོད། བསྟན་བཅོས་འཆད་ཉན་ཇི་ལྟར་བྱེད་ཐབས་ཀྱི་ཆ་ནས། “སྤྱི་དོན་ཁྱུང་ཆེན་ལྡིང་སྟབས་དང་། ས་བཅད་སྟག་མོ་མཆོངས་སྟབས། ཚིག་འགྲེལ་རུས་སྦལ་ནུར་འགྲོས། སྐབས་དོན་སེང་གེ་འགྱིངས་སྟབས་ཀྱི་ལྡེ་མིག་བཞི་ཡོད་དེ། ཐོག་མར་འཆད་བྱ་སྤྱི་དོན་ཁྱུང་ཆེན་ལྡིང་བ་བྱ་རྒྱལ་རྒོད་པོས་ནམ་མཁའི་དབྱིངས་ནས་བལྟས་ན་ས་སྟེང་གི་གནས་ཚུལ་ཇི་མ་ཇི་བཞིན་དུ་མཐོང་ཐུབ་པ་བཞིན་འཆད་བྱའི་སྤྱི་དོན་གསལ་བར་འཆད་ཐབས་དང་། སྟག་མོ་མཆོངས་སྟབས་ལྟ་བུས་ས་བཅད་རེ་རེ་བཞིན་མ་འདྲེས་པར་བཅད་ཀྱིན་བཅད་ཀྱིན་འཆད་ཉན་བྱེད་པའི་ཐབས་ལམ་ཁྱད་པར་ཅན་ཤེས་པ་སྟེ། སྤྱི་དོན་གྱིས་མིག་ཕྱེས+ས་བཅད་ཀྱིས་བྱེ་བྲག་བཀར+ཚིག་འགྲེལ་གྱིས་ཁོག་ཕུབ+སྐབས་དོན་གྱིས་བྱང་ཆུད་པའི་ཐབས་ལམ་ལ་བྱང་ཞིང་གོམས་ཚེ=བློ་གྲོས་ཀྱི་མིག་དང་ཤེས་རབ་གསུམ་གྱི་རྩལ་མི་རྒྱས་པ་ག་ལ་སྲིད་དེ་མི་སྲིད་པ་རེད་ཅེས་སྤྱི་འགྲོས་རྣམ་པ་ཅན་གྱི་འཆད་ཉན་གྱི་ཐབས་ལམ་ལ་ཚད་མཐོའི་སྤྱི་སྡོམ་བྱས་ཡོད་པ་སྟེ། མདོར་ན་ཤེས་རིག་གི་བཀག་རྒྱ་གཏོར་བའི་ལྡེ་མིག་ལྟ་བུ་ཞིག་ཡིན་པས་རང་གིས་དཔེ་དོན་རྣལ་མ་དེ་ལ་བསམ་གཞིགས་དང་ཉམས་ལེན་གང་མང་བྱས་ནས་ལག་ལེན་དངོས་ལ་འབད་བཞིན་ཡོད། དཔེ་ཀློག་བྱེད་སྐབས་ཐོག་མར་དོན་གྱི་སྤྱི་ཁོག་ཙམ་བླངས་ནས་མིག་ཕྱེ། དེ་ནས་ས་བཅད་བགར་ནས་སྡོང་འགྲེལ་རེའུ་མིག་གམ་སྒྲིག་གཞི་ངེས་པར་བྱས་ནས་བྱེ་བྲག་ཏུ་བབས། ཚིག་འགྲེལ་ལ་བརྟེན་ནས་དོན་རྟོགས་པར་བྱེད་ལ། སྐབས་དོན་གྱིས་བྱང་ཆུད་པའི་ཐབས་ལམ་ལ་བྱང་ཞིང་གོམས་ཚེ་ད་བཟོད་འབྲས་བུ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་ཡོང་ངེས་པ་རེད། ཐབས་ལམ་འདི་ནི་དཔེ་ཀློག་ལས་གཞན་ལའང་བཀོལ་ཆོག་པ་རེད།
ལོ་རྒན་དྲུག་ཅུ་རྩ་སྨད་ལ་སླེབས་ཡོད་པའི་རྒན་ཁོང་ནི། ད་དུང་གསར་སྐྱེས་ཀྱི་ན་གཞོན་དང་འདྲ་བར་སྟོབས་ཤུགས་དང་རང་ཅག་ན་གཞོན་རྣམས་ལ་རེ་བས་ཁེངས་ལ། རྒན་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་འཇིག་རྟེན་སྲིད་ན་དཀོན་པའི་ཞལ་གསུངས་དྲི་མ་མེད་པའི་མདོ«ཀུན་བཟང་ཞལ་ལུང»དང«སྤྱོད་འཇུག་མེ་ཏོག» «བསྐྱེད་རྫོགས་དྲི་ལན་ཉི་ཟླ་ཁ་སྦྱོར» «བར་དོ་ཐོས་གྲོལ་ཆེན་མོ»སོགས་གཞུང་ཆེན་ཁག་ལ་དཔེ་གཟིགས་དང་སློབ་སྦྱོང་། རེག་ཟིག་ཏུ་འགོད་པའི་བསྐལ་བ་ལྡན་པ་འདིའང་རྒན་ལགས་ཀྱི་བཀའ་དྲིན་ཡིན་པ་རེད། དེར་མ་ཟད་རང་གིས་ཀྱང་ཞོར་དུ་རྒན་ལགས་ཀྱི་མཁྱེན་རྩལ་ལས་འཁྲུངས་ཤིང་སོར་རྩེ་ལས་སྨིན་པའི་གསུང་རྩོམ་དག་ལ་སློབ་སྦྱོང་། ཞིབ་འཇུག ཉམས་ལེན། སྤྱི་སྡོམ་བཅས་བྱེད་བཞིན་གསུང་རྩོམ་པོད་བཞི་ལ་སྤྱི་དོན་ཁྱུང་ཆེན་ལྡིང་སྟབས་དང་། ས་བཅད་སྟག་མོ་མཆོངས་སྟབས། ཚིག་འགྲེལ་རུས་སྦལ་ནུར་འགྲོས། སྐབས་དོན་སེང་གེ་འགྱིངས་སྟབས་ཀྱི་ཐབས་ལམ་ངར་བ་བཀོལ་ནས་འབྲས་བུ་མི་དམན་པ་ཐོབ་ཡོད། རྒན་ཁོང་གི་བརྩམས་ཆོས་ནི་ཁང་སྟོང་ནང་གི་འུར་སྒྲ་མིན་ལ། རི་ཆེན་མགོ་ཡི་ཀུ་དང་། ཆུ་ཆེན་འགྲམ་གྱི་སྐད་ཅོར་ཡེ་ནས་མིན་པར། རང་ལ་མཚོན་ན་སྦྱངས་རན་ཞིག་དང་ལྟ་རན་ཞིག་ཡོད་པ་རེད། ངས་ཐོས་བསམས་ཀྱི་ཞོར་དུ་མུ་མཐུད་དུ་རྒན་ལགས་ཀྱི་གསུང་རྩོམ་གཞན་དག་ལའང་སློབ་སྦྱོང་བྱེད་བཞིན་ཉིང་ཁུ་འོ་མའི་མར་ལོ་ལོན་པར་འབད་འབུངས་བྱེད་བཞིན་མཆིས།
སློབ་གཉེར་གྱི་ཐད་དུ་རྒན་ལགས་ཀྱིས་ཀུན་སྤྱོད་ལེགས་པོ་ཞིག་དང་ཕུགས་བསམ་བཟང་པོ་ཞིག་ལྡན་དགོས་པ། དཀའ་བ་སྤྱོད་ཐུབ་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས་པ་དང་། ཤེས་བྱའི་ཞིང་ཁམས་སུ་དུས་རྒྱུན་རུས་སྦལ་ནུར་འགྲོའི་ཚུལ་གྱིས་བསྐྱོད་དེ་འབད་པ་བསྟེན་དགོས་པ་ལས། གློ་བུར་དང་ཐོལ་བྱུང་གིས་སེང་གེའི་མཆོང་སྟབས་ལ་ལད་མོ་བྱས་པས་གང་ཡང་མི་ལོན་པར། ནམ་ཡང་རིག་པ་ཚུགས་ཐུབ་ལྡན་པའི་སྒོ་ནས། ཐོས་བསམ་སྒོམ་གསུམ་ལག་ལེན་དུ་བཏབ་ན། ད་གཟོད་བློ་གྲོས་ཀྱི་ལྗོན་པར་རྩ་བ་ཚུགས་ཐུབ་ཅིང་ཡལ་འདབ་རྒྱས་སྲིད་ལ། འབྲས་བུ་ལྗིད་ཏིག་ཏིག་ཅིག་སྨིན་ངེས་ཡིན་ཞེས་ནན་བཤད་བྱེད་པ་རེད།
མདོར་ན་རྒན་ལགས་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་མེད་པར་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དྲན་པའི་མེ་ལོང་ངོས་སུ་གསལ་ལམ་མེར་ཤར་ཡོད་ལ། རྒན་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ངས་དཔེ་ཀློག་གི་གོམ་ཁ་སྔར་ལས་ལྷོད་མ་མྱོང་། རྒན་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕ་མའི་གནང་བའི་མགོ་བོ་དེ་གཞན་གྱི་རྐང་འོག་ཏུ་བཞག་མྱོང་མེད། རྒན་ཁྱེད་རང་སྔར་བཞིན་རྡོ་རིང་ལྟར་ཀྲོང་ངེར་འགྱིང་རྒྱུ་ནི་རེ་བའི་ནང་གི་རེ་བ་ཡིན་ལ། ནམ་ཞིག་བློ་དམན་ང་ལ་རྩོམ་འབྲིའི་རྨང་གཞི་བརྟན་པོ་ཞིག་ལྡན་ཚེ། ངས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རྒན་ཁྱེད་ཀྱི་གཞན་ཕན་མཛད་འཕྲིན་གྱི་ཕྱི་ནང་གསང་གསུམ་ཡིག་འབྲུའི་ཕྲེང་བར་བརྒྱུས་འདོད་ཀྱི་བློ་ནི་ནམ་ཡང་འགོག་ཐབས་མི་འདུག་ཨང་།

འབྲེལ་ཡོད་འོས་སྦྱོར།