སུན་གདུང་།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-15
ཀློག་གྲངས།:
ལྷོ་འུར་རྐེད་ལ་ལྷུང་བའི་ཁང་བརྩེགས་ཀྱི་བ་གམ། །
རེ་སྙེག་ཝུ་སོབ་གཏོར་བའི་མི་ཚོགས་ཀྱི་རྒྱ་མཚོ། །
བལྟས་ན་གཟར་ལ་འགོས་ན་འཇམ་ཅག་གི་རི་རྩེ། །
མཐོ་སའི་འཇིག་རྟེན་དམའ་སའི་འཁྲུལ་སྣང་གི་གཞིའོ། །
ཡོད་དགུའི་རྩ་བ་མི་རྟོགས་འཇིག་རྟེན་གྱི་འཁོར་ལོ། །
སྣང་བ་ཡལ་ཡུལ་ཞིག་གིས་རི་རྩེ་འདིར་བདས་བྱུང་། །
སྟོང་འདང་ནམ་མཁར་རྐྱོང་བའི་ངེས་མེད་ཀྱི་སེམས་པ། །
འཇིག་རྟེན་འཁོར་བ་ཐང་ཤིང་སྐྱ་བོ་འདིའི་ལོ་མ། །
རི་བོ་ཆུ་ལ་ནུབ་པའི་རྩེ་མོ་ནས་བལྟས་ཏེ། །
མཁའ་དབྱིངས་འཇལ་བའི་འཆར་ཡན་མེ་ལོང་ལ་ཤར་དུས། །
རང་སེམས་སྐྱོ་བསུན་དྲ་བ་དྲ་ཕྱེད་ཀྱི་ཀློང་ནས། །
ལན་ཅིག་བོས་པའི་ཨ་ལན་ཁྱེད་རང་ལ་མི་འདུག །
སྤྲིན་སྔོན་ཁུ་བྱུག་སྔོན་མོའི་གཤོག་འོག་ལ་འཁྱིལ་དུས། །
ཨ་ང་ཙི་ཡང་མ་རངས་འགྲན་སེམས་ཀྱིས་འཚང་འོང་། །
མདོངས་མཐའ་ཅན་གྱིས་སྒྲོ་གུར་འཇའ་རིས་སུ་ཕུབ་ཚེ། །
ཨ་ཅེ་ཝ་མོས་རྔ་མ་ལིང་ལིང་གིས་འགྲན་ནོ། །
ཞེ་རྩ་འཁྱག་པས་བསྡམས་པའི་མི་ཡུལ་གྱི་མགྲོན་པོ། །
ག་ཤེད་དྲོད་ལ་ཐོགས་པའི་ཞེན་ཆགས་ཀྱིས་དྲངས་ཏེ། །
འབྱུང་བཞིའི་འགྱུར་བག་བཙན་པོའི་ཁ་སྟབས་ལ་འགྲོགས་པའི། །
ངོམ་མེད་སྲེད་པ་འདི་ཡིས་གང་ཞིག་ལ་ཁྲིད་འགྲོ། །
ཅ་ཅོའི་སྐད་སྒྲས་འདྲོགས་པའི་ཁྱི་གུ་དེའི་རྣ་གཤོག །
དེ་རིང་རི་རྩེ་འདི་ན་ཉིན་གང་ལ་ཅོར་འདུག །
ཡར་ཡོར་ཀྱར་ཀྱོར་འཇིག་རྟེན་ཀུན་འདུས་ཀྱི་ལྟད་མོ། །
སྟེས་ཀྱིས་མཐོང་བའི་རི་མོ་འདི་ག་ཙམ་ཡིན་ནམ། །
ལག་འཇུ་ལྷོད་ཀྱང་ལག་རྡང་ཕྲེང་ཐག་དེ་མ་ཆད། །
གོམ་འགྲོས་གྱེས་ཀྱང་སེམས་ཀྱི་བརྩེ་བ་དེ་མ་གྱེས། །
དེ་ཙམ་འཁོར་བའི་ཐང་ཤིང་སྐྱ་བོ་འདིའི་ལོ་མ། །
དབྱར་དགུན་ཁྱད་མེད་སྔོ་མདངས་ཡལ་བ་རང་མ་བྱུང་། །
སྐས་རྐང་གཅིག་ལ་སྤོས་པའི་རྡོག་སྣེ་གཉིས་ཕྲད་རྗེས། །
སྨིན་མ་དུས་གཅིག་བཀྱག་པའི་སེམས་འཛིན་གྱི་སྣང་བ། །
སྒྲོན་མེའི་འོད་ཀྱིས་གསལ་བའི་ཁང་ཆུང་གི་གྲུ་ག །
ལང་ཚོའི་འཛུམ་བག་ཉར་བའི་འཇིག་རྟེན་གྱི་འཁོར་བ། །
ཆུ་ཤེལ་བུམ་པའི་ནང་ལ་རང་སེམས་ཀྱིས་བཅུས་པའི། །
མཛེས་སྡུག་རྨ་སྒྲོ་ཁ་ལ་རང་ཉིད་ཀྱིས་བཙུགས་པའི། །
མཆོད་རྫས་དེ་ནི་མ་བཅོས་དད་སྟོབས་ཀྱིས་འབུལ་བའི། །
ད་ནི་མ་གཉིད་མཚན་མོའི་རྨི་ལམ་ཡང་སད་སོང་། །
གློ་རྡེག་གློ་རྡེག་འཁྲུལ་བའི་དེ་རིང་གི་སྣང་བ། །
ཟ་ཟིའི་ན་བུན་སྔོན་མོའི་ངང་ཚུལ་དང་འདྲ་ལེ། །
རང་སེམས་སྐྱོ་མོ་ནར་མའི་དབུགས་རྒྱུན་དང་འདྲེས་པ། །
ཁ་འབབ་ཆུ་མོའི་ཤག་སྒྲའི་དབྱངས་ཆུང་ལ་ཐིམ་སོང་། །
ཀ་ཡེ་རང་སྣང་སྐྱིད་པའི་རྒྱང་རིང་གི་རྒྱང་རིང་། །
ཁ་དོག་སྙིང་ལ་སིམ་པའི་ལོ་འདབ་ཀྱི་ལོ་འདབ། །
ག་ཤེད་དེ་རིང་དྲན་པའི་རྨི་ལམ་གྱི་རྨི་ལམ། །
ང་ཡི་སྨྱུག་ཆུང་རྩེན་སའི་དུངས་སེམས་ཀྱི་དུངས་སེམས། །
འཆི་མེད་ཀྱིས་ལང་ཇུའི་རི་རྩེ་ཞིག་ནས་བསེར་བུས་གཏག་ཞོར་བྲིས།

འབྲེལ་ཡོད་འོས་སྦྱོར།