ཏེ་ཐུང་གཙང་པོའི་ཕ་རོལ་ཚུར་རོལ།
རྩོམ་པ་པོ།:རྡོ་དཀར་ཚེ་དཔལ་སྟོབས་ལྡན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-08-15
ཀློག་གྲངས།:
ལྔ་གཅིག་གུང་གསེང་སྐབས་ཞིབ་འཇུག་སློབ་མ་ཀེ་ཐོ་སྐྱབས་དང་ཚེ་རིང་དོན་གྲུབ་གཉིས་ཁྲིད་ནས། མདོ་སྨད་ཏེ་ཐུང་གཙང་པོའི་རྒྱུད་ཀྱི་ལུང་གཞུང་ཏུ་ཆགས་པའི་གནའ་བོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་རྙིང་དག་ལ་རྟོག་ཞིབ་ཏུ་ཕྱིན། ཏེ་ཐུང་གཙང་པོ་ནི་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ཐེམ་ཆེན་རྫོང་གི་བོང་སྟག་སྟོད་པ་ལས་ཐོག་མར་འབབ་དུས་མུ་རི་ཆུ་བོ། མཚོ་སྔོན་པོའི་བྱང་རྒྱུད་ཀྱི་མདོ་ལ་རྫོང་དང་མིན་ཡོན་རྫོང་དུ་འབབ་དུས་ཧོ་མིན་ཆུ་བོ། མཚོ་སྔོན་པོའི་ཤར་རྒྱུད་ཀྱི་ཨ་མྱེས་ཁྲ་ལེབ་ཀྱི་བྱང་ཕྱོགས་ལུང་པའི་མཆོད་རྟེན་ཐང་དུ་འབབ་དུས་འཇུ་ལག་ཆུ་བོ། དཔའ་རིས་རྫོང་དང་འབྲོང་ལུང་རྫོང་དུ་འབབ་དུས་ཏེ་ཐུང་གཙང་པོར་གྲགས། འབབ་ཡུལ་མི་འདྲ་བར་མཚན་གྱི་རྣམ་གྲངས་མི་འདྲ་བར་ཆགས་པའི་ཆུ་བོ་དེ་འབྲོང་ལུང་དུ་ལྷོ་ཡི་ཕྱོགས་སུ་འཐེན་ནས་མེན་ཧོ་རྫོང་གི་གཞོང་ཐང་ཁུག་ཏུ་ཙོང་ཆུར་འདྲེས་ཏེ། ཙོང་ཆུ་དང་ལྷན་དུ་ལན་གྲུ་གྲོང་ཁྱེར་གྱི་སྟོད་རྒྱུད་དུ་རྨ་ཆུའི་ཁོངས་སུ་འཐིམ་ཡོད། ད་རེས་རྟོག་ཞིབ་ཀྱི་ཡུལ་གྲུ་ནི་ཆུ་བོ་འདིའི་སྨད་རྒྱུད་ཀྱི་ལུང་གཞུང་སྟེ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་དང་འབྲོང་ལུང་རྫོང་གི་ཡུལ་ཁམས་དག་ཡིན།
དཔོན་ཀླུ་སྐྱབས་དང་ཁོའི་མི་རབས་ཕྱི་མ་དག་གིས་ཏེ་ཐུང་རྡོ་རྗེ་འཆང་གི་གཞི་རྒྱ་ཆེར་བསྐྱེད་ཅིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྐྱེས་ཆེན་དམ་པ་དག་གིས་ཀྱང་ཆོས་ཀྱི་མཛད་པ་རྒྱ་ཆེན་པོ་སྤེལ་བར་བརྟེན། ཏེ་ཐུང་རྡོ་རྗེ་འཆང་ནི་ཙོང་ཆུའི་རྒྱུད་དུ་ཆགས་པའི་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་ཇི་བཞིན་རིག་གནས་ཀྱི་རྟེན་མཛོད་ཆེན་པོ་ཞིག་ཏུ་ཆགས། ལྷ་ཁང་གི་སྐུ་རྟེན་རྩ་ཆེན་དག་དུས་འགྱུར་སྐབས་བརླགས་ཀྱང་། ལྷ་ཁང་སྤྱིའི་བཟོ་བཀོད་དང་ནང་གི་ལྡེབས་རིས་སོགས་མ་ཉམས་པར་ད་ལྟ་ཡང་གསལ་ལེར་མཐོང་ཐུབ། དཔེར་ན། ལྷ་ཁང་གི་གནམ་གཅལ་དུ་བྲིས་པའི་མཎྜལ་གྱི་དཀྱིལ་འཁོར་རི་མོ། ཀ་བ་དང་གདུང་མའི་ངོས་ཀྱི་ཤིང་ཚོན་རི་མོ། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་སོགས་ཀྱི་ལྡེབས་རིས་རྙིང་པ། སྐུ་དང་འདབ་ཆགས། རྩི་ཤིང་། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་གྱོ་མོག་སྔོན་པོའི་རྐོས་རིས་ལྟ་བུ་གནའ་བོའི་རིག་དངོས་རྩ་ཆེན་པོ་དག་ནི་ས་གནས་རིག་གནས་དང་རིག་གནས་འདྲེས་མར་ཞིབ་འཇུག་གནང་བའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བསམས།
འདིར་ཆེད་དུ་གསལ་བཤད་དགོས་པ་ཞིག་ལ་མི་མང་པོ་ཞིག་གིས་ཏེ་ཐུང་རྡོ་རྗེ་འཆང་དང་ཏེ་ཐུང་དགོན་གཉིས་ནི་དགོན་པ་གཅིག་ཏུ་བཞེད་ནས་རྩོམ་དང་དཔྱད་པ་སྤེལ་བ་མང་པོ་བྱུང་འདུག དོན་དུ་ཙོང་ཆུའི་རྒྱུད་ཀྱི་གྲོ་ཚང་རྡོ་རྗེ་འཆང་དང་གྲོ་ཚང་དགོན་ཇི་བཞིན་སྔ་མ་ནི་ལྷ་ཁང་དང་ཕྱི་མ་ནི་དགོན་པ་ཡིན། ས་གནས་ལོ་རྒྱུས་ལྟར་དཔོན་ཀླུ་སྐྱབས་ཀྱིས་རང་གི་ཕོ་བྲང་གི་ཉེ་ལོགས་སུ་ཁྱིམ་གྱི་ལྷ་ཁང་བཞེངས་རྗེས། ལྷ་ཁང་གི་ཤར་ཕྱོགས་སུ་ཏེ་ཐུང་དགོན་ཆེན་དང་ནུབ་ཕྱོགས་སུ་ཏེ་ཐུང་དགོན་ཆུང་ཕྱག་བཏབ།
ཕྱི་དྲོ་དེར་ཏེ་ཐུང་རྡོ་རྗེ་འཆང་ནས་དགེ་འདུན་པ་ཞིག་གིས་འོས་སྦྱོར་བྱས་པ་ལྟར། ང་ཚོ་དེ་ནས་ཤར་ཕྱོགས་སྤྱི་ལེ་བདུན་ཙམ་གྱི་མཚམས་སུ་ཆགས་པའི་ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་དུ་ཕྱིན། ལམ་ཐག་རིང་བོ་མེད་ཀྱང་ལམ་བར་གྱི་ལམ་རྟགས་མི་གསལ་བའི་ཁར། སྔར་གྱི་དགོན་མིང་དེ་ད་ལྟར་སྡེ་མིང་དུ་ཐོགས་འདུག་པས་མ་རྙེད་པར་དཀའ་ལས་ཅུང་ཙམ་མྱངས་ཀྱང་། རྙེད་དུས་ཏེ་ཐུང་དགོན་ཆེན་ནི་གཞུང་ལམ་རྒྱུད་ཀྱི་རི་ངོས་སུ་ལྷ་ཁང་ཆུང་ངུ་ཞིག་བཞེངས་འདུག་པ་དེ་ཡིན་པ་ཤེས། མདོ་སྨད་ཆོས་འབྱུང་ལས། ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་ནི་ལཱུ་ཀྱ་བླ་མ་ཤེས་རབ་ཉི་མས་ཕྱག་བཏབ་པར་བཞེད། ཤེས་རབ་ཉི་མ་ནི་དཔོན་ཀླུ་སྐྱབས་སམ་ལུའུ་ཐུའུ་སིའི་སྲས་གསུམ་པར་འཁྲུངས་ཤིང་། བོད་དུ་ཕྱིན་ནས་པཎ་ཆེན་སྐུ་ཕྲེང་ལྔ་པ་སོགས་སྐྱེས་ཆེན་དུ་མ་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མཁས་པར་གྱུར་ཞིང་། ཕྱིར་མདོ་སྨད་དུ་ཕེབས་ནས་ཏེ་ཐུང་རྡོ་རྗེ་འཆང་གི་ཤར་ཕྱོགས་ལུང་པར་ཏེ་ཐུང་དགོན་པ་ཕྱག་བཏབ། ལུའུ་ཐུའུ་སིའི་སྲས་ཡིན་པས་ཀུན་གྱིས་ལཱུ་ཀྱ་བླ་མ་ཞེས་འབོད། ལཱུ་ཀྱ་བླ་མ་ལ་སྔ་ཕྱིར་སྐུ་ཕྲེང་རིམ་པ་དགུ་བྱོན་མྱོང་། སྐུ་ཕྲེང་དགུ་པ་ནི་ལོ་རབས་བརྒྱད་ཅུའི་མཇུག་ལ་སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གཡང་ཁྱུང་ཡུལ་ཚོའི་བོད་སྡེ་ཞིག་ཏུ་སྐྱེས་ཤིང་། བླ་བྲང་དགོན་དུ་ཐོས་པ་མཛད་ཞོར་ཏེ་ཐུང་དགོན་ཆེན་ལ་བདག་གཉེར་བྱེད་མུས་སུ་མཆིས་སྐད། ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་གི་རྩེ་མོར་ཕྱིན་དུས་གྲྭ་ཚང་བཞི་དང་དགེ་འདུན་པ་ཆིག་སྟོང་ལྷག་ལ་ཉེ་ཞིང་། ཚངས་དབྱངས་རྒྱ་མཚོ་ཡང་དགོན་འདིའི་ཁྲི་བ་ལ་བཞུགས་ཚུལ་སོགས་ལོ་རྒྱུས་ཡིག་ཚང་དག་ཏུ་ཞིབ་ཏུ་མཐོང་ཐུབ། ད་ལྟའི་ཏེ་ཐུང་དགོན་ནི་དངོས་གནས་མིང་གི་ལྷག་མ་ཙམ་དུ་སྣང་ཡང་། ཡིན་ནའང་དགོན་པའི་འདུ་ཁང་གི་ལོགས་གཉིས་ཀྱི་ལྡེབས་རིས་ལ།
འབྲོང་ལུང་ཡུལ་གྱི་དགོན་སྡེའི་གནའ་ཤུལ་གྱི་རྟོག་ཞིབ་མཇུག་རྫོགས་རྗེས། ང་ཚོ་ཏེ་ཐུང་གཙང་པོའི་བཞུར་རྒྱུན་དེད་ནས་ཡོན་ཅིན་རྫོང་གི་ཕྱོགས་སུ་ཆས། ཡོན་ཅིན་རྫོང་ནི་ཀ་ཇུའི་ཁོག་ལས་རྨ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཁུག་སོར་ཆགས་ཡོད། དེར་རྫོང་གི་ལྷོ་ངོས་ཀྱི་བྲག་ངོས་སུ་ཆགས་པའི་ལཱོ་ཀྱ་ཏུན་བདེ་ཆེན་རབ་རྒྱས་གླིང་དང་མཇལ། དེ་ནི་བལ་བོའི་བཙུན་པ་ཕམ་མཐིང་བ་ཆུང་བ་ཞེས་པས་བཞེངས་པར་གྲགས། ཐོག་མའི་དུས་སུ་ས་སྐྱ་བའི་དགོན་དུ་མངའ་ཡང་། ཕྱིས་དགེ་ལུགས་པར་བསྒྱུར། ད་ལྟ་བོད་ཀྱི་མཆོད་མཇལ་བ་ཤིན་ཏུ་མང་ཞིང་། དགེ་འདུན་པ་དག་ཀྱང་བླ་བྲང་ཕྱོགས་ཀྱི་ཡིན། བྲག་ཕུག་གི་རྩེར་ཕྱིན་ན་རྨ་ཆུ་སྔོན་མོ་དྭངས་སེལ་སེལ་དལ་གྱིས་འབབ་བཞིན་པ་མིག་ལ་ལྷུང་འོང་།
ཕྱི་ཉིན་གྱི་ཞོགས་པའི་ཉི་འོད་འཕྲོས་པ་ཤིན་ཏུ་སྔ། ཉི་འོད་སྔ་མོ་ནས་ཁང་བརྩེགས་དག་གི་ངོས་སུ་འཕོས་འདུག འོད་ལམ་ལམ་བྱེད་པའི་ཉི་འོད་ཀྱིས་གཞོན་ནུ་མའི་འབོད་པ་བཞིན། ང་རང་སྔ་མོ་ནས་གཉིད་ལས་བསླངས་སོང་། ཀ་ཇུའི་ཁོག་ཏུ་ཆགས་པའི་ཡོན་ཅིན་རྫོང་གི་ས་བབས་དམའ་ལ། མཁའ་དབུགས་དྭངས། རང་བྱུང་མཛེས། ཞོགས་པའི་གནམ་ངོ་ནི་རྫོང་མཁར་ཆུང་ངུ་འདི་དལ་གྱིས་བསྐོར་ནས་མདུན་ཕྱོགས་སུ་བཞུར་བའི་རྨ་ཆུ་བཞིན་སྔོ་དྭངས་དྭངས་བྱེད། དེ་རིང་བྱམས་པ་འབུམ་གླིང་དང་ཧན་སྟག་ལུང་དགོན་ཆེན་ཕྱོགས་སུ་འགྲོ་དགོས་པས་ང་ཚོ་སྔ་མོ་ནས་ལམ་ལ་ཆས་པ་ཡིན། སྔ་མ་ནི་གནའ་བོའི་བྲག་ཕུག་རྙིང་པ་ཞིག་ཡིན། དེ་ཡི་བྱམས་པ་འབུམ་གླིང་ནི་སྔར་བོན་ལུགས་ལྟར་བཞེངས་ཤིང་། ཕྱིས་ནང་བའི་ལུགས་སུ་བསྒྱུར་བར་བཤད། དེ་ཡི་བྲག་ཕུག་བཞི་པ་དང་བདུན་པ་གཉིས་ནི་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཆེ། ཕྱི་མ་ནི་ཧན་སྟག་ལུང་དགོན་ཆེན་ཡིན། དགོན་པ་འདི་བསྟན་པ་ཕྱི་དར་སྐབས་བོད་བརྒྱུད་ནང་བསྟན་ཆོས་ལུགས་མདོ་སྨད་ཡུལ་དུ་དར་བའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། དེ་བས་ཉིན་དེའི་རྟོག་ཞིབ་ཀྱི་གནད་གཙོ་བོ་ཡང་ཧན་སྟག་ལུང་དགོན་པ་བཟུང་བ་ཡིན།
བྱམས་པ་འབུམ་གླིང་ལས་ཕྱིར་ཐོན་དུས་ཕྱི་དྲོ་ཡོལ་འདུག ཕྱི་དྲོ་དེར་བསྟན་པ་ཕྱི་དར་སྐབས་གྲགས་ཆེ་བའི་ཧན་སྟག་ལུང་དགོན་ནམ་པཱེ་ཙང་དགོན་ཆེན་དུ་ཕྱིན། དགོན་དེ་ཐོག་མར་སྟག་ལུང་བཀའ་བརྒྱུད་ཀྱི་ལུགས་སུ་གཏོགས་ཤིང་། ཕྱིས་དགེ་ལུགས་པར་བསྒྱུར་ནས་བླ་བྲང་དགོན་གྱི་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་གྲས་སུ་གྱུར་ཡོད། ཙོང་ལ་རིང་མོའི་རི་རྒྱུད་ཀྱི་ལུང་གཞུང་དུ་ཆགས་པའི་ཡུལ་འདི་ལ། སྔར་བོད་སྐད་དུ་འབོག་གཞུང་ལུང་པར་འབོད་ཅིང་། ད་ལྟའི་ཅི་ཧྲི་ཧྲན་གྲོང་བརྡལ་གྱི་པེ་ཙང་གྲོང་རྡལ་ཆགས་པའི་ལུང་པའི་ཕུ་རུ། རྒྱ་སྐད་དུ་དགོན་ཆེན་སྡེ་བར་འབོད་པའི་གྲོང་སྡེ་ཞིག་ཡོད། གྲོང་སྡེ་དེ་ཆགས་པའི་རི་ངོས་སུ་ལྷ་ཁང་ཆུང་ངུ་ཞིག་མཆིས་པ་མཐོང་བས་ཕལ་ཆེར་རེད་བསམས་ནས་ཕྱིན་པ་ན། ཏག་ཏག་ཧན་སྟག་ལུང་དགོན་གྱི་རྗེས་ཤུལ་འཁྲུལ་མེད་རེད།
ཧན་སྟག་ལུང་དགོན་ནི་གནག་ལུག་བཙལ་བ་བཞིན་དྲ་ཐོག་ལམ་ཁྲིད་ལ་བརྟེན། ལམ་གྱི་མི་དག་ལ་ཡར་འདྲི་མར་འདྲི་མ་བྱས་ན་རྙེད་དཀའ། དགོན་པ་ལ་ཕལ་ཆེར་ཆེད་དུ་ལམ་རྟགས་ཀྱི་བྱང་བུ་གཅིག་ཀྱང་མ་བཞག་པ་འདྲ། དེ་ནི་གྲོང་སྡེ་མང་པོའི་གསེང་ནས་ཅུང་རྙེད་དཀའ་མོ་ཞིག་རེད། མཆོད་མཇལ་པ་ལ་ཤས་ཤིག་ཡོད་པའང་ས་གནས་ལོ་རྒྱུས་རྟོག་ཞིབ་བྱེད་མཁན་གྱི་ཐག་རིང་གི་མགྲོན་པོ་དག་ཡིན་པ་གོར་མ་ཆག ལྷ་ཁང་གི་དཀོར་གཉེར་ནི་རྣ་འོན་པ་གཉིས་རེད། དགོན་པའི་གནས་ཚུལ་དྲིས་ཀྱང་། བཤད་པ་མཐའ་དག་ཁ་ཐོར་ཡ་ཐོར་ཙམ་ལས་མི་སྣང་། ངས་ཡར་སྔོན་འཚོལ་བསྡུ་བྱས་པའི་རྒྱུ་ཆ་ཙམ་གྱི་གསལ་ཁ་ཡང་མི་འདུག་པས། ཨུ་ཐུག་ནས་གྲོང་པའི་གཞིས་ཁྱིམ་ཙམ་ལས་མེད་པའི་ལྷས་རར་ཡར་ཉུལ་མར་ཉུལ་བྱས། ཤེལ་གྱི་ནང་དུ་སླ་ང་ཆེན་པོ་གཉིས་བཞག་འདུག གམ་དུ་ཕྱིན་ནས་ཞིབ་ལྟ་བྱས་པ་ན། དེ་ནི་ཟངས་ཀྱིས་བཟོས་པའི་སླ་ང་རྙིང་པ་ཆ་གཅིག་རེད། ངོས་སུ་བོད་ཡིག་དང་རྒྱ་ཡིག་བྲིས་ཡོད་ཀྱང་། ལོ་ཟླ་མང་པོ་འགོར་ཕྱིན་ངོས་འཛིན་པར་དཀའ། ཕལ་ཆེར་དགོན་པ་དྲིན་གྱིས་བསྐྱངས་པའི་བསྟན་པའི་སྦྱིན་བདག་སྐོར་ཞིག་གི་མཚན་བྱང་ཡིན་པ་འདྲ།
ཕྱི་དྲོར་སླེབས་ཟིན། ང་ཚོ་ཧན་སྟག་ལུང་དགོན་དང་བྲལ་ནས་རི་ངོས་ལས་ཐུར་དུ་བབས། སྔ་མ་སྐྱེས་དྲགས་ན་ཕྱི་མ་འཆི་མི་ནུས་ཟེར་བ་ཅི་མ་བདེན། ལོ་ངོ་བརྒྱད་བརྒྱའི་སྔོན་ལ་དགོན་པ་འདིར་དགེ་འདུན་པ་སུམ་སྟོང་ཉེ་བ་ལྷག་བཞུགས་ཀྱང་། ད་ནི་མིང་གི་ལྷག་ལུས་ཙམ་དུ་གནས་པའི་ཁང་མིག་འགའ་ལས་མི་འདུག་པས། སེམས་པའང་སྐྱོ་ལྷང་ངེ་བ་ཞིག་བྱུང་ནས་གནས་དེ་དང་རེ་ཞིག་ཁ་བྲལ་བ་ཡིན།
ཐེངས་འདིའི་རྟོག་ཞིབ་ནི་གུང་གསེང་དུ་འཁེལ་བས་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤིན་ཏུ་མང་། དགེ་འདུན་ཆོས་འཕེལ་གྱིས“གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག”ཅེས་གསུངས་པ་ལྟར། མི་རྣམས་ཀྱིས་ལུས་སེམས་ཀྱི་ངལ་དུབ་གསོ་བའི་བདེ་བར་རོལ་ཆེད། གུང་གསེང་གི་བར་སྐབས་སྤྱད་ནས་བྲེལ་འཚུབ་ཀྱིས་བསྐྱོད་པས་མྱུར་བགྲོད་ལམ་དུ་འཁོར་བགེགས་བྱུང་བ་ཤིན་ཏུ་མང་ཕྱིན། སྤྱིར་བཏང་དུས་ཚོད་གཉིས་ཀྱི་ལམ་ཐག་ལས་མེད་ཀྱང་། དེ་རིང་དུས་ཚོད་ལྔ་ཙམ་གྱིས་ཏེ་ཐུང་རྡོ་རྗེ་འཆང་དུ་ཐོན་ཐུབ་པ་བྱུང་།

ཏེ་ཐུང་གཙང་པོ།
ཏེ་ཐུང་རྡོ་རྗེ་འཆང་ནི་ཏེ་ཐུང་གཙང་པོའི་རྒྱུད་དུ་ཆགས་པའི་མདོ་སྨད་ཀྱི་དགོན་སྡེ་རྙིང་པ་ཞིག་ཡིན། འདི་སྔར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གཏོགས་ཀྱང་། ཕྱིས་འབྲོང་ལུང་རྫོང་གི་ཁོངས་སུ་སྦྱར་ཡོད། འབྲོང་ལུང་ནི་བོད་ཀྱི་བརྡ་རྙིང་པ་ཞིག་ཡིན། ད་ལྟ་ཀུན་གྱིས་རྒྱ་སྐད་ལྟར་ཡོན་ཏེན་རྫོང(永登县)དུ་འབོད། ཏེ་ཐུང་རྡོ་རྗེ་འཆང་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་དེང་སང་ཀུན་གྱིས་སོག་པོའི་གདུང་རྒྱུད་ལས་མཆེད་པའི་དཔོན་ཀླུ་སྐྱབས་བྱ་བ་སྟེ། རྒྱ་སྐད་དུ་ལུའུ་ཐུའུ་སི(鲁土司)ཞེས་འབོད་པས་བཞེངས་པར་གྲགས། རྒྱལ་མོ་འབྲུག་པས་བོད་ཀྱི་ཆོས་འབྱུང་དང་རྣམ་ཐར་སོགས་ཡིག་ཚང་རྙིང་པ་དག་ལ་གཞི་བཅོལ་ཏེ། དཔོན་ཀླུ་སྐྱབས་ནི་བོད་ཀྱི་མི་རྒྱུད་དག་མར་བསྒྲུབས་འདུག་པ་ནི་ལོ་རྒྱུས་ཀྱི་ཁུངས་སྣེ་གསར་པ་ཞིག་ཡིན། མདོ་སྨད་ཆོས་འབྱུང་ལས། དཔོན་ཀླུ་སྐྱབས་ཀྱིས་རྒྱ་གར་གྲུབ་ཆེན་ཏེ་ལོ་པ་ལས་བརྒྱུད་པའི་རྡོ་རྗེ་འཆང་གི་སྐུ་རང་བྱོན་མཐོ་གང་ཙམ་བཞུགས་པ་རྟེན་དུ་བྱས་ནས་དཔོན་ཚང་གི་ལྷ་ཁང་བཞེངས་པས་ཀུན་གྱིས་ཏེ་ཐུང་རྡོ་རྗེ་འཆང་ལྷ་ཁང་ངམ་ཡང་ན་ཏེ་ཐུང་ལྷ་ཁང་དུ་འབོད། བོད་ཀྱི་ལོ་རྒྱུས་ལས་ཏེ་ཐུང་རྡོ་རྗེ་འཆང་ནི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་རྒྱ་ནག་དང་ཧོར་ཆེན་པོའི་ཡུལ་དུ་ཕྱག་ཕེབས་པའི་རྒྱུ་ལམ་གཙོ་བོ་ཞིག་ཏུ་ཆགས་ཡོད། སྔར་ཡུལ་འདི་བཀའ་བརྒྱུད་དང་ས་སྐྱའི་སྐྱེས་ཆེན་དག་གི་བཤུལ་ལམ་འབའ་ཞིག་སྟེ། ས་སྐྱ་པཎ་ཆེན་དང་འགྲོ་མགོན་འཕགས་པ་གཉིས་ཀྱང་གནས་འདིར་ཡུན་རིང་དུ་བཞུགས་མྱོང་། དགེ་ལུགས་པའི་གྲུབ་མཐའ་ཏེ་ཐུང་གཙང་པོའི་རྒྱུད་དུ་དར་བ་ནས་བཟུང་། རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཡོན་ཏན་རྒྱ་མཚོ། བློ་བཟང་རྒྱ་མཚོ། ཚངས་དབྱངས་རྒྱ་མཚོ་སོགས་ཀྱི་སྐུ་ཕྲེང་དང་པཎ་ཆེན་དྲུག་པ་དཔལ་ལྡན་ཡེ་ཤེས་སོགས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་ཡུལ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་། ལྷ་ཁང་འདི་ལ་ཚངས་དབྱངས་རྒྱ་མཚོས་ཏེ་ཐུང་རྡོ་རྗེ་འཆང་གི་དཀར་ཆག་པད་དཀར་ལྗོན་བཟང་ཞེས་པའི་ལོ་རྒྱུས་གདན་རབས་ཤིག་ཀྱང་མཛད་ཡོད།དཔོན་ཀླུ་སྐྱབས་དང་ཁོའི་མི་རབས་ཕྱི་མ་དག་གིས་ཏེ་ཐུང་རྡོ་རྗེ་འཆང་གི་གཞི་རྒྱ་ཆེར་བསྐྱེད་ཅིང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྐྱེས་ཆེན་དམ་པ་དག་གིས་ཀྱང་ཆོས་ཀྱི་མཛད་པ་རྒྱ་ཆེན་པོ་སྤེལ་བར་བརྟེན། ཏེ་ཐུང་རྡོ་རྗེ་འཆང་ནི་ཙོང་ཆུའི་རྒྱུད་དུ་ཆགས་པའི་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་ཇི་བཞིན་རིག་གནས་ཀྱི་རྟེན་མཛོད་ཆེན་པོ་ཞིག་ཏུ་ཆགས། ལྷ་ཁང་གི་སྐུ་རྟེན་རྩ་ཆེན་དག་དུས་འགྱུར་སྐབས་བརླགས་ཀྱང་། ལྷ་ཁང་སྤྱིའི་བཟོ་བཀོད་དང་ནང་གི་ལྡེབས་རིས་སོགས་མ་ཉམས་པར་ད་ལྟ་ཡང་གསལ་ལེར་མཐོང་ཐུབ། དཔེར་ན། ལྷ་ཁང་གི་གནམ་གཅལ་དུ་བྲིས་པའི་མཎྜལ་གྱི་དཀྱིལ་འཁོར་རི་མོ། ཀ་བ་དང་གདུང་མའི་ངོས་ཀྱི་ཤིང་ཚོན་རི་མོ། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་སོགས་ཀྱི་ལྡེབས་རིས་རྙིང་པ། སྐུ་དང་འདབ་ཆགས། རྩི་ཤིང་། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་གྱོ་མོག་སྔོན་པོའི་རྐོས་རིས་ལྟ་བུ་གནའ་བོའི་རིག་དངོས་རྩ་ཆེན་པོ་དག་ནི་ས་གནས་རིག་གནས་དང་རིག་གནས་འདྲེས་མར་ཞིབ་འཇུག་གནང་བའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བསམས།
འདིར་ཆེད་དུ་གསལ་བཤད་དགོས་པ་ཞིག་ལ་མི་མང་པོ་ཞིག་གིས་ཏེ་ཐུང་རྡོ་རྗེ་འཆང་དང་ཏེ་ཐུང་དགོན་གཉིས་ནི་དགོན་པ་གཅིག་ཏུ་བཞེད་ནས་རྩོམ་དང་དཔྱད་པ་སྤེལ་བ་མང་པོ་བྱུང་འདུག དོན་དུ་ཙོང་ཆུའི་རྒྱུད་ཀྱི་གྲོ་ཚང་རྡོ་རྗེ་འཆང་དང་གྲོ་ཚང་དགོན་ཇི་བཞིན་སྔ་མ་ནི་ལྷ་ཁང་དང་ཕྱི་མ་ནི་དགོན་པ་ཡིན། ས་གནས་ལོ་རྒྱུས་ལྟར་དཔོན་ཀླུ་སྐྱབས་ཀྱིས་རང་གི་ཕོ་བྲང་གི་ཉེ་ལོགས་སུ་ཁྱིམ་གྱི་ལྷ་ཁང་བཞེངས་རྗེས། ལྷ་ཁང་གི་ཤར་ཕྱོགས་སུ་ཏེ་ཐུང་དགོན་ཆེན་དང་ནུབ་ཕྱོགས་སུ་ཏེ་ཐུང་དགོན་ཆུང་ཕྱག་བཏབ།
ཕྱི་དྲོ་དེར་ཏེ་ཐུང་རྡོ་རྗེ་འཆང་ནས་དགེ་འདུན་པ་ཞིག་གིས་འོས་སྦྱོར་བྱས་པ་ལྟར། ང་ཚོ་དེ་ནས་ཤར་ཕྱོགས་སྤྱི་ལེ་བདུན་ཙམ་གྱི་མཚམས་སུ་ཆགས་པའི་ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་དུ་ཕྱིན། ལམ་ཐག་རིང་བོ་མེད་ཀྱང་ལམ་བར་གྱི་ལམ་རྟགས་མི་གསལ་བའི་ཁར། སྔར་གྱི་དགོན་མིང་དེ་ད་ལྟར་སྡེ་མིང་དུ་ཐོགས་འདུག་པས་མ་རྙེད་པར་དཀའ་ལས་ཅུང་ཙམ་མྱངས་ཀྱང་། རྙེད་དུས་ཏེ་ཐུང་དགོན་ཆེན་ནི་གཞུང་ལམ་རྒྱུད་ཀྱི་རི་ངོས་སུ་ལྷ་ཁང་ཆུང་ངུ་ཞིག་བཞེངས་འདུག་པ་དེ་ཡིན་པ་ཤེས། མདོ་སྨད་ཆོས་འབྱུང་ལས། ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་ནི་ལཱུ་ཀྱ་བླ་མ་ཤེས་རབ་ཉི་མས་ཕྱག་བཏབ་པར་བཞེད། ཤེས་རབ་ཉི་མ་ནི་དཔོན་ཀླུ་སྐྱབས་སམ་ལུའུ་ཐུའུ་སིའི་སྲས་གསུམ་པར་འཁྲུངས་ཤིང་། བོད་དུ་ཕྱིན་ནས་པཎ་ཆེན་སྐུ་ཕྲེང་ལྔ་པ་སོགས་སྐྱེས་ཆེན་དུ་མ་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མཁས་པར་གྱུར་ཞིང་། ཕྱིར་མདོ་སྨད་དུ་ཕེབས་ནས་ཏེ་ཐུང་རྡོ་རྗེ་འཆང་གི་ཤར་ཕྱོགས་ལུང་པར་ཏེ་ཐུང་དགོན་པ་ཕྱག་བཏབ། ལུའུ་ཐུའུ་སིའི་སྲས་ཡིན་པས་ཀུན་གྱིས་ལཱུ་ཀྱ་བླ་མ་ཞེས་འབོད། ལཱུ་ཀྱ་བླ་མ་ལ་སྔ་ཕྱིར་སྐུ་ཕྲེང་རིམ་པ་དགུ་བྱོན་མྱོང་། སྐུ་ཕྲེང་དགུ་པ་ནི་ལོ་རབས་བརྒྱད་ཅུའི་མཇུག་ལ་སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གཡང་ཁྱུང་ཡུལ་ཚོའི་བོད་སྡེ་ཞིག་ཏུ་སྐྱེས་ཤིང་། བླ་བྲང་དགོན་དུ་ཐོས་པ་མཛད་ཞོར་ཏེ་ཐུང་དགོན་ཆེན་ལ་བདག་གཉེར་བྱེད་མུས་སུ་མཆིས་སྐད། ཏེ་ཐུང་དགོན་ཆེན་ཐོས་བསམ་དར་རྒྱས་གླིང་གི་རྩེ་མོར་ཕྱིན་དུས་གྲྭ་ཚང་བཞི་དང་དགེ་འདུན་པ་ཆིག་སྟོང་ལྷག་ལ་ཉེ་ཞིང་། ཚངས་དབྱངས་རྒྱ་མཚོ་ཡང་དགོན་འདིའི་ཁྲི་བ་ལ་བཞུགས་ཚུལ་སོགས་ལོ་རྒྱུས་ཡིག་ཚང་དག་ཏུ་ཞིབ་ཏུ་མཐོང་ཐུབ། ད་ལྟའི་ཏེ་ཐུང་དགོན་ནི་དངོས་གནས་མིང་གི་ལྷག་མ་ཙམ་དུ་སྣང་ཡང་། ཡིན་ནའང་དགོན་པའི་འདུ་ཁང་གི་ལོགས་གཉིས་ཀྱི་ལྡེབས་རིས་ལ།
ཐང་ཟིན་བླ་མའི་རྟོགས་བརྗོད་ཁྲོད་ཀྱི་གཏམ་རྒྱུད་བརྒྱ་དང་གོ་བཞིའི་ནང་དོན་ཆ་ཚང་བར་རི་མོར་བཀོད་འདུག་པ་དེར་རིན་ཐང་ཤིན་ཏུ་ཆེ། འདུ་ཁང་གི་གདུང་མའི་ངོས་སུ་ཆིང་གོང་མ་ཏའོ་ཀོང་ཁྲི་རབས་བཅུ་གཉིས་ལ་ཞེས་བྲིས་ཡོད་པར་གཞིགས་ན། ད་ལྟའི་བར་ཕལ་ཆེར་ལོ་ཆིག་བརྒྱ་དང་གྱ་ལྔ་ལྷག་འགྱངས་ཡོད།

བྱམས་པ་འབུམ་གླིང་།
དཔའ་རིས་སེ་ར་ལུང་པར་ཆགས་པའི་ཏེ་ཐུང་དགོན་ཆུང་ངམ་སེ་ར་ལུང་དགའ་ལྡན་དམ་ཆོས་གླིང་ལ་འགྲོ་མ་ནུས་ཀྱང་། ཏེ་ཐུང་རྡོ་རྗེ་འཆང་གི་ཉེ་ལོགས་ཀྱི་སྤྱི་ལེ་དྲུག་གི་མཚམས་སུ་རྒྱ་སྐད་དུ“尕达寺”ཞེས་འབོད་པའི་དགོན་རྙིང་ཞིག་ཆགས་འདུག བོད་སྐད་དུ་བྲག་དགོན་མཆོག་དགའ་གླིང་དུ་འབོད། དགོན་པ་ནི་ལུང་མདོ་ལས་ལམ་ཕྲན་ཕྲ་ཞིང་དོག་པ་ཞིག་དེད་ནས་ཕུ་ལ་ཕྱིན་ཞིང་། ཕུ་དེ་ལས་ཡར་རི་ངོས་སུ་འགོས་ན་རིམ་པར་རི་བོ་རྩེ་མོ་ལྔ་ཅན་ཞིག་ལ་འགོ་དགོས། རྩེ་མོ་རེ་ལ་ལྷ་ཁང་ཆུང་ངུ་རེ་བཞེངས་འདུག ཀུན་གྱིས་འདི་ལ་གནས་མཆོག་རི་བོ་རྩེ་ལྔ་ཞེས་འབོད། ས་སྐྱ་པཎ་ཆེན་དང་འགྲོ་མགོན་འཕགས་པ་ཧོར་ཆེན་པོའི་ཡུལ་དུ་ཕེབས་དུས། དེ་ལ་གནས་བྱིན་ཅན་རི་བོ་རྩེ་ལྔ་ལྟར་གྲགས་པ་དེར་བཞུགས་མྱོང་བའི་ལོ་རྒྱུས་དང་ངག་རྒྱུན་མཆིས། བོད་ཀྱི་མཁས་པ་སྐོར་ཞིག་གི་རྣམ་ཐར་ལས་རི་བོ་རྩེ་ལྔར་བཞུགས་པའི་ལོ་རྒྱུས་འཁོད་འདུག་པ་ནི། ཏེ་ཐུང་གཙང་པོའི་རྒྱུད་དུ་ཆགས་པའི་གནས་མཆོག་རི་བོ་རྩེ་ལྔ་ལ་གོ་བ་ལས། རྒྱ་ནག་རི་བོ་རྩེ་ལྔ་མིན་ཞེས་མཁྱེན་དཔྱོད་ཅན་སྐོར་ཞིག་གིས་དོགས་སློང་མཛད་འདུག་པ་ཡང་དག་པར་བསམས།འབྲོང་ལུང་ཡུལ་གྱི་དགོན་སྡེའི་གནའ་ཤུལ་གྱི་རྟོག་ཞིབ་མཇུག་རྫོགས་རྗེས། ང་ཚོ་ཏེ་ཐུང་གཙང་པོའི་བཞུར་རྒྱུན་དེད་ནས་ཡོན་ཅིན་རྫོང་གི་ཕྱོགས་སུ་ཆས། ཡོན་ཅིན་རྫོང་ནི་ཀ་ཇུའི་ཁོག་ལས་རྨ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཁུག་སོར་ཆགས་ཡོད། དེར་རྫོང་གི་ལྷོ་ངོས་ཀྱི་བྲག་ངོས་སུ་ཆགས་པའི་ལཱོ་ཀྱ་ཏུན་བདེ་ཆེན་རབ་རྒྱས་གླིང་དང་མཇལ། དེ་ནི་བལ་བོའི་བཙུན་པ་ཕམ་མཐིང་བ་ཆུང་བ་ཞེས་པས་བཞེངས་པར་གྲགས། ཐོག་མའི་དུས་སུ་ས་སྐྱ་བའི་དགོན་དུ་མངའ་ཡང་། ཕྱིས་དགེ་ལུགས་པར་བསྒྱུར། ད་ལྟ་བོད་ཀྱི་མཆོད་མཇལ་བ་ཤིན་ཏུ་མང་ཞིང་། དགེ་འདུན་པ་དག་ཀྱང་བླ་བྲང་ཕྱོགས་ཀྱི་ཡིན། བྲག་ཕུག་གི་རྩེར་ཕྱིན་ན་རྨ་ཆུ་སྔོན་མོ་དྭངས་སེལ་སེལ་དལ་གྱིས་འབབ་བཞིན་པ་མིག་ལ་ལྷུང་འོང་།
ཕྱི་ཉིན་གྱི་ཞོགས་པའི་ཉི་འོད་འཕྲོས་པ་ཤིན་ཏུ་སྔ། ཉི་འོད་སྔ་མོ་ནས་ཁང་བརྩེགས་དག་གི་ངོས་སུ་འཕོས་འདུག འོད་ལམ་ལམ་བྱེད་པའི་ཉི་འོད་ཀྱིས་གཞོན་ནུ་མའི་འབོད་པ་བཞིན། ང་རང་སྔ་མོ་ནས་གཉིད་ལས་བསླངས་སོང་། ཀ་ཇུའི་ཁོག་ཏུ་ཆགས་པའི་ཡོན་ཅིན་རྫོང་གི་ས་བབས་དམའ་ལ། མཁའ་དབུགས་དྭངས། རང་བྱུང་མཛེས། ཞོགས་པའི་གནམ་ངོ་ནི་རྫོང་མཁར་ཆུང་ངུ་འདི་དལ་གྱིས་བསྐོར་ནས་མདུན་ཕྱོགས་སུ་བཞུར་བའི་རྨ་ཆུ་བཞིན་སྔོ་དྭངས་དྭངས་བྱེད། དེ་རིང་བྱམས་པ་འབུམ་གླིང་དང་ཧན་སྟག་ལུང་དགོན་ཆེན་ཕྱོགས་སུ་འགྲོ་དགོས་པས་ང་ཚོ་སྔ་མོ་ནས་ལམ་ལ་ཆས་པ་ཡིན། སྔ་མ་ནི་གནའ་བོའི་བྲག་ཕུག་རྙིང་པ་ཞིག་ཡིན། དེ་ཡི་བྱམས་པ་འབུམ་གླིང་ནི་སྔར་བོན་ལུགས་ལྟར་བཞེངས་ཤིང་། ཕྱིས་ནང་བའི་ལུགས་སུ་བསྒྱུར་བར་བཤད། དེ་ཡི་བྲག་ཕུག་བཞི་པ་དང་བདུན་པ་གཉིས་ནི་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཆེ། ཕྱི་མ་ནི་ཧན་སྟག་ལུང་དགོན་ཆེན་ཡིན། དགོན་པ་འདི་བསྟན་པ་ཕྱི་དར་སྐབས་བོད་བརྒྱུད་ནང་བསྟན་ཆོས་ལུགས་མདོ་སྨད་ཡུལ་དུ་དར་བའི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། དེ་བས་ཉིན་དེའི་རྟོག་ཞིབ་ཀྱི་གནད་གཙོ་བོ་ཡང་ཧན་སྟག་ལུང་དགོན་པ་བཟུང་བ་ཡིན།
བྱམས་པ་འབུམ་གླིང་ལས་ཕྱིར་ཐོན་དུས་ཕྱི་དྲོ་ཡོལ་འདུག ཕྱི་དྲོ་དེར་བསྟན་པ་ཕྱི་དར་སྐབས་གྲགས་ཆེ་བའི་ཧན་སྟག་ལུང་དགོན་ནམ་པཱེ་ཙང་དགོན་ཆེན་དུ་ཕྱིན། དགོན་དེ་ཐོག་མར་སྟག་ལུང་བཀའ་བརྒྱུད་ཀྱི་ལུགས་སུ་གཏོགས་ཤིང་། ཕྱིས་དགེ་ལུགས་པར་བསྒྱུར་ནས་བླ་བྲང་དགོན་གྱི་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་གྲས་སུ་གྱུར་ཡོད། ཙོང་ལ་རིང་མོའི་རི་རྒྱུད་ཀྱི་ལུང་གཞུང་དུ་ཆགས་པའི་ཡུལ་འདི་ལ། སྔར་བོད་སྐད་དུ་འབོག་གཞུང་ལུང་པར་འབོད་ཅིང་། ད་ལྟའི་ཅི་ཧྲི་ཧྲན་གྲོང་བརྡལ་གྱི་པེ་ཙང་གྲོང་རྡལ་ཆགས་པའི་ལུང་པའི་ཕུ་རུ། རྒྱ་སྐད་དུ་དགོན་ཆེན་སྡེ་བར་འབོད་པའི་གྲོང་སྡེ་ཞིག་ཡོད། གྲོང་སྡེ་དེ་ཆགས་པའི་རི་ངོས་སུ་ལྷ་ཁང་ཆུང་ངུ་ཞིག་མཆིས་པ་མཐོང་བས་ཕལ་ཆེར་རེད་བསམས་ནས་ཕྱིན་པ་ན། ཏག་ཏག་ཧན་སྟག་ལུང་དགོན་གྱི་རྗེས་ཤུལ་འཁྲུལ་མེད་རེད།
ཧན་སྟག་ལུང་དགོན་ནི་གནག་ལུག་བཙལ་བ་བཞིན་དྲ་ཐོག་ལམ་ཁྲིད་ལ་བརྟེན། ལམ་གྱི་མི་དག་ལ་ཡར་འདྲི་མར་འདྲི་མ་བྱས་ན་རྙེད་དཀའ། དགོན་པ་ལ་ཕལ་ཆེར་ཆེད་དུ་ལམ་རྟགས་ཀྱི་བྱང་བུ་གཅིག་ཀྱང་མ་བཞག་པ་འདྲ། དེ་ནི་གྲོང་སྡེ་མང་པོའི་གསེང་ནས་ཅུང་རྙེད་དཀའ་མོ་ཞིག་རེད། མཆོད་མཇལ་པ་ལ་ཤས་ཤིག་ཡོད་པའང་ས་གནས་ལོ་རྒྱུས་རྟོག་ཞིབ་བྱེད་མཁན་གྱི་ཐག་རིང་གི་མགྲོན་པོ་དག་ཡིན་པ་གོར་མ་ཆག ལྷ་ཁང་གི་དཀོར་གཉེར་ནི་རྣ་འོན་པ་གཉིས་རེད། དགོན་པའི་གནས་ཚུལ་དྲིས་ཀྱང་། བཤད་པ་མཐའ་དག་ཁ་ཐོར་ཡ་ཐོར་ཙམ་ལས་མི་སྣང་། ངས་ཡར་སྔོན་འཚོལ་བསྡུ་བྱས་པའི་རྒྱུ་ཆ་ཙམ་གྱི་གསལ་ཁ་ཡང་མི་འདུག་པས། ཨུ་ཐུག་ནས་གྲོང་པའི་གཞིས་ཁྱིམ་ཙམ་ལས་མེད་པའི་ལྷས་རར་ཡར་ཉུལ་མར་ཉུལ་བྱས། ཤེལ་གྱི་ནང་དུ་སླ་ང་ཆེན་པོ་གཉིས་བཞག་འདུག གམ་དུ་ཕྱིན་ནས་ཞིབ་ལྟ་བྱས་པ་ན། དེ་ནི་ཟངས་ཀྱིས་བཟོས་པའི་སླ་ང་རྙིང་པ་ཆ་གཅིག་རེད། ངོས་སུ་བོད་ཡིག་དང་རྒྱ་ཡིག་བྲིས་ཡོད་ཀྱང་། ལོ་ཟླ་མང་པོ་འགོར་ཕྱིན་ངོས་འཛིན་པར་དཀའ། ཕལ་ཆེར་དགོན་པ་དྲིན་གྱིས་བསྐྱངས་པའི་བསྟན་པའི་སྦྱིན་བདག་སྐོར་ཞིག་གི་མཚན་བྱང་ཡིན་པ་འདྲ།
ཕྱི་དྲོར་སླེབས་ཟིན། ང་ཚོ་ཧན་སྟག་ལུང་དགོན་དང་བྲལ་ནས་རི་ངོས་ལས་ཐུར་དུ་བབས། སྔ་མ་སྐྱེས་དྲགས་ན་ཕྱི་མ་འཆི་མི་ནུས་ཟེར་བ་ཅི་མ་བདེན། ལོ་ངོ་བརྒྱད་བརྒྱའི་སྔོན་ལ་དགོན་པ་འདིར་དགེ་འདུན་པ་སུམ་སྟོང་ཉེ་བ་ལྷག་བཞུགས་ཀྱང་། ད་ནི་མིང་གི་ལྷག་ལུས་ཙམ་དུ་གནས་པའི་ཁང་མིག་འགའ་ལས་མི་འདུག་པས། སེམས་པའང་སྐྱོ་ལྷང་ངེ་བ་ཞིག་བྱུང་ནས་གནས་དེ་དང་རེ་ཞིག་ཁ་བྲལ་བ་ཡིན།
འབྲེལ་ཡོད་འོས་སྦྱོར།