དངུལ་དཀར་སྒྲོག་རིལ། འཆི་མེད།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-18
ཀློག་གྲངས།:
དངུལ་དཀར་སྒྲོག་རིལ།
འཆི་མེད།
མཚར་སྡུག་སྙིང་ཆུང་བུམ་པའི་འགུལ་རླབས་སྙི་མོ།།
ཟོལ་མེད་ཡིད་ལ་ལྷུང་བའི་སེམས་རིས་དྭངས་མོ།།
མ་བྲིས་ལང་ཚོ་གསལ་བའི་འཇོ་སྒེག་དམར་མོ།།
བྱང་སྟོད་རི་ལ་འཁོར་བའི་ན་ཆུང་ཡུ་མོ།།
རྣང་མའི་འདམ་ལ་བརྫིས་པའི་གསར་སྐྱེས་མེ་ཏོག།
སུ་རུ་སྤེན་མས་ཡུ་བ་འཛུགས་པ་མ་གནང་།།
དར་རྒུད་ལས་ལ་བསྐོས་པའི་འཇིག་རྟེན་རྩེད་ར།།
ལན་ཅིག་མ་བརྩེས་ཟེར་ན་སུ་ཡང་རྫུན་རེད།།
གཞས་ཆུང་ཆུ་ལ་བསྐུར་པའི་སེམས་ཀྱི་འཕྲིན་པ།།
གྱ་གྱུའི་རླབས་ཕྲེང་གཏོར་བའི་ཆུ་ཟིལ་ཕྲ་མོ།།
ལན་ཅིག་སྐོམ་པ་སེལ་བའི་སྣོད་ལ་བསྐྱིལ་ན།།
ནམ་ཞིག་མཚོ་མོ་དྭངས་དྭངས་དྭངས་རྒྱུ་ཨེ་ཡོད།།
ཁ་ལ་མ་མྱང་གོང་ནས་སྣ་ལ་གདུག་པ།།
རུལ་པའི་དྲི་མ་མ་རེད་ངན་པའི་གཤིས་རེད།།
ཆུ་ལ་བཀྲུ་རྒྱུ་མེད་པའི་སོལ་བའི་ཕྱི་ནང་།།
འོ་མས་བཀྲུས་ན་རང་གཞན་གཉིས་ཀ་བསླད་ཡོང་།།
ལས་དང་སྨོན་པའི་འདབ་མ་མ་སྐམ་གོང་ལ།།
རྡུལ་གྱི་དྲེག་པ་སྤྲུག་པའི་གཏམ་རྒྱུད་མང་ཡང་།།
ད་ལོ་བག་ལ་ཞ་བའི་ལོ་རྒྱུས་མཐོང་ན།།
རི་རྩེ་གངས་ཀྱིས་བསྡམས་པའི་དགུན་ཁ་དྲན་བྱུང་།།
ཟམ་པའི་ཀ་རྡོ་ཆུ་མོའི་གཏིང་ལ་ཡོད་ཀྱང་།།
མི་འགྱུར་ཤེད་ཤུགས་ཀ་བའི་རྩེ་ན་ཡོད་ཀ།
ཁ་སེམས་བར་ན་ལུས་པའི་ཚིག་གི་མདུད་པ།།
ཕྱི་ནས་མ་ཁྲོལ་སྙིང་གི་དཀྱིལ་ལ་ཐིམ་ཡོད།།
ཁ་སང་མ་རེད་ལོ་དང་ཟླ་བ་འགོར་ཡོད།།
ཚེ་གཅིག་ཚེ་ལ་བསྙལ་པའི་ལོ་ཆང་ཁམ་པ།།
སྨན་ཕྱེ་ཁ་ལ་བཏབ་པའི་ཕོར་ཆུང་ནང་ན།།
ཀྲིག་ཀྲིག་འཁྱིལ་བ་མ་བསྐྱུར་གཙང་བཞེས་གནོང་དང་།།
མི་ཚོགས་གདན་ལ་འཛོམས་པའི་ཁྲོམ་ཆེན་གྲལ་ནས།།
གཞས་དང་གར་ལ་རོལ་ན་སྒམ་བརླིང་ཡིན་དགོས།།
ཆང་ལ་སྦངས་པའི་མཆུ་སྒྲོས་འགུལ་བ་མ་གནང་།།
ཡུན་རིང་སྦས་པའི་གསང་ཚིག་ཕྱི་ལ་ཐོན་འགྲོ།།
དངུལ་དཀར་སྒྲོག་རིལ་བཀྲོལ་པའི་གཏམ་རྒྱུད་མེད་ན།།
འཇིག་རྟེན་སྣང་བ་འདི་ལ་དྲོད་ཁོལ་མི་འདུག།
ཡ་ཆུང་སེམས་ལ་ལྷུང་བའི་ཁ་ཚིག་མེད་ན།།
ཕྱི་ཐག་ཚེ་ལ་མི་ཐུབ་བརྩེ་བ་འགྱུར་འགྲོ།།
དུངས་ན་ཇེ་དཀར་གངས་ཅན་ཁ་བ་དཀར་པོ།།
བཟུང་ན་མི་ཐུབ་རིན་ཆེན་སེམས་ཀྱི་ནོར་བུ།།
རྒྱང་རིང་ཡུལ་ནས་རྒྱང་མཇལ་ལན་ཅིག་བྱས་ན།།
སེམས་རྩ་དྲོད་ཀྱིས་བཟུང་བས་ཡིད་ཁ་གང་སོང་།།

འབྲེལ་ཡོད་འོས་སྦྱོར།