logo

སྙན་ངག་པ་ན་རོ་ལགས་ཀྱི་སྙན་ངག་ཅིག

རྩོམ་པ་པོ།:ན་རོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-16 ཀློག་གྲངས།:
སྒེའུ་ཁུང་ཆུང་ཆུང་།
ན་རོ།
 
སྤྱིར་གྱིས་དབུགས་རྒྱུན་སྲིང་སའི་སྒེའུ་ཁུང་ཆུང་ཆུང་འདི།
ཉི་འོད་བཞོ་སའི་འོ་ཟོ་ལ་བཟོས་ཀྱང་།
ཁ་གཏད་ཀྱི་ཁང་བརྩེགས་དེས།
སྤྲིན་དཀར་གྱི་མེ་ལོང་ཡང་ནག་པོར་བསྒྱུར།

སྐབས་ཤིག་ལ། ཉི་མ་མི་མཐོང་བའི་མུ་གེའི་སྒང་ལ།
པདྨ་མི་མཐོང་བའི་ཟླ་ལྷག་ཀྱང་བྱུང་བས།
སྒེའུ་ཁུང་ཆུང་ཆུང་གི་ཟུར་མིག་ལ་གཡོ་འགུལ་མེད་པར་གྱུར་ཅིང་།
སྲང་ལམ་དཀྲོག་པའི་སྦྲང་ཆུང་རྣམས་ཀྱང་འགྱིག་གི་མེ་ཏོག་ཏུ་བྱིང་།

ཡང་སྐབས་རེར། ནུབ་མོ་བརྗེད་དེ་ལྟ་དུས།
སྲང་ལམ་འདི་ནས།
ཕྱི་རུ་ཡི་གེ་ཁ་ཤས་གངས་འདབས་སུ་སྣོམ་བཞིན་པ་མཐོང་ལ།
ནང་དུ་མེ་ཆ་རྙིང་པ་བྱ་ཤོར་གྱི་རྔན་པར་འཁྱེར་ཡོང་བའང་མཐོང་།

ཁ་སང་། ལ་རྒྱབ་ཀྱི་རྒྱལ་མཚན་རྩེ་མོས།
འཆི་བའི་རལ་པ་སང་ཉིན་ལ་སླེ་བཞིན་གདའ།
སྒེའུ་ཁུང་ཆུང་ཆུང་གི་བདག་པོས།
རྒྱལ་སྒོ་གསིག་གིན་ཁྲོམ་གྲལ་སྙེག

༢༠༢༥ལོའི་ཟླ༡༠ཚེས༡༤ཉིན།
འབྲེལ་ཡོད་འོས་སྦྱོར།