རྣམ་ཤེས་བོར་བའི་མི་རབས།
རྩོམ་པ་པོ།:རྩྭ་ཕྲན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-05
ཀློག་གྲངས།:
ཉིན་འདི་གར་རྒྱ་མི་སློབ་གྲོགས་འགའ་ཤོས་ནས་ཁྱེད་ཀྱི་རུས་ནི་ག་རེ་ཡིན་ནམ། ཁྱེད་ཚོར་རུས་མེད་པ་ཡིན་ནམ་ཟེར། ཁོ་ཚོའི་འཆར་ཡན་དེ་ནི་རྒྱུ་མེད་རྐྱེན་མེད་ཅིག་ག་ལ་ཡིན། ཁོ་ཚོ་མང་ཤོས་ནང་ལོགས་ཀྱི་མཐར་མི་དག་ཡིན་པས་འདི་ལ་ངོས་འཛིན་གསལ་བོ་ཞིག་མེད་པས་ཡིན་ཡང་སྲིད། སྐབས་དེར་ངས་ང་ཚོར་རུས་ཡོད་ཀྱང་དེ་སྤྱིར་བཏང་དེ་འདྲའི་རྒྱུགས་ཆེན་པོ་བེད་སྤྱོད་གཏོང་གིན་མེད་ཅེས་ལན་བཏབ་པ་ཡིན། སྐབས་འདིར་ངས་རྒྱང་རིང་གི་རུ་སྡེ་སྨུག་པོ་ཞིག་དྲན་ལ་རྒྱང་རིང་གི་ཨ་མའི་ཞལ་རས་ཀྱང་ཡིད་ལ་ག་ལེར་འཁོར་ཡོང་། སྤྱི་ལོའི་བཏང་དུ་བྱས་ན༦༣༤ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་ཤར་བཀའ་རྩེབས་ཀྱི་དམག་དཔོན་དུ་བསྐོས་པ་ཧོར་དགེ་ལེགས་ཀུན་འབྱུང་གིས་དམག་ཁྲི་ཚོ་དགུ་ཁྲིད་དེ་མདོ་སྨད་གཡར་མོ་ཐང་ལ་སྤྱི་ཁྱབ་དཔུང་སྒར་བྱས་ཏེ་ཐང་དམག་ཤར་གྱི་མཐའ་རུ་བསྐྲད། སྟོང་སྡེ་དྲུག་ཅུ་རྩ་བཞི་དབང་དུ་བསྡུས།རླངས་བཟའ་ཨ་སེང་དཀར་མོ་ཁབ་ཏུ་བཞེས་ནས་ཧོར་ཨ་རྟོགས་ཚང་གི་རུས་རྒྱུད་ལ་ས་བོན་གྱི་མྱུ་གུ་འབུས། ལྕགས་བྱིའི་སྤྱི་ལོ༨༨༠ལོར་རུས་རྒྱུད་དྲི་མ་མེད་པ་ས་སྐྱ་འཁོན་གྱི་རིགས་སྲས་འཁོན་རིགས་སྲུང་བ་བཙན་པོ་ཁྲི་རལ་གྱི་བཀའ་ལྟར་མདོ་སྨད་དུ་ཁྲལ་བསྡུ་བར་ཕེབས་ནས་ཨ་རྟོགས་བཟའ་རྒྱལ་མོ་བྱམས་ཁབ་ཏུ་བཞེས་པ་ནས་ཕ་རྒྱུད་འཁོན་ལས་ཆད། མ་རྒྱུད་ཨ་ལས་ཆད་པའི་ལོ་རྒྱུས་ལ་བཀའ་ཐེམ་གྱི་ཕྱག་རྒྱ་ཕབ། མདོ་སྨད་གསེར་མོ་ལྗོངས་ཀྱི་ལྷོ་རྒྱུད་ནས་མངའ་ཐང་གི་ཕྲུ་མ་བཏབ། ཧོར་ཨ་རྟོགས་ཚང་གི་གཞི་འཛིན་ལས་ཕ་རྟིང་ཚོ་བ་གསུམ་དང་གཡོག་མོའི་བུ་གཉིས་ཞེས་སོ་ནག་ཚོ་རྟིང་ལྔ་ཞེས་རེབ་གོང་སྟོད་ཀྱི་འབྲོག་སྡེར་གྲགས་སོ། །
ལོ་རྒྱུས་ཀྱི་རྗེས་ཤུལ་རེ་ན་རྔ་དཀར་ནི་ཕ་རྟིང་ཚོ་བ་གསུམ་ལས་བུ་ཆུང་ཞིག་གི་མིང་ཡིན་ཟེར། རི་སྡེའི་ངག་རྒྱུན་དག་ན་བེའུ་རྔ་དཀར་མང་བས་མནའ་མ་ཞིག་གིས་བཏགས་ཞེས་སྨྲ། ཁུངས་སྐྱེལ་ཐུབ་པའི་ཡིག་ཚངས་མེད་ཀྱང་རྔ་དཀར་ཞེས་པ་ནི་ང་རང་ཆུང་དུས་ནས་གོ་བ་རྐྱེན་པའི་མིང་བརྡ་ཞིག་ཡིན། རྐྱེན་དེ་ལས་ངས་གནའ་ནས་ད་ལྟའི་བར་དུ་ང་རང་རྔ་དཀར་ནས་ཡིན་ཞེས་འབོར་ལ་ཉེ་བའི་མིང་བྱང་འདི་ལ་བདག་པོ་རེ་རྒྱག་ཅི་ཐུབ་བྱས་པ་ལགས། ལོ་རྒྱུས་ཀྱི་རྗེས་ཤུལ་བོར་བའི་དེང་གི་དུས་འདིར་ས་མིང་འདི་ལ་མཁར་ལུང་དང་འབའ་རྩེ་ཞེས་སྡེ་མིང་གཉིས་སུ་འབོད་པ་ལས་རྔ་དཀར་ཟེར་མཁན་ཤིན་ཏུ་ཉུང་། མདོར་ན་རྔ་དཀར་ཟེར་བའི་མིང་བྱང་འདི་ཡང་གོ་ཐོབ་མེད་པའི་སྤྲང་བོ་ཇི་བཞིན་ཡིག་ཚགས་ལས་འབོར་ལ་ཉེ་བའི་གོ་ཐོབ་ཟད་པོ་ཞིག་ཅི་ལ་མིན། གནའ་སྔ་མོར་ཕ་ཨ་ཁུ་སྟག་ལས་བཙན་དུས། མ་སྲུ་མོ་འཇའ་ལས་མཛེས་དུས། སོ་ནག་རྔ་དཀར་ཞེ་ན་མཁས་པ་ལྕེ་ནག་སྒར་ནས་འཁྲུངས་ས། དཔའ་བོ་མདུང་བཟུང་རི་ནས་སྐྱེ་སའི་གཡང་ས་ཞལ་དཀར་ཞིག་ཡིན་པ་ངས་ཡང་བསྐྱར་འགྲེལ་བཤད་བྱ་དགོས་པ་ཞིག་ཅི་ལ་ཡིན། གནས་ལྔ་རིག་པའི་མཁས་གྲུབ་དམ་པ་རྔ་དཀར་དཀོན་མཆོག་འཕྲིན་ལས་དང་ཉེ་དུས་ཀྱི་རིག་པའི་དེད་དཔོན་རྩེ་གཞུང་ལྷ་སྨྱོན་རོལ་བ་རྩལ། སོ་ནག་ས་བསྟོད་ལས་“སྦྱང་དར་མ་འདྲ་བའི་བཀྲ་འབུམ། འབྲོང་རུ་དམར་འདྲ་བའི་ཇོ་རྒོད་”སོགས་མཁས་པ་རྣམ་དཔྱོད་ཅན་དང་དཔའ་བོ་སྙིང་ཁམས་ཅན་མང་དུ་འཁྲུངས་མྱོང་། ཚིག་གི་སྒྱུ་རྩལ་ལ་སྲོག་གི་དབང་བོ་ཞུགས་ན་སོ་ནག་ས་བསྟོད་ལས།
ལོ་རྒྱུས་ཀྱི་ཤོག་དྲིལ་རེ་རེ་དལ་བུར་སྒུལ་དུས་ངའི་ཡིད་ལ་འཁོར་ཡོང་བ་ནི“རེབ་གོང་སྟོད་ཀྱི་ཇག་པ། རེབ་གོང་སྨད་ཀྱི་སྐལ་ལྡན།”ཞེས་པའི་ཤོ་ལོ་ཀ་ཞིག་གི་སྔ་དུམ་རེད། སྤྱིར་ན་འབྲོག་པའི་མི་རིགས་ཀྱི་རུ་སྡེ་ཚང་མས་མཚེར་ས་འཕྲོག་རྩོད་ལས་བཙན་པོ་གཡུལ་གྱི་སྦྱོར་བ་བཤམས་པ་ནི་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་རེད། བཙན་པོ་དཔུང་གི་སྦྱོར་བ་དག་ན་དབྱར་མཚེར་དང་དགུན་མཚེར་ཞེས་པའི་ཤོག་སྡེབ་རེ་རེ་ནི་ལོ་རྒྱུས་ཀྱི་མེ་ལོང་ཡིན། རྔ་དཀར་ཞེས་པའི་རུ་སྡེ་འདི་འང་སྔར་གྱི་ལུགས་སྲོལ་ལ་ཁྲམ་རྟགས་ཡོད་པའི་རྗེས་ཤུལ་གསལ་བོ་ཞིག་ཡིན་པས་ད་གཟོད་རེབ་གོང་སྟོད་ཀྱི་ཇག་པར་གྲགས། ལོ་རབས་གོང་མའི་ཇག་ལས་རིག་གནས་ནི་འབྲོག་པའི་མི་རིགས་ཐུན་མོང་ལ་གྲུབ་པའི་གོམས་གཤིས་མངོན་གསལ་ཞིག་རེད། ཡིན་ཡང་དེ་ནི་འདས་སོང་རེད། མདོར་ན་ལོ་རྒྱུས་རེད། དེང་གི་དུས་འདིར་བདག་གི་རུས་རྐང་གི་རྣམ་ཤེས་ལྟ་བུའི་རུ་སྡེ་འདིར་གཟུང་འཇུག་གི་རྒྱུན་ཐག་ཆད་ལ་ཉེ། རྣོ་དབལ་རབ་ཏུ་འབར་བའི་གྲི་ཁ་ནང་ལ་བསྐོར་དུས། ཁྲག་གི་དྭངས་མ་གཅིག་པའི་ཕུ་ནུ་གྱོད་ལ་ཐུག་དུས། ཕྱི་རྫིག་ཁོག་སྟོང་ཡིན་པའི་སྐྲ་ལོ་རྒྱབ་ལ་དཔྱངས་དུས། ངས་གནའ་བོའི་གདོང་བ་སྨུག་པོ་ཅན་གྱི་མི་བུ་དག་གི་རྣམ་ཤེས་དྲན་ཡོང་། མྱི་ས་མཐའ་ནས་ཤི་ཡང་རོ་ས་མཐའ་ནས་བསྐྱུར་མྱོང་མེད་པའི་མཛའ་བརྩེ་དྲན་ཡོང་། ལོ་རྒྱུས་མུ་རུ་བཞུད་པའི་མ་འོངས་པར་ཁོ་ཚོས་ཨ་རྟོགས་ཟེར་བའི་རུས་རྒྱུད་ལ་བརྗེད་རྟགས་འགོད་ཉེན་ཆེ། རྔ་དཀར་ཞེས་པའི་སྡེ་མིང་ལ་བདེ་མོ་འཇོག་པར་བྲེལ། འདི་ནི་ནགས་ཀྱི་སྤྲེའུ་དག་གི་རང་གཤིས་དང་ཅི་འདྲའི་མཚུངས་ཨང་། བདེན་པ་མཐའ་རུ་བདར་ན་ལེགས་པའི་གནས་ལུགས་རྟོགས་པའི་དཔེ་བཞིན་ང་ཚོ་ཇི་ལྟར་འགྲོ་འམ། འདི་ནི་མི་རབས་གཅིག་ལ་འཕྲད་པའི་དཀའ་ངལ་མ་རེད། རྒྱང་ཐག་ཤིན་ཏུ་རིང་བོའི་མ་འོངས་པར་འཕྲད་པའི་དཀའ་ངལ་ཞིག་ཅི་ལ་མིན།
བདག་གི་ཨ་མ་ལགས་ཀྱིས་ནམ་རྒྱུན་ང་ཚོ་དག་ཞིང་ན་གནས་ཡོད་གསུངས། འདི་ནི་རང་བྱུང་ཁམས་ཀྱི་བྲང་གཞུང་ལ་བཏབ་པའི་བརྩེ་འདང་གི་རི་མོ་ཞིག་ཅི་ལ་མིན། འཆམ་མཐུན་མཉམ་གནས་ལས་འཕྲོས་པའི་ཕ་ཡུལ་གྱི་བཞིན་པད་ལ་བཅངས་བའི་མཛེས་སྡུག་ཅིག་ཅི་ལ་མིན། འདི་ནི་རུས་རྐང་མ་བརྗེད་མི་སྲིད་པའི་གནའ་མི་སྨུག་པོ་ཞིག་གི་ཕུགས་འདུན་མ་ཡིན་ནམ། ད་ལྟའི་ཆར་ཕུགས་བསམ་ངག་ལ་གྱེར་བའི་འདས་སོང་གི་ལོ་ཟླ་ག་ཚོད་ཅིག་ལ་ང་ཚོས་རང་ཉིད་ཀྱི་འདུན་མ་ཁོ་ན་གླུ་རུ་བླངས། སུས་ཀྱང་ཁ་སང་མ་གླེང་བའི་ལོ་རྒྱུས་ཀྱི་བེམ་པོ་ཁོ་ན་ཐང་སྟོང་དུ་ལུས། གནས་མལ་གང་ཡང་མི་ཤེས་པའི་རྣམ་ཤེས་ལྡོམ་པོ་འགའ་གྲོང་ཁྱེར་དུ་འཁྱམས། སྟོང་བར་ལུས་པའི་ཕ་ཡུལ་གྱི་བཞིན་པད་མཛེས་སྡུག་ལ་སྒོམས་མཁན་ཤིན་ཏུ་ཉུང། རྒྱང་ཐག་རིང་བའི་གདོང་བ་དཀར་པོ་ཅན་གྱི་འདོད་པའི་རླུང་བུ་ཕ་ཡུལ་དུ་ལྡང་། ཀ་རྐང་སུམ་བཅུ་དགོན་སྡེའི་ཆོས་ལུགས་ཀྱི་ཆོ་གར་འཁྲུལ། མེས་པོའི་རུས་མཛོད་ལ་བརྗེད་ངེས་ཀྱི་ཁྲམ་རྟགས་བཀོད། སྨྲ་ར་མོག་པོར་གྱུར་བའི་རྒན་པ་མཐའ་དག་འདུས་སྡོད་དུ་སྦར། རམ་དཀར་རྩྭ་མཆོག་རོལ་བའི་ནོར་ཁྱུ་རྣམས་ལྕགས་དྲར་ཚུད། ཤིན་ཏུ་ཁེར་རྐྱང་ཡིན་པའི་ཁྱི་རྒན་ལྡོམ་པོའང་མཁར་གྲོང་སྙེག སྤྱང་ཚོགས་ཀྱི་བསྟན་པ་ཤིན་ཏུ་དར། རང་ཉིད་གང་ནས་ཡོང་བ་མི་ཤེས་ལ་གང་དུ་འགྲོ་དགོས་པའང་མོག་པོར་གྱུར། མེས་པོའི་རུས་མཛོད་མ་རྙེད་པའི་གཞོན་པ་དག་གླ་བར་གྱུར། བཞིན་ཤར་སྨུག་ཤ་འདྲེས་པའི་སྐྱེས་མ་དག་ཆང་ལ་འདྲེས། བྱིས་པའི་གཉེར་རིས་མ་དག་པའི་མི་རབས་དེ་གཞན་ལ་འགྱུར། སྐབས་འདིར་ངས་རྔ་དཀར་མ་ཡིན་པའི་རྔ་དཀར་གཞན་པ་དག་ཡིད་ལ་ག་ལེར་འཁོར་ཡོང་།

“ལྷ་བཙན་དམར་དཔའ་བོའི་རི་ཕྱོར། །རི་ཕྱོར་ཡག་བྱུ་རུའི་ལྷུན་པོ། །
ནང་བཙན་དམག་འབུམ་གྱི་ཕོ་བྲང་། །བཙན་མ་མོ་འཐབ་པའི་རྒྱུགས་ལམ། །
དམག་བུ་རྟ་གཉིས་ཀྱི་འགོ་འདྲེན། །མགོན་གྲུབ་དབང་ནམ་མཁའི་བཀའ་སྡོད། །
བཀའ་གསར་རྙིང་ཆོས་ཀྱི་ཁ་འཛིན། །ས་ཚུལ་བཞིན་སྒྲུབ་པའི་བསྟན་སྲུང་། །
ལྷ་གཏེར་བདག་འབའ་རྩེ་གོང་རྒྱན། །གཏེར་ཆེན་པོ་རྒྱག་པའི་ཕ་ས། །
འབའ་རྩེ་ཁོག་མང་རའི་ས་མཚམས། །ས་གོང་སྟོད་གོང་བའི་རྒྱན་ཡིན། །
རི་མཆོད་རྟེན་བང་རིམ་ནང་ན། །ཝང་ཆོས་རྒྱལ་ངག་གི་རྟེན་ཡོད། །
ལྷ་ཕྱག་དྲུག་མགོན་པོའི་སྐུ་ཡོད། །ཡུལ་སྐུ་རྒྱལ་བོད་ཀྱི་རྟེན་གནས། །
རྗེ་བླ་མའི་ལུང་གིས་ཟིན་ཡོད། །འདི་ཀུན་ཀྱིས་ཞིག་གསོ་བྱེད་དགོས། །
སྐམ་ཆེ་ཆུང་ས་ནག་ཨེར་རྨེན། །ནོར་ནག་མོ་འབྲོང་ལ་འདྲེས་ས། །
སྡེ་ཨ་སེང་ཨ་རྟོགས་གཉིས་ཀྱིས། །ས་མ་བགོས་སྤྱི་ན་བཞག་ཡོད། །
ངའི་ཕ་ས་བྱ་དར་རྩེ་ན། །དགུང་གཡུ་འབྲུག་འབབ་སའི་དོང་ཡོད། །
དུང་རི་གསུམ་རྩེ་ནས་བུས་ན། །འབྲུག་འབྲུག་དོང་ནང་ནས་གྲག་གི །
ས་བྱ་དར་ལུང་བའི་རྐེད་ན། །རྒོད་གླག་གི་རྩེད་འཇོའི་བྲག་ཡོད། །
བྲག་དམར་བོའི་རྒྱ་སྒོའི་ནང་ནས། །སྐྱ་སྟོང་གིས་བསྐོར་ན་སྐྱོན་མེད། །
ས་བྱ་དར་ལུང་བའི་མདོ་ན། །བྱ་སྣ་ཚོགས་འབབ་སའི་ནགས་ཡོད། །
ནགས་རྒྱ་འདལ་གཡུ་ལོའི་རྩེ་ནས། །བྱ་གཡུ་བྱ་ཁུ་བྱུག་གྲག་ས། །”
ཞེས་པ་ནང་བཞིན་གནས་འདིའི་མཛེས་སྡུག་གི་རྟོག་འགྱུ་མ་ལུས་འདི་རུ་བསྡུས་པས་ད་ནི་སྨྱུ་གུའི་རྩེད་འཇོ་ལ་ངལ་བ་མི་སྟེར་པར་འཐུས་པར་བྱའོ། །ནང་བཙན་དམག་འབུམ་གྱི་ཕོ་བྲང་། །བཙན་མ་མོ་འཐབ་པའི་རྒྱུགས་ལམ། །

འབྲེལ་ཡོད་འོས་སྦྱོར།