ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ། རླུང་གིས་བསྐྱོད་པ།
རྩོམ་པ་པོ།:ཞི་བདེ་ཉི་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-01
ཀློག་གྲངས།:
ལུ་གུ་དེ་གནམ་སའི་མཚམས་སུ་འགྲེང
དེ་ནི་དཀའ་སྡུག་གི་ཁྱོད་རེད
— ཧེ་ཙིའི«ས་གཞི»ལས་དྲངས།
སྒྲ་ཞིག་མཁོ་ཚེ
གཡང་རོང་དུ་འཁྱུག་པའི་སྤྲིན་ལ་ཉོན
སྤྲིན་གྱི་གཤམ་དུ་ཤག་ཤག་འབབ་པའི་ཆར་ལ་ཉོན
ཆར་ཆུའི་ཁྲོད་དུ་བརླན་པའི་རྒྱང་རིང་ལ་ཉོན
གཟུགས་ཤིག་མཁོ་ཚེ
རླུང་གིས་གསོས་པའི་ཨ་འབར་བྲག་རི་ལ་ལྟོས
བྲག་རྩེ་རུ་སྔ་རྗེས་སུ་འགྲེང་བའི་རྣ་བ་ལ་ལྟོས
བྲག་སྟོད་སྨད་བར་གྱི་ཐང་རྒོད་སྟེང
གན་བརྐྱལ་དུ་ཉལ་བའི་བློ་འབུམ་ལ་ལྟོས
ཁོའི་རྒྱང་རིང་ལྟ་བུའི་མིག་ཟུང་དང་དྲན་སེམས་ཀྱི་སྐྲ་ལོ་ལ་ལྟོས
བློ་འབུམ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རླུང་རེད
བློ་འབུམ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤང་ཐང་རེད
བློ་འབུམ་གྱི་མིག་ནི་ཁྱོད་དང་ག་ལ་འདྲ
བློ་འབུམ་གྱི་མིག་ནི་ཨ་འབོར་རི་བོའི་སྤྲིན་རེད
བློ་འབུམ་གྱི་མིག་ནི་ཨ་འབར་གཙང་པོའི་བཞུར་སྒྲ་རེད
བློ་འབུམ་གྱི་མིག་མདངས་ལས་ནམ་སྔོན་པོ་ཞིག་ཤར
གནམ་སྔོན་པོའི་ངོས་སུ་སྤྲིན་དཀར་ཞིག་རྒྱུ
སྤྲིན་པའི་བང་རིམ་ལས་བྱ་རྒོད་གཉིས་ཀྱིས་ལྡིང་སྐོར་རྒྱག
བལྟས་ཀྱིན་བལྟས་ཀྱིན་བྱ་རྒོད་དེ་གཉིས་ནི
བར་སྣང་གི་དཔེ་རིས་ཤིག
བར་སྣང་གི་མེ་ཏོག་ཅིག
བར་སྣང་གི་དམངས་གཞས་ཤིག
བློ་འབུམ་དང་རྒོད་པོའི་བར་སྟོང་ནི
འཛིན་ཐབས་བྲལ་བའི་སྟོན་རླུང་ཞིག
གར་འགྲོ་མེད་པའི་སྤྲིན་པ་ཞིག
མཐའ་མེད་པའི་རྒྱང་རིང་ཞིག
བྱ་རྒོད་གཉིས་ཀྱིས་སྤྲིན་པའི་བང་རིམ་བརྟོལ
བྱ་རྒོད་གཉིས་ཀྱིས་ནམ་འཕང་གཅོད་ཀྱིན
རིའི་ཕར་རྒྱབ་ཀྱི་མཁའ་དབྱིངས་སུ་ཡལ
བློ་འབུམ་གྱི་མིག་ལམ་ནི་མཐའ་ཡས་པའི་སྔོན་པོ་ཞིག་རེད
“འདི་ནི་ལོ་རབས་གང་ཞིག་གི་ནམ་མཁའ་ཡིན་ནམ”
བློ་འབུམ་གྱིས་མཁའ་དབྱིངས་ལ་ཡུན་རིང་ཅེར
གློ་བུར་དུ རས་ལེབ་དམར་པོ་ཞིག
རྒྱང་རིང་གི་མཁའ་དབྱིངས་ནས་རླུང་གིས་སྐྱོད་བཞིན་མངོན་བྱུང
རས་ལེབ་དམར་པོ་དེ
སྐབས་སྐབས་སུ
ཨ་འབར་རི་བོའི་ཕ་རོལ་ཏུ་སྐྱོད
སྐབས་སྐབས་སུ ཨ་འབར་རི་བོའི་རྩེ་རུ་སྐྱོད
སྐབས་སྐབས་སུ བློ་འབུམ་གྱི་མགོ་ཐོག་ཏུ
ཕར་བསྐྱོད་ཚུར་གཡེང་བྱེད
བློ་འབུམ་གྱིས་རས་ལེབ་དམར་པོ་དེ་ལ་ལྟ་བཞིན
གདངས་དབྱངས་གཉོམ་པའི་ལ་གཞས་ཤིག་བཏང
“གནམ་སྔོ་ལ་ཡུག་གི་ངོས་ལ
ཁྱོད་མི་དགོས་ཆུ་སྤྲིན་དཀར་པོ
ཁྱོད་ཤར་འགྲོ་ནུབ་འགྲོའི་བར་ནས
ཆུའི་ལོག་འགྲོར་བསམ་ན་སྡུག་གིན”
རླུང་བུས་རས་ལེབ་དམར་པོ
ཡར་བསྐྱོད་མར་བསྐྱོད་ལན་མང་བྱས་རྗེས
ཐད་ཀར་བློ་འབུམ་གྱི་ངོ་གདོང་ལ་ལྷུང་སོང
རས་དམར་གྱིས་བློ་འབུམ་གྱི་ངོ་གདོང་གཡོགས་སོང
བློ་འབུམ་གྱི་མིག་ཟུང་གཡོགས་སོང
སྐད་ཅིག་ཙམ་ལ
བློ་འབུམ་གྱི་མིག་མདུན་དམར་པོ་རུ་གྱུར་སོང
ཞི་འཇམ་གྱི་ཚོན་མདངས་ལས
ཞིམ་པའི་དྲི་ངད་ཅིག་སྣ་ལམ་དུ་འཐུལ་ཡོང
བློ་འབུམ་ཧ་ལས་སོང
གར་ཡོང་མི་ངེས་པའི་རས་ལེབ་དམར་པོ
ལྐོག་གྱུར་གྱི་རས་ལེབ་དམར་པོ
བསླུ་བྲིད་ཀྱིས་ཁེངས་པའི་རས་ལེབ་དམར་པོ
བློ་འབུམ་གྱིས་རས་ལེབ་དམར་པོ
ངོ་གདོང་ལས་དལ་གྱིས་བླངས
ཁོས་མཚར་སྣང་ངང་རས་དམར་དེ་ལ་བལྟས
ཁོས་རས་ལེབ་དམར་པོ་དེ་ལག་པས་ཕུར་ཙམ་བྱེད
ཁོས་རས་ལེབ་དམར་པོ་དེ་སྣ་མདོ་རུ་ཁྱེར་ནས་སྣོམ་ཙམ་བྱེད
དེ་ནི་བུད་མེད་ཅིག་གི་མགོ་དཀྲིས་དམར་པོ་ཡིན་སོང
དེའི་སྟེང་དུ་མག་མོག་གི་ཡིག་འབྲུ་ཁ་ཤས་མངོན་ཡོང
བློ་འབུམ་གྱིས་ཞིབ་ལྟ་བྱས
བློ་འབུམ་གྱིས་ཞིབ་འདང་རྒྱག
དོགས་འདྲི་མང་པོ་ཞིག་གིས་ཁོ་རང་ཡར་བསླངས་སོང
བློ་འབུམ་གྱིས་རང་གི་ཁོར་ཡུག་ཏུ་བལྟ
རླུང་གིས་གཡོ་བཞིན་པའི་རྩི་ཏོག་ཁྲོད
ཆགས་པས་མྱོས་པའི་གཡག་རྒོད་འདུག
གཡག་རྒོད་ཀྱིས་འབྲི་མོ་ལ་བསྐོར་བ་རྒྱག་གིན་འདུག
འབྲི་མོས་རྔ་མ་དྲུག་མདོར་བསླངས་ཏེ
སྐབས་སྐབས་སུ་གཡག་ལ་བལྟ
སྐབས་སྐབས་སུ་གཅིན་པ་ཤག་ཤག་ཏུ་གཏོང
བློ་འབུམ་དལ་གྱིས་ཡར་ལངས
བློ་འབུམ་རྩྭ་རའི་ལྕགས་སྐུད་ཀྱི་ཕྱོགས་སུ་སོང
བློ་འབུམ་གྱིས་མགོ་དཀྲིས་དམར་པོ
ལྕགས་སྐུད་སྟེང་མདུད་པ་བརྒྱབ་ནས་བཞག
རླུང་བུའི་ཁྲོད་དུ་མགོ་དཀྲིས་དམར་པོ་རླུང་གིས་བསྐྱོད
བློ་འབུམ་གྱིས་མིག་ཟུང་ཅེར་ནས་རེ་ཞིག་ལུས
བློ་འབུམ་གྱི་རྣ་ལམ་དུ
གཉོམ་ལ་དུང་བའི་བུ་མོ་ཞིག་གི་སྐད་སྙན་འཁོར་ཡོང
“སྟོད་བྲག་དམར་བྲག་གི་རྩེ་ནས
ངའི་བལྟ་ས་རྒྱང་གི་སྤྲིན་རེད
ངའི་སྐྱོ་རོགས་སྐྱི་བསེར་རླུང་རེད
རླུང་ཡར་གཡུག་མར་གཡུག་བར་ན
ངས་ཁྱོད་ལ་དཀྲིས་གསུམ་བརྒྱབ་ཡོད”
བློ་འབུམ་གྱིས་ཉན་གྱིན་ཉན་གྱིན
མིག་མཐར་མཆི་མ་འཁོར་བྱུང
བློ་འབུམ་གྱིས་མགོ་རས་དམར་པོར་ལག་པས་བྱིལ་བྱིལ་གཏོང
བློ་འབུམ་གྱི་མིག་ཆུའི་ཁྲོད་དུ
རབ་རིབ་ཀྱི་ཞལ་གཟིགས་ཤིག་མངོན་བྱུང
རབ་རིབ་ཀྱི་ཞལ་གཟུགས་དེ
རིམ་གྱིས་མགོ་དཀྲིས་དམར་པོ་རུ་གྱུར་སོང
འཕྲུལ་སྣང་དེ་དལ་གྱིས་ཁོའི་མིག་ལམ་དུ་ཡལ་སོང
ཁོ་གནས་གཅིག་ཏུ་འགུལ་མེད་དུ་འགྲེང་སོང
ཁོའི་འགྲམ་དུ་ནོར་ནག་ཁ་ཤས་བག་ཡངས་ངང་རྒྱུ
རི་ཐང་ལ་འཐེན་པའི་ལྕགས་དྲ་ལས
རླུང་ཡན་གྱི་ཤུ་སྒྲ་བར་མེད་དུ་འབྱིན
ལྕགས་དྲའི་སྟེང་གི་མགོ་དཀྲིས་དམར་པོ
རླུང་གིས་བར་མེད་དུ་བསྐྱོད
ཁོས་མགོ་དཀྲིས་དམར་པོ་རླུང་གིས་ཁྱེར་བར་དོགས
ཁོས་མགོ་དཀྲིས་དམར་པོ་ལྕགས་སྐུད་སྟེང་ལས་བླངས
ཁོས་མགོ་དཀྲིས་དམར་པོ་ཐང་ལ་བཏིང
མགོ་དཀྲིས་སྟེང་ལ་རྡོ་བ་ཆུང་ཆུང་ཞིག་གིས་མནན
ཁོ་ཕར་ལ་གོམ་པ་འགའ་སྤོས་རྗེས
ཁོ་སླར་ཡང་ཁ་ཕྱིར་འཁོར་བྱུང
ཁོས་མགོ་དཀྲིས་དམར་པོར་ཡུད་ཙམ་ལ་བལྟས
མགོ་དཀྲིས་དམར་པོ་རླུང་གིས་སྐྱོད་བཞིན་འདུག
བློ་འབུམ་གྱིས་ནོར་ཁྱུ་དེད་ནས་རི་གཤམ་དུ་བབས
ཧྲལ་བར་གྱུར་བའི་སྒྲ་གུར་ལས
དུ་བ་སྔོན་པོ་བར་སྣང་དུ་འཐེན
ས་སྲོས་ཀྱི་རི་སྒང་དུ
དམར་ལམ་ལམ་གྱི་མཚམས་སྤྲིན་རྒྱུ
མེ་ཐབ་ལས་ཨོང་མེ་ལམ་ལམ་འབར
བློ་འབུམ་གྱི་ངོ་གདོང་ལ་མེ་འོད་དམར་ལམ་ལམ་འཕྲོ
ཁོས་རྩམ་པ་ཟ་ཞོར་ལ་སྒྲ་སྡུད་འཁོར་ལོར་ཉན
སྒྲ་སྡུད་འཁོར་ལོ་ལསསྐྱེས་པ་ཞིག་གིས་ལ་གཞས་བཏང་བྱུང
“བྲག་དམར་པོའི་བང་རིམ་སྐེད་ནས
ཤིང་ཤུག་སྡོང་སྔོན་མོ་རྩེ་ནས
ཁྱོད་ལྷ་བྱ་ཐང་དཀར་རྒོད་པོ
སྤྲིན་དཀར་པོ་མཐོང་ནས་ཐེངས་གསུམ་གྲག
དབྱར་ཆར་ཆུ་དཀྱིལ་ནས་ཐེངས་གསུམ་གྲག
དགུན་ཁ་བའི་ནང་ནས་ཐེངས་གསུམ་གྲག
ཁྱོད་གྲག་པར་དོན་ཞིག་མེད་ན
ཁྱོས་བྱ་སྒྲོ་རླུང་ལ་མ་བསྐྱོད”
ལྷིང་ཞིང་འཇགས་པའི་མཚན་ལྗོངས
སྦྲ་གུར་གྱི་ཁ་ཚུབ་ལས
འོད་སྒོར་སྒོར་གྱི་ཟླ་སྐར་འཚེར
ཁོའི་མིག་ཟུང་ནི་མཚན་མོ་ག་ཙམ་གྱི་སྐར་ཚོགས་ཡིན
ཁོའི་ཁེར་རྐྱང་ནི་མཚན་མོ་ག་ཙམ་གྱི་རླུང་སྒྲ་ཡིན
ཁོས་འདར་ཤིག་ཤིག་སྐར་ཁྱིམ་ལ་བལྟ་བཞིན
ཁུ་སིམ་མེར་ལ་གཞས་ཤིག་གྱེར
ལ་གཞས་དེ་བུ་ཕྲུག་གཉིད་གླུ་དང་འདྲ
ཁོ་རིམ་གྱིས་གཉིད་ཁམས་སུ་ཞུགས་སོང… …
གཞོན་ནུ་མ་ཞིག་སྤང་ཐང་དུ་གན་རྐྱལ་ལ་ལོག་འདུག
ཁོ་མོའི་མིག་ཟུང་ལས་ནམ་མཁའ་སྔོན་པོ་ཤར་ཡོང
གནམ་སྔོན་པོའི་ངོས་སུ་བློ་འབུམ་གྱི་ངོ་གདོང་གིས་ཁེབས་ཡོང
གཞོན་ནུ་མའི་གདོང་ལ་འཛུམ་དམུལ་རྒྱས་སོང
གཞོན་ནུ་མས་གཉོམ་ཞིང་དུང་བའི་གཞས་ཤིག་གྱེར་སོང
གཞས་དེ་ལན་རེ་དམའ་ཞིང་ལན་རེར་མཐོ
གཞས་དེ་ནི་སྐབས་རེར་མི་སྐད་དང་འདྲ་ལ
སྐབས་རེར་ཅི་ཡིན་མི་ཤེས་པའི་སྐད་ཡ་མཚན་ཞིག་ལ་གྱུར
བློ་འབུམ་གཞོན་ནུ་མའི་གམ་དུ་འགྲེང་འདུག
བློ་འབུམ་གྱིས་ལུས་ཀྱི་སློག་པ་ཕུད་ནས་ཐང་ལ་གཡུག
བློ་འབུམ་གྱིས་ལུས་ཀྱི་སྟོད་གོས་ཕུད་ནས་བར་སྣང་ལ་སྤུར
བློ་འབུམ་སྟོད་རྗེན་དུ་བུད
གཞོན་ནུ་མས་ལག་པས་མིག་ཟུང་བཀབས
གཞོན་ནུ་མས་མཛུབ་གུའི་བར་གསེབ་ལས་བློ་འབུམ་ལ་གཟིགས
བློ་འབུམ་གྱིས་མུ་མཐུད་དུ་དོར་མའི་ཁ་ཐག་བཀྲོལ
བློ་འབུམ་གྱིས་རང་ལུས་ཡོངས་སུ་གཅེར་བུར་བྱུང
བློ་འབུམ་གྱི་ལུས་གཟུགས་ནི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག
གཞོན་ནུ་མས་ལག་པ་ངོ་གདོང་ལས་བླངས་ནས་བློ་འབུམ་ལ་གཟིགས
བློ་འབུམ་གྱིས་མིག་ཟུང་གཡོ་བ་མེད་པར་གཞོན་ནུ་མར་གཟིགས
གཞོན་ནུ་མའི་མིག་ཟུང་ལ་ཆགས་ཉམས་ཤིག་ཤར
གཞོན་ནུ་མ་དལ་གྱིས་ཡར་ལངས
གཞོན་ནུ་མ་དལ་གྱིས་བློ་འབུམ་དང་བཅར
གཞོན་ནུ་མས་ལུས་ཀྱི་གོས་ལྭ་རེ་རེ་བཞིན་ཕུད
གཞོན་ནུ་མས་ལུས་ཀྱི་གོས་ལྭ་རེ་རེ་བཞིན་བར་སྣང་ལ་སྤུར
གནམ་སྔོན་པོའི་ངོས་སུ་དེ་དག་དལ་གྱིས་རླུང་གིས་བསྐྱོད
སྒང་ཁའི་ཉི་ཟེར་འོག་ཁོ་གཉིས་ཀྱི་བརྙན་གཟུགས་ནི་ཡིད་དུ་འོང
སྒང་ཁའི་ཉི་ཟེར་འོག་ཁོ་གཉིས་ཕན་ཚུན་ལ་འཐམ་འཁྱུད་བྱེད
ཁོ་གཉིས་ཀྱིས་འཐམ་འཁྱུད་བྱེད་བཞིན་འགྲེ་ལོག་རྒྱག
ཁོ་གཉིས་ཀྱིས་རི་སྒང་དུ་འཁྲིག་པ་སྤྱོད
ཁོ་གཉིས་ཀྱི་འཁུན་སྐད་ཁོར་ཡུག་ཏུ་ཁྱབས
སྤྲིན་དཀར་གྱི་ཁྲོད་དུ འཁུན་སྐད་གྲག
མེ་ཏོག་གི་ཁྲོད་དུ འཁུན་སྐད་གྲག
ཆུ་མོའི་གཞུང་དུ འཁུན་སྐད་གྲག
ནོར་ནག་གི་མིག་ཟུང་ཁྲོད འཁུན་སྐད་གྲག
འདབ་ཆགས་ཀྱི་བྲང་ཁོངས་སུ འཁུན་སྐད་གྲག
གློ་བུར་དུ སྐད་སྒྲ་འཛེར་པོ་ཞིག་གིས
བློ་འབུམ་གཉིད་ལས་དཀྲོག
སྦྲ་སྒོ་རུ་ཁྱི་ཞིག་སླེབས་འདུག
ཁོས་ལྕེ་རིང་ནར་ནར་གཡུག་བཞིན
བློ་འབུམ་ལ་བལྟས་ནས་ཟུག་སྐད་ལན་འགའ་བརྒྱབ
སྦྲ་འདབས་སུ་གཡག་རོག་རོག་འགྲེང་འདུག
ཁོའི་མཚན་མའི་མགོ་རུ་གཅིན་པ་ཐིགས་བཞིན
མཆུ་ཏོ་བློ་འབུམ་ལ་ཕྱོགས་ནས་ངུར་སྐད་ལན་འགའ་འབྱིན
བློ་འབུམ་གྱིས་གདོང་གི་རྔུལ་ཆུ་འབྱིད
མིག་ཟུང་རྒྱང་རིང་གི་བྲག་དམར་ལ་ཕྱོགས་ནས
ཀུ་སྒྲ་ཞིག་འབྱིན
ཕྱི་བརྩེགས་ནང་བརྩེགས་ཀྱི་བྲག་རི་ལས
བྲག་ཅ་བརྩེགས་རིམ་གྱིས་འཁྱུག་ཡོང
བློ་འབུམ་ནོར་ལྷས་ནང་སོང
བློ་འབུམ་གྱིས་མཛུབ་མོ་གེར་ནས་ནོར་ལ་རྩིས་གྲངས་ལེན
བློ་འབུམ་གྱིས་གསལ་ཞིང་དྭངས་པའི་ཁ་ཤུ་ཤིག་བཏབ
བློ་འབུམ་གྱིས་ནོར་ཁྱུ་རི་ལ་འདེད
རི་ལམ་ཨ་ཀྱོག་པ་ཀྱོག་གི་ནང་དུ
ནོར་ཁྱུ་དལ་བྲེལ་མེད་པར་བསྐྱོད
བློ་འབུམ་གྱིས་ནོར་ཁྱུ་རེ་རེ་བཞིན་བསྐྱུར་ནས་སྔོན་དུ་འགྲོ
བློ་འབུམ་དབུགས་ཧལ་ཧལ་ངང་རི་སྒང་ལ་ཐོན
བློ་འབུམ་ཕར་མགོ་དཀྲིས་དམར་པོ་འཇོག་སར་སོང
མགོ་དཀྲིས་དམར་པོ་གར་སོང་ཆ་མེད་དུ་གྱུར
བློ་འབུམ་གྱིས་ཐང་གི་རྡོ་བ་ཡར་ལག་ཏུ་བླངས
བློ་འབུམ་གྱིས་ཡར་ལྟ་མར་ལྟ་བྱེད་བཞིན
བློ་འགྱོད་ངང་ཐང་ལ་བསྡད
རླུང་བུ་ལྡང་བ་དང་བསྟུན་ནས
ནོར་གྱི་ངུར་སྒྲ་ཞིག་ཁོའི་རྣ་ལམ་དུ་གྲག
ཁོས་ངུར་སྒྲ་གྲག་ཕྱོགས་སུ་བལྟ་དུས
ཁོ་ཚང་གི་གཡག་གྭ་བས་ཁོ་ལ་བལྟས་འདུག
ཁོའི་རྭ་རྩེ་རུ་མགོ་རས་དམར་པོ་རླུང་གིས་བསྐྱོད་ཀྱིན་འདུག
བློ་འབུམ་ཕར་གཡག་གྭ་པའི་གམ་དུ་བཅར
ཁོས་རྭ་རྩེ་ལས་མགོ་དཀྲིས་ལེན་པར་བརྩམས
གཡག་ག་པ་ཕྱི་ནུར་བྱེད
གཡག་ག་པས་རྭ་རྩེ་གཡུག་གཡུག་ལན་འགའ་བྱས
གཡག་ག་པ་འདྲོག་ནས་ཁ་ཕྱིར་འཁོར་ནས་རྒྱུགས
བློ་འབུམ་གྱིས་གཡག་ག་པའི་རྗེས་སུ་དམ་དམ་གྱིས་འདེད
གཡག་སྲོག་བསྡོས་ངང་ཕར་འབྲོ
རྭ་རྩེ་ཡི་མགོ་དཀྲིས་དམར་པོ་རླུང་གིས་བསྐྱོད
གཡག་ག་པ་ཆུ་མོར་བརྒལ
བློ་འབུམ་ཆུ་ངོགས་སུ་འགྲེང
གཡག་ག་པས་བློ་འབུམ་ལ་ལྟ
བློ་འབུམ་གྱིས་གཡག་ག་པ་ལ་ལྟ
ཆུ་མོའི་རླབས་དཀར་ཁྲོད
མགོ་དཀྲིས་དམར་པོ་རླུང་གིས་བསྐྱོད
མིག་མདུན་གྱི་ཡོད་ཚད
སྣུམ་ཚོན་རི་མོ་བཞིན་ཡིད་དུ་འོང
བློ་འབུམ་གྱིས་གཡག་ག་པ་འདྲོགས་པར་དོགས
བློ་འབུམ་ཆུ་ངོགས་ཀྱི་རྡོ་ཕ་བོང་ཞིག་གི་སྟེང་དུ་བསྡད
བློ་འབུམ་གྱིས་ལ་གཞས་ཤིག་བཏང
“སྨན་ཁྱོད་ནི་ཆུ་མོའི་ཕ་རོལ
ཕོ་ང་ནི་ཆུ་མོའི་ཚུར་རོལ
ཆུ་ཆེན་པོ་བར་གྱི་བགེགས་རེད
བློ་མ་འགྱུར་ཡིད་སེམས་བརྟན་ན
ལམ་ཟམ་པ་སེམས་ཀྱིས་བཙུགས་ཆོག”
གཡག་ག་བ་འགྲེང་ངེར་འདུག
མགོ་དཀྲིས་དམར་པོ་རླུང་གིས་བསྐྱོད
བློ་འབུམ་གྱི་མིག་ཟུང་གཡོ་བ་མེད་པར་ལྟ
ཆུ་མོའི་རླབས་དཀར་མཁའ་ལ་གཡོ
ཆུ་མོའི་བཞུར་སྒྲས་སྙིང་ཁ་འགག
བློ་འབུམ་གྱིས་ལྭ་རིང་གི་སྐེ་རགས་བཀྲོལ
བློ་འབུམ་གྱིས་སྐེ་རགས་ཞགས་པ་ལ་བཅོས
བློ་འབུམ་གྱིས་སྐེ་རགས་མགོ་ལ་བསྐོར་བཞིན
གཡག་ག་བར་དམིགས་ནས་འཕེན
སྐེ་རགས་རླུང་གིས་བསྐྱོད་བཞིན་ཆུ་ནང་དུ་གཡེངས
བློ་འབུམ་གྱིས་ཡང་དང་བསྐྱར་དུ་འཕེན
བློ་འབུམ་གྱིས་སྐེ་རགས་ཀྱི་སྣེ་རུ་རྡོ་བ་ཞིག་བཏགས
བློ་འབུམ་གྱིས་ངག་ལས་ངར་སྐད་སྒྲོག་བཞིན་འཕེན
མཇུག་མཐར་སྐེ་རགས་གཡག་གྭ་བའི་སྐེ་ལ་དཀྲིས
བློ་འབུམ་གྱིས་སེམས་ཆུང་གིས་ཚུར་འཐེན
གཡག་ག་བ་ཚུར་བློ་འབུམ་གྱི་གམ་དུ་ཐོན
བློ་འབུམ་ལ་སྤྲོ་སྣང་འཕེལ་བཞིན
མགོ་དཀྲིས་དམར་པོ་དེ་རྭ་རྩེ་ལས་བླངས
ཁོའི་ལག་ཏུ་མགོ་དཀྲིས་དམར་པོ་རླུང་གིས་དལ་བུར་སྐྱོད
བློ་འབུམ་གྱིས་མགོ་དཀྲིས་དེས་རང་གི་ཁ་ངོ་བཏུམས
ཁོའི་མིག་མདུན་གྱི་ཆུ་མོ་དམར་ལྷོག་ལྷོག་ངང་བཞུར
མདུན་གྱི་གཡག་ག་བ་དམར་ནག་གེར་འགྲེང
གློ་བུར་དུ གར་ཡོང་མི་ཤེས་པའི་རླུང་ཞིག་གིས
མགོ་དཀྲིས་དམར་པོ་བར་སྣང་དུ་ཁྱེར
ཁོས་ལག་ཟུང་བཟེད་དེ་རྗེས་འདེད་གཏོང
ཁོས་ཀུ་ཅོ་འདོན་བཞིན་རྗེས་འདེད་གཏོང
“ཁྱོད་བར་སྣང་ལ་མ་འཕུར་རོགས
ཁྱོད་ཕྱིར་ངའི་ལག་མཐིལ་དུ་འབབ་རོགས
ཁྱོད་མཁའ་མགྲོ་མིན
ཁྱོད་ནི་ངའི་མཛའ་མོ་ཡིན
ཁོ་ཡིས་ཁྱོད་ལ་རྫུན་ལབ་པ་རེད
ཁོ་ཡིས་ཁྱོད་ལ་མགོ་བསྐོར་བཏང་བ་རེད
ཁོ་ཡིས་ངའི་བརྩེ་དུང་འཕྲོག་སོང”
མགོ་དཀྲིས་དམར་པོ་རླུང་གིས་བསྐྱོད་བཞིན་རི་རྩེ་ལ་ཕྱིན
བློ་འབུམ་སྲོག་བསྡོས་ངང་རི་རྩེ་རུ་རྒྱུགས
བློ་འབུམ་གཡང་གཟར་གྱི་རི་ངོས་ལས་འགྱེལ་ཏེ
རྦབ་རྡོ་བཞིན་རི་ལས་འགྲིལ
བློ་འབུམ་བྲག་ཐེམ་ཞིག་ཏུ་ཁ་སྦུབ་ཀྱིས་འགྱེལ་འདུག
བློ་འབུམ་དང་རྒྱང་ཐག་ཉེ་བའི་ས་རུ་ཕ་བོང་ཐར་ཐོར་འགའ་འདུག
ཕ་བོང་གི་སྟེང་དུ་བྱ་རྒོད་ཁ་ཤས་བབས་འདུག
ནམ་མཁའི་དབྱིངས་སུ་སྤྲིན་ནག་འཁྱུག་འོང
ཐོག་སྒྲ་དང་གློག་ཞགས་ཀྱི་ཁྲོད་དུ
ཆར་ཆུ་ཤག་ཤག་ཏུ་བབས་བྱུང
བློ་འབུམ་བརྒྱལ་བ་ལས་སད་བྱུང
བློ་འབུམ་གྱིས་འཕག་འཚག་རྒྱག་བཞིན་ཁ་བར་སྣང་དུ་འཁོར
བློ་འབུམ་གྱི་ཁ་ངོ་ཁྲག་གིས་བརྫིས་འདུག
ཆར་ཐིགས་ཀྱིས་ཁོའི་ཁ་ངོ་བརླན་སོང
བློ་འབུམ་ཡར་ཙོག་པུར་བསྡད་བྱུང
ཆར་ཆུ་ཁོའི་ཟིང་ཟིང་གི་སྐྲ་ལོ་བརྒྱུད་ནས
ངོ་གདོང་གི་ཁྲག་དང་ལྷན་དུ་ས་རུ་ཟེགས་སོང
དུས་ཚོད་ཀྱི་ཆུ་བོ་དལ་གྱིས་རྒྱང་ལ་བཞུར
ནམ་མཁའི་དབྱིངས་སུ ཁྲུང་ཁྲུང་ཁྱུ་ཞིག
ལྷོ་ཕྱོགས་སུ་འཕུར་སྐྱོད་བྱེད ཁོ་ཚོའི
འགྲོས་མི་མཉམ་པའི་གྲག་སྐད་ཀྱིས
སྤང་ཐང་གི་ཁ་དོག་གཞི་ནས་སེར་པོར་གྱུར་བ་ཚོར
ལུང་མདོ་ཡི་སྦྲ་གུར ལྷགས་རླུང་གིས་འགུལ
བློ་འབུམ་སྦྲ་འདབས་སུ་གན་རྐྱལ་དུ་ཉལ
གློ་བུར་དུ བློ་འབུམ་གྱིས་མིག་ཟུང་ཆེས་ཆེར་བགྲད
སྦྲ་གུར་གྱི་ཆོན་ཐག་སྟེང་དུ་མགོ་དཀྲིས་དམར་པོ་དཀྲིས་འདུག
བློ་འབུམ་གྱིས་དེ་ལ་ལྟ་བཞིན་ལྟ་བཞིན་གཞས་ཤིག་བཏང་བྱུང
“བྱ་ཁུ་བྱུག་སྙིང་ལ་རྗེ་བོ
ཁྱོད་ལྷོ་མོན་རོང་ནས་འགོར་ཐལ
དབྱར་ཕ་མ་འདྲ་བོ་ཚར་ཐལ
བྱ་གྲག་གི་ནམ་ཟླ་ཡལ་ཐལ”
རྒྱང་རིང་གི་རི་སྐེད་ནས་སྤྲིན་པ་ཕོན་པོ་ཞིག་མཆེད
ལྷགས་རླུང་གིས་རྩྭ་རྐང་གཡོ་ཞིང་ཤུ་སྒྲ་མཆེད
གཡག་གྭ་པས་ཁ་གནམ་ལ་ཕྱོགས་ནས་ངུར་སྒྲ་འབྱིན
ཆོན་ཐག་སྟེང་གི་མགོ་དཀྲིས་དམར་པོའི་སྟེང
ཁ་བ་ཐར་ཐོར་ཞིག་བབས་བྱུང
ཁ་བ་དེ་རིམ་གྱིས་ཇེ་ཆེ་རུ་གྱུར
བློ་འབུམ་ཁ་བའི་ཁྲོད་དུ་འགུལ་ཙམ་ཡང་མི་བྱེད་པར་འདུག
ཁོའི་མིག་ལམ་གྱི་ཁ་བའི་འདབ་མ་དེ་དག
གྲངས་ལས་འདས་པའི་མགོ་དཀྲིས་དམར་པོ་འབབ་པ་དང་མཚུངས
བློ་འབུམ་གྱིས་ཕྱག་ཟུང་བརྐྱོངས་བཞིན
མིག་ཟུང་དལ་གྱིས་བཙུམ
སྦྲ་གུར་ནང་མེ་འོད་ལམ་ལམ་འཕྲོ
བློ་འབུམ་གྱིས་ཆོན་ཐག་སྟེང་གི་མགོ་དཀྲིས་དམར་པོ་ལ་བལྟ
ཁོའི་རྣ་ལམ་དུ་ཆོས་ལུགས་ཀྱི་རོལ་དབྱངས་ཤིག་གྲག་འོང
ཁོས་ལག་པས་མིག་ཟུང་བཀབས
རབ་རིབ་ཀྱི་གཟུགས་བརྙན་ལས
ཆོས་གོས་དམར་པོ་མནབ་པའི་བུད་མེད་ཅིག་མངོན
ཁོ་མོའི་ཉམས་ཐག་གི་མིག་ཟུང་ལས་མཆི་མ་རྡོག་གཅིག་སྒྲིལ་བྱུང
མཆི་མ་དེ་དབུགས་ལྒང་དཀར་པོ་ཞིག་ལ་གྲུབ
བློ་འབུམ་དབུགས་ལྒང་ནང་གཉིད་དུ་ཡུར་སོང
ནམ་གསལ་བྱུང
བློ་འབུམ་གྱིས་མིག་ཟུང་དལ་གྱིས་ཕྱེས
སྒྲ་གུར་གྱི་ཆོན་ཐག་སྟོང་སང་ངེ
ཆོན་ཐག་སྟེང་གི་མགོ་དཀྲིས་དམར་པོ་མི་སྣང་བར་གྱུར
བློ་འབུམ་སྦྲ་གུར་ལས་སྒོར་བུད
ཁོའི་མིག་མདུན་ནི་ཁ་བའི་འཇིག་རྟེན་ཞིག
བློ་འབུམ་རི་སྒང་དུ་རྒྱུགས
བློ་འབུམ་འཁྱགས་རོམ་ལ་འབྱར་བའི་ཆུ་འགྲམ་དུ་རྒྱུགས
བློ་འབུམ་ཕྱོགས་བཞི་བྲག་རི་ཡིན་པའི་འགག་འཕྲང་དུ་རྒྱུགས
བློ་འབུམ་ནོར་ལྷས་སུ་རྒྱུགས མཇུག་མཐར
བློ་འབུམ་གྱིས་གཡག་གྭ་པ་ཁ་བའི་ཁྲོད
འཁྱགས་ཤི་ཐེབས་འདུག་པ་མཐོང
བློ་འབུམ་གྱིས་ད་དུང་གཡག་གྭ་པའི་ཁ་ནང་དུ
མགོ་དཀྲིས་དམར་པོའི་ཟུར་ཅིག་མངོན་འདུག་པ་མཐོང
མགོ་དཀྲིས་དེ ལྷགས་རླུང་གིས་དལ་གྱིས་བསྐྱོད་ཀྱིན་འདུག
བློ་འབུམ་གྱིས་གཡག་མགོ་པང་ལ་བླངས་ནས
བྱིལ་བྱིལ་བྱེད་བཞིན་ཡུན་ཙམ་ལ་ལུས
བློ་འབུམ་གྱིས་གཡག་གྭ་པའི་ཁ་ནང་གི
མགོ་དཀྲིས་དམར་པོ་ཕྱིར་འཐེན
ཁོས་མགོ་དཀྲིས་དམར་པོ་རྡོག་རྡོག་ཏུ་བཅོས་ཏེ
ངུ་ངག་བར་མེད་དུ་འདོན
བློ་འབུམ་གློ་བུར་དུ་ཡར་ལངས
ཁོས་མགོ་དཀྲིས་དམར་པོ་སྐེ་ལ་དཀྲིས་ཤིང་མདུད་པ་ཞིག་བརྒྱབ
ཁོ་ཁ་བའི་ཁྲོད་གོམ་སྟབས་ལེན་བཞིན་འགྲོ
ཁོ་ཁ་བས་གཡོག་པའི་རི་བོའི་ངོས་སུ་འགོས
ཁོའི་རྒྱབ་གཟུགས་དེ་རིམ་གྱིས་དཀར་སིང་སིང་གི་ཁ་བའི་ཁྲོད་ཡལ… … …
༢༠༢༢/༦—༨ལྷ་ས་རུ

འབྲེལ་ཡོད་འོས་སྦྱོར།