ལྷུག་རྩོམ། རྫོངས་པ།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-11
ཀློག་གྲངས།:
ལའོ་ཡེ་ཀ་ཁ་ཞེས་གཅིག་གིས་བོས་རྗེས་འགྲམ་པ་གཡས་གཡོན་སྣབས་ཀྱིས་བཟུང་ཞིང་མིག་ལ་དྭངས་གཙང་འཁྱིལ་པའི་ཨོ་ལོ་ཚོས་སྒོ་དང་སྒེའུ་ཁུང་བརྒྱུད་དེ་གཅིག་རྗེས་གཉིས་མཐུད་ཀྱིས་ལའོ་ཡེ་ཀ་ཁ། ལའོ་ཡེ་ཀ་ཁ་ཞེས་ལའོ་ཡེ་ཀ་ཁ་གཞུང་ལས་ཁང་དུ་འཛུལ་རག་བར་བོས།
ལའོ་ཡེ་ཀ་ཁ་བདེ་མོ། ལའོ་ཡེ་ཀ་ཁ་བདེ་མོ་ཞེས། ལའོ་ཡེ་ཀ་ཁ་སྒོ་ཆེན་ཕྱིར་འགྲོ་རག་བར་དུ་འབོད།
ང་རང་འཕྲང་ཡར་ནང་གི་ཞིང་སྡེའི་སློབ་ཆུང་ཞིག་ཏུ་དགེ་རྒན་ལ་མངགས་ཤིང་། སྡེ་མིའི་ཁྲོད་ཀྱི་རྒྱ་སྐད་ཚིག་གཅིག་མི་ཤེས་མཁན་དག་གིས་ཀྱང་དགེ་རྒན་ལ་དགེ་རྒན་ཞེས་མི་འབོད་པར་ཁོ་ཚོ་རང་གི་རྒྱ་སྐད་དེ་ལའོ་ཧྲེ་ཞེས་འབོད།
ལོ་རིམ་གཉིས་པ་ཡན་ཆད་ཀྱིས་ལའོ་ཧྲི་ཞེས་འབོད་ཤེས་ནའང་། དེ་དུས་གྲ་སྒྲིག་འཛིན་གྲྭའམ་དེང་སང་སློབ་སྔོན་འཛིན་གྲྭར་འབོད་པའི་སྔས་མགོ་ཚོས་ཁོ་ཚོ་རང་གི་ཕ་མར་ལད་མོ་བྱས་ཏེ་ལའོ་ཧྲེ་མ་འཁྱོངས་པར་ལའོ་ཡེ་ཟེར། སྐབས་དེར་ངས་སྔས་མགོ་ཚོར་ཀ་ཁ་བསླབས་པས་ང་ལ་ལའོ་ཡེ་ཀ་ཁ་ཞེས་སུ་འབོད། དོན་གྱིས་དགེ་རྒན་ཀ་ཁ་སྟེ་ཀ་ཁའི་དགེ་རྒན་ཞེས་བོས་པ་རེད།
གྲ་སྒྲིག་འཛིན་གྲྭའི་བྱིས་པ་དེ་ཚོ་ཆུང་ལ་སྙིང་རྗེ་མོ་ཡིན་པ། དེ་ཚོའི་ཚུགས་ཀ་ནི་སར་བཞག་ན་རིལ་ལོས་འགྲོ་སྙམ་པ་དག་དག་ཡིན་པས་ངས་ཁོ་ཚོའི་མིང་ལ་སྔས་མགོ་ཞེས་བཏགས་ཤིང་། མིང་དེ་ནི་ང་ལ་མཚོན་ན་སྙིང་ཉེ་བ་ཞིག་ཡིན།
ང་རང་ནངས་མོ་ལས་ཚོགས་སུ་ཡོང་དུས་དང་ཕྱི་དྲོ་ཡུལ་ལ་ལོག་སྐབས་ཤེལ་སྒོ་མེད་པའི་དྲ་མིག་དང་སྒོ་སྲུབས་ནས་འཚང་ཀ་ཤིག་ཤིག་གིས་ལའོ་ཡེ་ཀ་ཁ་ཞེས་ང་ལ་སྐྱེལ་མ་དང་བསུ་མ་བྱེད།
སློབ་ཆུང་དེ་རུ་སློབ་གཙོ་དང་བཅས་དགེ་རྒན་བཞི་ཡོད་པ་དང་། ང་རང་ཕུད་ཁོ་ཚོ་གསུམ་ཀར་ཉལ་ཁང་གྱན་གང་རེ་བགོས་ཡོད་ནའང་ང་ལ་ཁང་བ་མེད་པས་ཉིན་བཞིན་ལེ་དབར་བཅོ་ལྔ་ཙམ་གྱི་ལམ་ཐག་རྐང་ཐང་གིས་ཕར་འགྲོ་ཚུར་ཡོང་བྱེད་ཀྱིན་ཡོད།
སློབ་གཙོའི་ཉལ་ཁང་དང་འདབས་འབྲེལ་ཏེ་ས་གྱང་དང་ཀླད་འགེབ་ལྕུག་ཕྲན་སྟེང་ལ་ས་བཀབ་པའི་གྱན་གཅིག་ཅན་གྱི་གཞུང་ལས་ཁང་ཡོད། དབྱར་ལ་ཆར་ཆུ་མོད་དུས་ཐིགས་ཆུ་མཚམས་མི་ཆད་པས་གཞུང་ལས་ཁང་ལ་ས་དྲི་དང་བརླན་དྲིས་ཁེངས།
ལོ་རིམ་དང་པོ་དང་གཉིས་པ། གསུམ་པ་སློབ་ཁང་གཅིག་དང་། བཞི་བ་དང་ལྔ་བ་སློབ་ཁང་གཅིག ལོ་རིམ་དྲུག་པ་ནི་མཐར་ཕྱིན་འཛིན་གྲྭ་ཡིན་པས་དམིགས་བསལ་སློབ་ཁང་གཅིག་བཀོད་སྒྲིག་བྱས་ཡོད།
ཤར་ཕྱོགས་ཀྱི་གད་པ་ཅུང་མཐོན་པོ་ཞིག་ཡོད་པ་དེའི་སྟེང་ན་སྒེའུ་ཁུང་ལ་ཤེལ་སྒོ་མེད་ཅིང་སྒོ་ལའང་ཤིང་ལེབ་གཉིས་ལས་ལྷག་མེད་པའི་ཁང་བ་ཞིག་ཡོད་པ་དེ་ནི་སློབ་གྲྭའི་བུད་ཤིང་འཇོག་ས་ཡིན་ནའང་དུས་ནམ་ཞིག་ནས་ཡིན་པ་མི་ཤེས་མོད། གོང་རིམ་གྱི་སློབ་གསོའི་འབོད་སྐུལ་དང་ལེན་བྱས་ཏེ་ཁང་བ་དེའི་གཞོགས་ཤིག་སྔས་མགོ་ཚོའི་སློབ་ཁང་དང་། གཞོགས་ཤིག་ལ་སྔར་བཞིན་བུད་ཤིང་སྤུངས་ཡོད།
ང་དང་སློབ་གཙོ་ཕུད་པའི་དགེ་རྒན་གཞན་གཉིས་ལས་གཅིག་གིས་འཛིན་གྲྭ་ལྔ་ལ་སློབ་ཁྲིད་བྱ་དགོས་ཏེ། ལོ་རིམ་དང་པོ་དང་གསུམ་པ། ལྔ་བར་སློབ་ཁྲིད་བྱེད་དུས། ལོ་རིམ་གཉིས་པ་དང་བཞི་བས་ལྷས་ར་ནས་རང་སྦྱོང་བྱ་དགོས་ཤིང་། གཉིས་པ་དང་བཞི་བར་སློབ་ཁྲིད་བྱེད་དུས་དང་པོ་དང་གསུམ་པ། ལྔ་བའང་དེ་བཞིན་ཡིན། དགེ་རྒན་གཞན་དེས་ལོ་རིམ་དྲུག་པ་གཅིག་པུར་སློབ་ཁྲིད་བྱེད་ཀྱིན་ཡོད།
ངས་ནི་གྲ་སྒྲིག་འཛིན་གྲྭའམ་སློབ་སྔོན་འཛིན་གྲྭའི་སྐད་ཡིག་དང་རྩིས་རིག་གཅིག་ལྕོགས་བྱས་ཡོད། ཧེ་ཧེ། སྐད་ཆ་དེ་ཆེ་བ་ལ། ངོ་མ་བཤད་ན་ངས་སྔས་མགོ་ཚོར་ཀ་ཁ་སུམ་ཅུ་དང་ཨང་ཀི་གཅིག་ནས་བརྒྱ་བར་གདོན་ཤེས་པ་དང་བྲི་ཤེས་པ། གྲངས་ཀ་ཉི་ཤུའི་ནང་ཚུན་གྱི་སྣོན་འཕྲི་ཤེས་སུ་བཅུག་ན་ཆོག
ཁྱིམ་བདག་རྣམ་པའི་དྲིན་ལ་སྔས་མགོ་ཚོས་གསལ་བྱེད་སུམ་ཅུ་ཐོགས་མེད་འདོན་ཐུབ་པས། ངས་ཁོ་ཚོར་ཡི་གེ་ངོས་འཛིན་དུ་བཅུག་པ་ཡིན། དེ་བཞིན་དུ་ཨང་ཀི་ཡང་བཞི་བཅུ་ནས་ལྔ་བཅུའི་བར་བགྲངས་ཤེས་ཏེ། ངའི་འགན་ཁུར་གཙོ་བོ་ནི་གྲངས་ཀ་ཉི་ཤུའི་ནང་ཚུན་གྱི་སྣོན་འཕྲི་ཤེས་པར་བྱ་རྒྱུ་དེ་རེད།
སྣོན་འཕྲི་ཁྲིད་སྐབས་ངས་རང་གི་ལག་པའི་མཛུབ་མོ་བཅུའི་སྟེང་གམ་ན་ཡོད་པའི་སྔས་མགོ་ཞིག་གི་མཛུབ་མོ་ཡང་གཡར་ཏེ་ཁོ་ཚོར་སྣོན་འཕྲི་ཁྲིད་པ་ཡིན།
ཉིན་ཞིག་སྔས་མགོ་གཅིག་གྲལ་མགོར་བོས་ཏེ་བཞིའི་སྟེང་བརྒྱད་བསྣན་ན་དུ་ཡིན་བརྩི་རུ་བཅུག་པ་ན། སྔས་མགོ་དེ་སྔ་ཉིན་ངས་མཛུབ་མོ་གཡར་པའི་སྔས་མགོ་དེའི་གམ་དུ་སོང་ནས་དེའི་མཛུབ་མོ་གཡར་དེ་རྩིས་བརྒྱབ།
ངས་ངའི་མཛུབ་མོ་གཡར་དེ་བརྩི་རུ་བཅུག་པ་ན་སྔས་མགོ་འཐོམས་ནས་བརྩི་ཤེས་ཀྱིན་མེད་པས། ཉིན་དེ་ནས་ངས་གནད་དོན་དེ་ལ་དམིགས་ཏེ་རི་བོང་དང་ཕྱེ་མ་ལེབ་ཀྱི་རི་མོ་ཐེབས་ཆག་རེ་ཁ་ཁུག་མི་མཉམ་ཞིང་སྐྱ་ཞད་ཆེ་བའི་ཨར་འདམ་གྱི་སྒོ་སམ་དེར་བྲིས་ཏེ་སྣོན་འཕྲི་ཁྲིད།
སྐབས་ཤིག་སིལ་ཏོག་ཀུ་ཤུ་དང་ཀ་རའི་རི་མོ་བྲིས་ཏེ་རྩིས་བརྒྱག་ཏུ་བཅུག་པ་ན་གཅིག་ལས་གཅིག་རིག་པ་མྱུར་ཞིང་རི་བོང་དང་ཕྱེ་ལེབ་བཀོལ་བ་ལས་ལས་ཕྱོད་ཆེ་བར་གྱུར།
ཅི་དང་གང་ཞིག་བྲིས་ཏེ་གློ་བུར་འཆར་སྒོ་ནུབ་པའི་སྐབས་ད་ལྟ་ཡིན་ནའང་སྨྱུག་ཁ་བསྒྱུར་ཕྱོགས་ཀྱིས་ཤོག་ངོས་ཡོངས་སུ་རི་བོང་དང་ཕྱེ་ལེབ་བྲིས་ཏེ་བཀང་བར་གྱུར་པ་ཐེངས་གཅིག་མིན། དངོས་གནས་གོམས་པའི་ཤུགས་དེར་བཟློག་ཐབས་མི་འདུག་ཨང་།
སློབ་གཙོས་བཤད་ན་གྲ་སྒྲིག་འཛིན་གྲྭར་སློབ་མ་བཅུ་བདུན་ལས་མེད་ཅེས་དེ་ཚོའི་མིང་ཐོ་ཡང་ང་ལ་སྤྲད་ཡོད་མོད། ནམ་རྒྱུན་སྔས་མགོ་ཉེར་བཞི་ཉེར་ལྔ་རེ་ཡོད། དེ་ནི་ཕ་མ་རྣམས་ལམ་ཐག་ཅུང་རིང་སའམ་ཉིན་གུང་ཡུལ་ལ་མི་ཐོན་སར་ལས་ཀར་འགྲོ་དགོས་ཚེ། ཁོ་ཚོའི་སྔས་མགོ་དག་ལའང་རྭ་ནུ་དང་བྲོ་ཁ་ཁུར་དུ་བཅུག་ནས་ང་སར་མངགས་ཡོད་པ་རེད།
སྔས་མགོ་ཚོས་ལྷས་རའི་ནང་གི་ས་འཇམ་ས་དེ་རུ་ཐང་ལ་བསྡད་དེ་རྡེའུ་དང་ལྕུག་མའི་སྣ་སྣེ་སྨྱུ་གུ་བྱས་ནས་མི་ཚེའི་ནང་གི་ཡི་གེ་ཐོག་མ་སྟེ་ཀ་ཁ་ག་ང་ས་གཞིའི་སྟེང་ལ་བྲིས།
འབྲི་བཞིན་འབྲི་བཞིན་སྣབས་ལ་ས་འདྲེས། ས་ལ་སྣབས་འདྲེས། གཡས་ལོག་གཡོན་ལོག་གི་མུར་གཉིད་དུ་ཡུར་འགྲོ་བས་ངས་ས་རྡུལ་ཤུ་རུ་རུ་རེ་རེ་བཞིན་པང་སྟེ་ཁྱ་ཁང་ཡིན་ལ་སློབ་ཁང་ཡང་ཡིན་པའི་ཁང་བ་དེའི་ནང་གི་ཅོག་ཙེ་སུག་ཏི་མི་ཚང་བ་དག་གྱང་ལ་གཏད། ཅོག་ཙེ་བཀན་མོ་དག་མཐའ་ཁར་བཞག་སྟེ་སྔས་མགོ་ཚོ་དེའི་སྟེང་བསྙལ།
ཡིན་ནའང་སྔས་མགོ་ཚོ་ཕར་འཁོར་ཚུར་འཁོར་ཙམ་གྱིས་ཚང་མ་ཐང་ལ་འཐོར་ཉེན་ཆེ་བས། ང་རང་དུས་ཚོད་སྐར་གང་ལའང་ཁ་མ་བྲལ་བར་ཁོ་ཚོ་བསྲུངས་ཏེ་སྡོད་དགོས།
ཁོ་ཚོ་གཉིད་ལས་སད་པ་དང་ལག་གང་མགྱོགས་ཀྱིས་རེ་རེ་བཞིན་གསང་སྤྱོད་དུ་མ་ཁྲིད་ན་གཅིན་པ་དོར་མའི་ནང་བཏང་འགྲོ། དེ་ནས་ཁོ་ཚོ་རེ་རེའི་རྒྱབ་ཁུག་ནས་བྲོ་ཁ་དང་དམ་བེའི་ནང་བླུགས་ཡོད་པའི་ཇ་འཁྱག་བླངས་ཏེ་ཕྱི་དྲོའི་ཇ་བླུད་པའི་རྗེས་སུ་སྔས་མགོ་ཚོ་གནམ་ལྡིང་ས་ལྡིང་གི་རྩེད་འཇོར་རོལ་ཆོག
སྐབས་སྐབས་སྔས་མགོ་ལ་ལས་གློ་བུར་ཨ་མ་དྲན་པས་ངུ་བཞིན་ཨ་མ་འབོད་དུས། ཁོ་ཚོ་པང་དུ་བཟུང་སྟེ་བྲང་ལ་གླན་ན་ངུ་ཁ་དེ་མ་ཐག་ཆོད་འགྲོ། དེས་ཀྱང་སེམས་ངོ་བསྟན་ན་སེམས་གཅོང་ལས་སྐྱོབ་ཐུབ་པའི་གནས་ལུགས་གསལ་བཤད་བྱས།
ཉིན་ཞིག་སློབ་ཁུལ་མགོ་བ་ཡོང་ནས་གྲ་སྒྲིག་འཛིན་གྲྭའི་སློབ་ཁང་རྒྱབ་ཀྱི་ས་རྒོད་དེ་བསློག་ཐུབ་ན་ཁྱོད་ཚོར་བྱིན་པ་ཡིན། དེར་སྔོ་ཚོད་སོགས་ཅི་བཏབ་ན་ཆོག་པས་ཁྱོད་ཚོའི་འཚོ་བའི་ཁ་སྣོན་དུ་བཟང་ཟེར། ང་ཚོས་ཀྱང་དེ་མ་ཐག་ས་བརྐོ་རྡོ་སློག་བྱས་ནས་ཞིང་ས་བཟོས་ཏེ་ཞོག་ཁོག་བཏབ་པ་ཡིན། སྟོན་མཇུག་ཞོག་ཁོག་བསློགས་རྗེས་གཞུང་ལས་ཁང་གི་གྲུ་ཞིག་ཏུ་སྤུངས་ཤིང་། སྐབས་སྐབས་ཟངས་ང་གང་རེ་བཙོས་ཏེ་ཚྭ་ཉུང་ཙམ་བཏབ་ནས་དགེ་སློབ་ཚང་མས་ཟོས་པ་ཡིན།
དབྱར་མགོ་མ་ཚེས་པ་ནས་སྡེ་མི་ཚོའི་དྲིན་ལ་ང་ཚོར་དཀར་གསུམ་མི་ཆད་ཅིང་། ཁོ་ཚོས་ང་ཚོར་གལ་ཆེན་རྩིས་ཆེན་བྱས་ཏེ་རྒྱུན་པར་གོ་རེ་སྣུམ་བཙོས་བཟོས་ནས་ཁྱེར་ཡོང་གིན་ཡོད།
ང་ཚོས་ཀྱང་སྡེ་མི་རྣམ་པར་དྲིན་གཟོའི་དོད་དུ་ང་ཚོ་རང་གི་སྒོར་མོས་ཤ་ཉོས་ཤིང་ལྷས་ལ་ཐབ་རྡོ་བཙུགས་ཏེ་རྒྱ་ཐུག་བསྐོལ་ནས་ཁྱིམ་བདག་ཚོ་དང་དགེ་སློབ་ཚང་མས་ལན་དུ་མར་དྲོས་ཇ་མཉམ་དུ་འཐུངས་མྱོང་།
དྲུག་གཅིག་དུས་ཆེན་གྱི་ཉིན་མོར་ང་ཚོས་ཀྱང་སློབ་ཁུལ་གྱིས་བྱིན་པའི་ཟས་རིགས་ཀྱི་སྟེང་ལ་ང་ཚོ་རང་གིས་འགྲོ་གྲོན་བཏང་ནས་འཛོམས་ཚོད་ཀྱིས་ཟ་མ་སྣ་ཁ་དུ་མ་ལས་ཏེ་སློབ་མ་ཚོ་དགའ་ཅི་ཐུབ་བྱས་ཤིང་། ཁྱིམ་བདག་རྣམ་པས་ཀྱང་ཞོ་དང་འོ་མ། གོ་རེ་སྣུམ་བཙོས། གྲོ་འབྲས་སོགས་རང་ལ་གང་ཡོད་གང་འཛོམས་ཁྱེར་ཡོང་སྟེ་བསྟུད་མར་ཉིན་གསུམ་རེར་དུས་ཆེན་རོལ། ད་རུང་དེས་ག་ལ་ཚད། ཁྱིམ་བདག་ལ་ལས་བུད་ཤིང་དང་ཨོང་བ་ཡང་མོད་པོ་ཁུར་ཡོང་།
སྔས་མགོ་ཚོས་གྲོང་ཁྱེར་གྱི་བྱིས་པ་ཚོའི་རྒྱུན་ཟས་ཁེན་ཐུ་ཁེ(KFC)དང་ངྷེ་ཁེ་ཧྲི(Dicos)སོགས་ཀྱི་མིང་ཙམ་ཡང་གོ་མྱོང་མེད་ནའང་། སྔས་མགོ་ཚོར་ཨ་མས་བཟོས་པའི་ཟས་རིགས་དང་ཨ་མས་བཞོས་པའི་འོ་མ་ཡོད་པས་ཁོ་ཚོའི་མགུ་བཀང་ཡོད་ཅིང་། ཁོ་ཚོར་དེས་མ་ཆོག་པ་ཡང་མེད།
ཡང་གཅིག་བཤད་ན་ཁོ་ཚོས་གྲོང་ཁྱེར་གྱི་གང་སར་ཡིབ་པའི་ཉེན་ཁ་སྣ་ཚོགས་ལའང་གཟབ་མི་དགོས།
རྫོང་མཁར་ནས་སློབ་གྲྭའི་བར་ལམ་ཐག་རིང་བོ་ཡོད་ནའང་ང་ལ་སློབ་གྲྭ་རུ་ཁང་བ་མེད་པས་ཉིན་བཞིན་ཡུལ་ལ་འགྲོ་དགོས།
གཞུང་གི་འགྲུལ་སྐྱེལ་རླངས་འཁོར་བཙན་མོའི་ཟམ་ཁའི་བར་དུ་ཉིན་རེར་ཐེངས་གཉིས་རེར་གཏོང་གིན་ཡོད་པ་དང་། ཏག་ཏག་ང་རང་ལས་ཞུགས་དང་ལས་ཚོགས་གྲོལ་བའི་དུས་ཚོད་དང་སྟབས་འཁེལ་ཡོད་ནའང་། ཡར་ལམ་མར་ལམ་གཉི་ག་བསྡོམས་ན་པ་སེ་ལ་སྒོར་གཅིག་དང་ཟུར་དྲུག་ཡིན་པས། ཉིན་རྒྱུན་རླངས་འཁོར་ལ་སྡོད་རྒྱུར་ཡང་དཀའ་ཁག་ཡོད།
མཚམས་ཤིག་ནས་པ་སེའི་རིན་གོང་གློ་བུར་སྒོར་གཅིག་ཏུ་འཕར་ཅིང་། ནངས་དགོང་གཉི་གར་རླངས་འཁོར་ལ་བསྡད་ན་ངའི་ཟླ་ཕོགས་ཀྱི་ཕྱེད་ཀ་ལམ་གླར་ཤོར་གྱིན་ཡོད་པས་འཚོ་བ་ཇི་ལྟར་རོལ་ལམ། དེ་བས་ལན་རེར་མ་གཏོགས་རླངས་འཁོར་དུ་འདུག་གིན་མེད་ནའང་། སྐབས་ཤིག་ནས་པ་སེ་འཚོང་མཁན་རྒྱ་རིགས་ཕོ་གཞོན་དེས་མཚམས་མཚམས་མ་རིག་ཁུལ་གྱིས་ངའི་སྒོར་མོ་མི་ལེན་ཞིང་། ལན་རེར་ངས་སྒོར་མོ་ཁོའི་མདུན་དུ་བཞག་ཀྱང་ཁོས་སྒོར་མོ་ང་སར་ཚུར་དེད་ནས་མི་ལེན།
དཀའ་ཁག་ཆེ་བ་བདེན་ནའང་སེམས་བཟང་མིའི་རོགས་སྐྱོར་འོག་ཡིན་མདོག་མདོག་གིས་ཉིན་བཞིན་རླངས་འཁོར་ལ་སྡོད་རྒྱུར་ང་ཡང་ཞེ་ནས་བདེ་མོ་མེད་པས། དུས་དེ་ནས་ཉིན་རྟག་ཏུ་ལམ་ཐག་ལེ་བར་བཅོ་ལྔ་ལྷག་ལ་རྐང་ཐང་དུ་བསྐྱོད་པ་ཡིན།
ཁེ་ཉིན་ནངས་མོ་གངས་མ་ཆར་ཞིག་འབབ་ཀྱིན་འདུག ང་རང་ཉིན་རྒྱུན་དགུ་ཆུའི་ཁའི་བསེར་བུ་འཁྱག་པར་རོལ་དུ་འགྲོ་ཡི་ཡོད་པས། ཆུ་ཁར་འགྲོ་སའི་རྡོ་སྐས་བརྒྱུད་སྐབས་མ་བསམས་ས་ནས་དེང་མའི་པ་སེ་འཚོང་མཁན་དེར་ཕྲད་བྱུང་། ངེད་གཉིས་ཕན་ཚུན་མཐོང་མ་ཐག་ཕན་ཚུན་ངོ་ཡང་ཤེས་པར་གྱུར་མོད། ཁོ་རང་འཚབ་འཚུབ་ཀྱིས་ཁ་ཕྱིར་འཁོར་ཏེ་སོང་། དྲིན་ཆེན་ཡིན་པས་ངས་ཁོར་ཁ་ཞིག་གྲག་བསམས་ནའང་ཅི་ཞིག་བཤད་ན་འཚམ་པ་མི་ཤེས། ཚོད་ཚོད་ལ་བཀའ་དྲིན་ཆེ་ཟེར་རམ། དེ་ཡང་མ་རེད། རྒྱུ་མཚན་ནི་ནངས་མོ་དེར་མ་གཏོགས་ལོ་ངོ་སོ་ལྔ་ལྷག་ལ་ངས་མི་དེ་མཐོང་མ་མྱོང་། དེ་བས་ངས་ཀྱང་རྒྱང་ཞིག་ལ་ལྟ་ཁུལ་གྱིས་གཡོན་དུ་དཀྱོགས་ཏེ་སོང་། མི་དེའི་རྒྱབ་གཟུགས་ཀྱང་རྒས་འདུག
ལོ་དེའི་སྟོན་ཀའི་ཉིན་ཞིག་ང་རང་རེབ་གོང་རྫོང་མི་རིགས་སློབ་འབྲིང་དུ་ལས་གནས་བརྗེས་པའི་བརྡ་ཐོ་འབྱོར་བྱུང་།
སློབ་ཆུང་དེ་དང་ཁ་གྱེས་ཉིན་སྡེ་མི་རྣམ་པས་ཞོ་དང་འོ་མ། གོ་རེས་རྫོངས་པ་བྱས་ཤིང་། སློབ་གཙོ་དང་བཅས་པའི་དགེ་གྲོགས་གསུམ་པོས་ང་ལ་རྒྱུ་ཀོ་བ་དང་མཐིལ་འབོལ་ལ་སྙི་བའི་ལྷམ་ཡགས་པོ་ཞིག་ཉོས་འདུག
ཐེངས་ཤིག་ང་ཚོ་དགེ་གྲོགས་བཞི་བོ་གཞུང་ལས་ཁང་དུ་ཡོད་དུས་ཤིག་ལ་དགེ་གྲོགས་ཤིག་གིས་ལྕགས་ཐབ་ཁ་གཅོད་ལེན་སྤྱད་ཀྱི་ལྕགས་གུག་དེ་ངའི་ལྷམ་གྱི་དྲལ་བུག་ཏུ་བརྒྱབ་ནས། ལྷམ་འདི་མ་གཏེད་ན་ཁྱོད་ཀྱིས་གསར་བ་ཞིག་ཉོ་རྒྱུ་མ་རེད་ཟེར་བཞིན་འཐེན་པ་ན་ངས་ཞུ་བ་འདྲ་ཞིག་ཕུལ་ཏེ། འུ་ཚོའི་ལམ་དང་ལམ་ཐག་འུ་ཚོར་གསལ། དབྱར་ཆར་ཆུ་དང་ཙད་པའི་ནང་ལ་ཉི་གདུགས་དང་ཆར་གདུགས་གཞན་ནས་མཐོང་བ་མ་གཏོགས་འུ་ཚོ་རང་གི་འཚོ་བའི་ནང་ན་མེད། ཁངས་དང་ཆར་བའི་ནང་ལྷམ་སོ་མ་ཞིག་གོན་དང་མ་གོན་མི་འདུག་ལ་བརྟན་ཀྱང་མི་བརྟན་པས། ངའི་མཛུབ་མོ་སར་ལྷུང་ཉིན་མ་གཏོགས་ལྷམ་གསར་བ་མི་ཉོ་ཞེས་ཀུ་རེ་ཞིག་རྩེས་པ་དེ་ཁྲེལ་གཞུང་ཅན་ཚོས་ད་དུང་བརྗེད་མི་འདུག
སྐབས་དེའི་ང་ཚོར་མཚོན་ན་དེང་སང་ནང་བཞིན་ལྷམ་དང་ལྭ་བ་ཉིན་རེར་བརྗེ་རྒྱུ་ལྟ་ཅི། ལོ་རེར་བརྗེ་རྒྱུའང་དཀའ་ཙམ་ཡིན། མཚམས་མཚམས་ལྭ་བ་བཀྲུས་ན་བསྐམས་རག་བར་ཉལ་ཏེ་སྡོད་དགོས་ཐུག་ཡོང་།
དགེ་གྲོགས་ཚོས་ཉོས་པའི་ལྷམ་དེ་གོན་ནས་རྫོང་མི་རིགས་སློབ་འབྲིང་གི་སྒོ་ཐེམ་དུ་སྤོས་ཤིང་། ལྷམ་དེ་གོན་ནས་ཉི་མ་ལྷ་སར་ཐེངས་དང་པོར་སོང་། ལྷམ་དེ་གོན་ནས་འགོག་པ་རི་ལ་ཐེངས་དང་པོར་འགོས།
ལྷམ་དེ་ནི་ད་ལྟའི་ངའི་སྐད་འཕྲིན་མགོ་པར་སྟེང་ན་གོན་ཡོད་པ་དེ་ཡིན།
སྐྱེལ་མར་ཡོང་བའི་སྡེ་མི་རྣམ་པའི་གྲས་ན་ཨ་མ་ཞིག་གིས་རང་གི་བུ་ཆུང་ལག་མགོར་ཁྲིད་དེ་ཧ་ཅང་གཉོད་ཆུང་གིས་ལོགས་ཤིག་ཏུ་ཡོད་པ་ངའི་མིག་ལ་ཐོགས།
སྡེ་མི་རྣམས་རང་རང་སར་སོང་བའི་རྗེས་ལ་ཨ་མ་དེ་ངའི་གམ་དུ་ཡོང་ནས་ཆུ་ཤོག་ཏི་ཀ་ཞིག་ཏུ་ཙོང་སྤར་མོ་གང་ཙམ་གཅུད་ཡོད་པ་རུམ་ནས་བླངས་ཏེ་སྔས་མགོ་ཚོའི་འབོད་སྟངས་ལྟར། ལའོ་ཡེ་ཀ་ཁ། ཙོང་འདི་ང་རང་གིས་བཏབ་པ་ཡིན། ཁྱོད་ཀྱིས་ཁྱེར་རོགས་ཟེར།
རྫོངས་པ་དེ་སེམས་ལ་ལྕི་བ་ལ་ཨང་། ལག་པ་དེ་དང་མིག་མདངས་དེ་ངའི་མི་ཚེ་འདིར་ཐེག་པར་དཀའ་ཨང་།
༢༠༢༦ལོའི་ཟླ༤པའི་ཚེས༡ཉིན།

འབྲེལ་ཡོད་འོས་སྦྱོར།