logo

ཨཱན•ཁཱར་སོན་གྱི་སྙན་ངག

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-10-10 ཀློག་གྲངས།:
མཆན་བུའི་གྲོང་ཚོ།

ཁྱོད་འདས་རྗེས
ཉི་མ་རྟག་པར་རླུང་ལྡང
ཉི་མ་རྟག་པར
དེ་ང་ཚོའི་ཁ་སྤྲོད་དུ་རྩིག་པ་དང་འདྲ
ང་ཚོ་བུད་སོང
ཟུར་འདུག་བྱས་ཏེ་ཕན་ཚུན་ལ་བོས
གཞུང་ལམ་དེད་ནས་སོང་ཡང
ངལ་བ་འབྲས་མེད་དུ་འགྱུར
ང་ཚོའི་བར་གྱི་སྟོང་ཆ
དཀག་སོང
དེ་ནི་སྟོང་བའི་བར་ཐག་ཅིག་གོ
དེ་ནི་སྲ་ཞིང་ནག་པོར་གྱུར
དེ་ནི་སོ་སྲུབས་ཇི་བཞིན
སྐྱོ་སྣང་གིས་བཟུང
བགྲེས་མོ་ཞིག
ཁྱོད་ཀྱིས་ལོ་མང་པོའི་སྔོན་ནས་ངོ་ཤེས
དེ་དུས་མོ་ཧ་ཅང་ཡག
ལང་ཚོའི་སྐྱེ་སྟོབས་ནི
ཕོ་བྲང་ནང་གི་མེ་བཞིན་མོའི་ལུས་ནས་མཆེད།

དཔྱིད་ཀ་སླར་ཡང་སླེབས་པའི་གྲོང་ཚོ།

“དཔྱིད་ཀ་ནི་ནམ་ཡང་སྔོན་མ་དང་འདྲ་བོ་ཡོད”
རྒྱ་མི་རྒན་པོ་ཞིག་གིས་དེ་ལྟར་བཤད
ཆར་བ་སྒེའུ་ཁུང་བརྒྱུད་ནས་ཤག་ཤག་འབབ
རྒྱང་རིང་ནས་ཡོང་བའི་སྨོན་འདུན་དེ
ང་ཚོའི་གམ་དུ་སླེབས།

ལིར་གྲོང་ཚོ།

ཅོང་སྒྲ་འཇམ་ཐིང་མ་གྱུར་གོང
ཅོང་སྒྲ་གྲགས་ཤིང་ཅོང་སྒྲ་ལྷུང
དཔེར་ན་སྨྱོ་འཚུབ་སྔོན་དུ་རྒྱུག་པ་བཞིན
དགུན་ཁ་ནི་བྱིས་དུས་དང་འདྲ་སྟེ
ཨ་ཕའི་སྔོན་ལ་གསོད་ཁུང་ནང་དུ་འཛུལ།
 
བརྩེ་དུང་གི་གྲོང་ཚོ།

མོ་ནང་དུ་བརྒྱུགས
མ་རྨོས་ལོ་ཏོག་རློན་པ་དང
རལ་བ་སེར་པོ
མོའི་རྒྱབ་ཏུ་འཕྱངས།
 
སྡིག་ཉེས་ཀྱི་གྲོང་ཚོ།

སྡིག་ཉེས་ནི་ཅི་ཞིག་རེད
ཁྱོད་ཀྱིས་དེ་ལྟར་དྲིས
ཟླ་བ་འུར་ཆོམ་དང་བཅས་ང་ཚོ་བརྒྱུད་ནས་སོང
ངས་གློ་བུར་དུ་ཁྱོད་ཉིད་མཐོང
སྡིག་ཉེས་དོར་ནས་ཕར་བུད་སོང
རླུང་ནག་ཅིག་གིས་ཚང་ཚིང་བརྒལ་བ་འདྲ

སེལ་ཝེ་ཡ་གྲོང་ཚོ།

མེར་སྲེག་མཁན་དང་བཀྲེས་སྐོམ་མྱོང་མཁན
ལྗང་མདོག་གི་ཟླ་བཞི་པར་འབྱོར
མོ་རང་མེར་བསྲེགས་ཤིང་མོ་ལ་བཀྲེས་སྐོམ་མྱོང་དུ་བཅུག
མིག་འབྲས་ནི་ལྗོན་པའི་རྩ་བ་བཞིན་བཀོགས་ཏེ
སྒྲོག་ཙེའི་སྟེང་དུ་བཞག
 
མཚན་དུས་ཀྱི་སེམས་ནང་གི་མིའི་གྲོང་ཚོ།

སྐར་མ་ཉེར་ལྔ་ཡིས
ཆུ་ཚོད་བཞི་པར་སླེབས
སྨག་ནག་གི
ཟླ་བའི་ཏིང་སྒྲས་གཙུབ་རྡར་བྱེད
དེས་རྡེག་པར་བྱེད
དེ
བུད་སོང
མཚན་མོའི
གྲི་ཁ་ནི
བཞོགས་ཟིན་པའི་ཤུན་ལྤགས་ཤིག་དང་འདྲ།
 
ཁྱོ་གའི་མཛེས་སྡུག(ས་བཅད་དང་པོ)

རྨ་ཁས་རང་གི་འོད་སྣང་འགྱེད་བཞིན་འདུག་ཅེས
གསོ་རིག་པ་ཚོས་གསུངས
ཁྱིམ་གྱི་གློག་སྒྲོན་ཚང་མ་གཟིམས་ཚར་ཚེ
དེས་འགྱེད་པའི་འོད་ལ་བརྟེན་ཏེ
ཁྱེད་ཀྱིས་རྨ་ཁ་འདི་གོས་སུ་གྱོན་ཆོག

རྣམ་དག་གི་ཀློག་པ་པོ
འདི་ནི་དཔེར་བཀོད་པ་ཙམ་ཡིན

འགོར་འགྱངས་ཤིག

“པར་རམ་རི་མོའི་ཚབ་ཏུ་འགོར་འགྱངས་བེད་སྤྱད་དགོས
ཤེལ་གྱི་ནང་གི་འགོར་འགྱངས་ཤིག
དེ་ནི་ཁྱོད་ཀྱིས་ལྷུག་རྩོམ་གྱིས་བཟོས་པའི་སྙན་ངག་གམ
དངུལ་གྱིས་བཟོས་པའི་ལུད་པ་གླེང་དགོས་པ་དང་འདྲ”
ཅི་འདྲའི་དྷུ་ཤཱ་དངམཚུངས་པའི
«མི་ཧྲེང་གིས་གྱོན་པ་བཤུས་པའི་བག་མ»ཉིད

བྷེ་རུ་ཁུ་ལེན་འགྲེམ་སྟོན་ཁང་ནས
ཁོན་ནེ་ཐི་ཁ་ཐི་མངའ་སྡེ་ལ་སྐྱེལ་འདྲེན་བྱེད་སྐབས

དུམ་བུ་བརྒྱད་དུ་གས་འཐོར་བྱུང(༡༩༡༢)

ཅི་ཞིག་འགོར་འགྱངས་བྱེད་ཀྱིན་ཡོད་དམ
ངས་བསམ་ན་ཆང་ས་རྒྱག་པ་དེ་ཡིན་སྲིད
དེ་ནི་ངས་ཁྱོ་གས་བརྗོད་པ་བཞིན་གཡོ་འགུལ་གྱི་གནས་ཤིག་ཡིན་པས
མིང་འདིས་འོད་སྣང་ཇི་ལྟར་འགྱེད་པར་ལྟོས་ཤིག་གུ
འབྲེལ་ཡོད་འོས་སྦྱོར།