ཀླུ་མཁར་རྒྱལ་གྱི་བསྒྱུར་རྩོམ《ང་རང་ཐོར་སི་ཐའེ་ཁོ་ནར་སྐྲག》
རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-11-16
ཀློག་གྲངས།:
ང་རང་ཐོར་སི་ཐའེ་ཁོ་ནར་སྐྲག
ཀྲང་ཆྰང་གིས་བརྩམས།
(མཚོ་སྔོན་མི་རིགས་སློབ་ཆེན)རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།
ཆི་ཁོ་ཧྥུ་ཡིས་ཅིའི་ཕྱིར་ཐོར་སི་ཐའེ་ལ་དེ་འདྲའི་ཡིད་འཇོག་ཅིག་བྱེད་པ་ཡིན་ནམ། དེ་ཡང་གཅིག་བྱས་ན་ཆི་ཁོ་ཧྥུ་ཡི་གླེང་མོལ་ཁྲོད་དྲིས་ལན་བཙལ་ཐུབ། ཐེངས་ཤིག ཆི་ཁོ་ཧྥུ་ཡིས་ཕུའུ་ཉིང་ལ་བརྩེ་དུང་ཟབ་མོས་བཤད་རྒྱུར"ང་རང་ཐོར་སི་ཐའེ་ཁོ་ནར་སྐྲག་པ་ཡིན། ཁྱོད་ཀྱིས་ཞིབ་མོར་སོམས་དང་། ཨན་ནའི(ཨན་ནཱ•ཁཱ་ལའེ་ནཱ་ཡི་མི་སྣ་གཙོ་བོ)ཚོར་བར་རང་ཉིད་ཀྱི་མིག་ཟུང་གིས་མུན་ནག་ནང་འོད་སྣང་འཕྲོ་བ་མཐོང་སོང་ཞེས་བྲིས་ཡོད་པ་ཡིན།"
བསམ་ཚོད་བྱེད་ཐུབ་པ་ཞིག་ཡིན་ནམ། འདི་ནི(ཁྱི་ཧཱ་པ་ཁྲིད་པའི་བུ་མོ)དང(རྩྭ་ཐང)སོགས་དེང་དུས་འགྲན་ཟླ་བྲལ་བའི་བརྩམས་ཆོས་མིང་གྲགས་ཅན་བྲིས་གནངས་མཁན་དེ་ཡིན། "ཁྱི་རྒན་ལ་འབ་པའི་དབང་ཆ་ཡོད་ཅིང་། ཁྱི་ཕྲུག་ལའང་འབ་པའི་དབང་ཆ་ཡོད"ཅེས་པའི་ལེགས་བཤད་གྲགས་ཅན་གསུངས་མྱོང་མཁན་དེ་ཡིན།
ཨུ་རུ་སུའི་རྩོམ་རིག་ལས་རིགས་ཀྱི་གཤིས་ཀ་གཙང་ཞིང་གར་འགྲོ་འདིར་འདུག་མེད་པའི་སྐུ་དྲག་རྩོམ་པ་པོ་ཕུའུ་ཉིང་གིས་ཀྱང་ཐོར་སི་ཐའེ་ལའང་གཅིག་མཚུངས་ཀྱི་ལྷད་མེད་པའི་གུས་སེམས་རིགས་འདི་བཅངས་ཡོད། ཕུའུ་ཉིང་གིས་ཕྱིར་དྲན་རེག་ཟིན་ཁྲོད་ངོས་ལེན་ཞུས་ཡོད་དེ"ཅི་ཡིན་མི་ཤེས། རྒན་པོ་དེས་ཅིས་ཀྱང་ང་ལ་སྐྲག་པའི་ཚོར་སྣང་ཞིག་སྟེར"ཅེས་བྲིས་ཡོད།
འདི་ཡང་སྐྲག་སྣང་ཡིན། ཆི་ཁོ་ཧྥུ་དང་འདྲ་བའི་སྐྲག་སྣང་བྱུང་ཡོད།ཁོ་ཚོ་སྐྲག་དོན་ནི(དམག་འཁྲུག་དང་ཞི་བདེ)དང(བསྐྱར་གསོན)ལྟ་བུའི་དངངས་སྐྲག་སྐྱེས་སུ་འཇུག་པའི་བརྩམས་དེབ་རླབས་པོ་ཆེ་བྲིས་ཟིན་པའི་རྩོམ་མཁན་དང་ཁ་གཏད་ཡོད་པས་ཡིན།
ཁོ་ཚོ་སྐྲག་དོན་ནི་ཐོར་སི་ཐའེ་ལ་ཡབ་ཆེན་ལྟ་བུའི་ཟིལ་ཤུགས་མངའ་བ་དང་། ཁོ་ཚོ་སྐྲག་དོན་ནི་རྩོམ་པ་པོ་ཞིག་གིས་རྩོམ་པ་པོ་གཞན་ཞིག་ལ་མོས་པ་དང་དགའ་ཞེན་བྱེད་པ་དེ་ཡིན།
འབྲེལ་ཡོད་འོས་སྦྱོར།