མཐེབ་ཆེན།
རྩོམ་པ་པོ།:དོན་འགྲུབ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-25
ཀློག་གྲངས།:
མཐེབ་ཆེན།
ཀཱི་ལེན་གཅེན་གཅུང་གིས་བརྩམས།
མཚོ་སྔོན་མི་རིགས་སློབ་ཆེན2011ལོའི་ལོ་ཙཱ་འཛིན་གྲྭ དོན་འགྲུབ་ཚེ་རིང་གིས་བསྒྱུར།
ཉིན་ཞིག་ལ། ཞིང་པ་དབུལ་བོ་དེ་བུད་ཤིང་འཐུ་རུ་འགྲོ་རྒྱུར་གྲ་སྒྲིག་བྱས་རྗེས་ཁོས་ཆིག་ལབ་རྒྱག་ཞོར“གལ་སྲིད་མི་ཞིག་གིས་ངའི་རྗེས་སོར་ནགས་ཁྲོད་ལ་ཤིང་རྟ་བསྐྱལ་ཡོང་ཐུབ་མཁན་ཞིག་ཡོད་ན་ཅི་མ་རུང་ཨང”ཞེས་བཤད་པ་ན།མཐེབ་ཆེན་གྱིས་ཐོས་ནས “འོ་་་་་་་་་ཨ་ཕ་ལགས། ཁྱེད་ཀྱིས་སེམས་བདེ་མོ་བྱོས། ངས་ཁྱེད་ཀྱི་རྗེས་ལ་ཤིང་རྟ་དེད་ཡོང་། གཏན་ཁེལ་གྱི་དུས་ཚོད་དེའི་ནང་ངས་ཤིང་རྟ་ནགས་ཚལ་དུ་བསྐྱལ་ངེས། ” ཨ་ཕ་དགོད་ཞོར་དུ་བཤད་རྒྱུར། “དེ་ག་ལ་སྲིད། ཁྱོད་ཀྱི་གཟུགས་གཞི་ཐུང་བས་སྲབ་མདའ་ལའང་རེག་མི་ཐུབ་པར་རྟ་ཕོར་ཁ་ལོ་བསྒྱུར་ག་ལ་ཐུབ” “ ཨ་ཕ་སྐྱོན་མི་འདུག ཨ་མས་ཤིང་རྟ་གྲ་སྒྲིག་བྱས་རྗེས། ང་རང་རྟ་ཕོའི་རྣ་ནང་དུ་འཛུལ་ནས་ཤིང་རྟར་ཁ་ལོ་བསྒྱུར་ཆོག ” ཨ་ཕས“ཆོག་གི འོ་ན་འུ་གཉིས་ཀྱིས་ཚོད་ལྟ་ཞིག་བྱེད། ” དེ་ནས་འགྲོ་རན་དུས། ཨ་མས་ཤིང་རྟ་གྲ་སྒྲིག་བྱས་ཚར་རྗེས་མཐེབ་ཆེན་རྟའི་རྣ་ནང་དུ་འཛུལ་ཅིང། ཤིང་རྟ་ལ་ཁ་ལོ་སྒྱུར་བཞིན་ནགས་ཁྲོད་དུ་སོང་། ཤིང་རྟ་དཀྱོགས་མཚམས་ཤིག་ལ་ཐོན་པའི་སྐབས་མི་ཆ་མེད་གཉིས་ལ་འཕྲད་བྱུང་། དེའི་ཁྲོད་ཀྱི་གཅིག་གིས་“ཁྱོད་ཀྱིས་ལྟོས་དང་འདི་ཅི་རེད། ཤིང་རྟ་འདི་འགྲོ་བཞིན་ཡོད་ལ་ཁ་ལོ་བའི་སྐད་སྒྲ་ཡང་ཐོས་ཐུབ། ཡིན་ནའང་། ཤིང་རྟའི་ཁ་ལོ་བ་མིག་གིས་མཐོང་རྒྱུ་མ་བྱུང” ཡང་གཞན་ཞིག་གིས “ཇི་འདྲའི་ཡ་མཚར་བ་ལ། འུ་གཉིས་ཀྱིས་ཤིང་རྟའི་རྗེས་དེད་ནས། ཁོ་གང་ན་འདུག་པར་བལྟ”ཞེས་བཤད་། ཤིང་རྟ་ཐད་ཀར་ནགས་ཁྲོད་དུ་སླེབས་ནས་བུད་ཤིང་འཐུ་སའི་གནས་དེར་བསྡད་བྱུང་། མཐེབ་ཆེན་གྱིས་ཁོའི་ཨ་ཕ་མཐོང་མ་ཐག སྐད་མཐོན་པོས “ཨ་ཕ་ལགས། ཁྱོད་ཀྱིས་ལྟོས་དང་། ངས་ཤིང་རྟ་ནགས་ཁྲོད་ལ་བསྐྱལ་ཡོང་བས་ཁྱོད་ཀྱིས་ང་ལ་བསུ་བ་བྱེད་རོགས”ཞེས་བཤད། ཕ་རྒན་གྱིས་གཡོན་ལག་གིས་རྟའི་སྲབ་མདའ་ནས་བཟུང་ཞིང་གཡས་ལག་གིས་མཐེབ་ཆེན་རྟའི་རྣ་ནང་ནས་མར་བླངས། མཐེབ་ཆེན་ཧ་ཅང་དགའ་ནས་ནས་སོག་གི་གཞུང་རྟའི་སྟེང་དུ་བསྡད་བྱུང་། སྐབས་དེར་མི་ཆ་མེད་དེ་གཉིས་ཀྱིས་མཐེབ་ཆེན་མཐོང་ནས་ཅི་ཡིན་ཆ་མ་འཚལ་བར་ཧད་དེ་ལུས་སོང་། དེ་ནས་མི་དེ་གཉིས་ཀྱི་གཅིག་གིས་གཞན་དེ་ལ།“གལ་སྲིད་འུ་གཉིས་ཀྱིས་མཐེབ་ཆེན་ཁྲིད་ནས་གྲོང་ཁྱེར་ལ་འགྲེམ་སྟོན་བྱ་རྒྱུ་བྱུང་ན་རྒྱུ་ནོར་འབོར་ཆེན་འཐོབ་སྲིད་པས། མཐེབ་ཆེན་དེ་ལག་ཏུ་རེག་ཐབས་ཤིག་བྱ”ཞེས་བཤད། དེར་ཁོང་གཉིས་ཞིང་པའི་གམ་དུ་སོང་ནས་བཤད་རྒྱུར། “བྱིས་པ་ཆུང་ཆུང་འདི་ངེད་གཉིས་ལ་བཙོང་ན་ཨེ་ཆོག” “ངེད་གཉིས་ཀྱིས་ཁོ་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཐག་ཆོད་ཡིན་ཞེས་བཤད་།” ཨ་ཕས་ལན་དུ“དེ་མི་ཆོག ཁོ་ནི་ངའི་སྙིང་གི་གཅེས་ཕྲུག་ཡིན་པས་འཇིག་རྟེན་སྟེང་གི་གསེར་དངུལ་ཚང་མ་བྱིན་ཀྱང་མི་བཙོང” ཞེས་བཤད་། འོན་ཀྱང་མཐེབ་ཆེན་གྱིས་ཁོ་ཚོའི་ཁ་བརྡ་ཐོས་རྗེས་ཨ་ཕའི་ལྭ་བའི་གོང་ཁ་བརྒྱུད་ནས་ཡར་འགོས་ཏེ་ཕྲག་སྟེང་དུ་འགྲེང་ནས་ཁ་རོག་གེར་ཨ་ཕའི་རྣ་ནང་ལ་བཤད་རྒྱུར། “ཨ་ཕ་ལགས། ཁྱོད་ཀྱིས་ཅི་ནས་ཀྱང་ང་ཚོངས་ཤིག ང་རང་ཕྱིར་ཡོང་ཁོ་ཐག་ཡིན་ཞེས་བཤད་། དེར་ཨ་ཕས་ཁོ་མི་དེ་གཉིས་ལ་སྤྲད་བྱུང་བས་སྒོར་མོ་མང་པོ་ཞིག་ཐོབ་བྱུང་། མི་དེ་གཉིས་ཀྱིས་མཐེབ་ཆེན་ལ “་ཁྱོད་གང་ནས་བསྡད་ན་འདོད་དམ་ཞེས་དྲིས། ” “ང་རང་ཁྱོད་ཀྱི་ཞྭ་མོའི་ཐོད་ཁ་རུ་འཇོག་རོགས། ངས་དེ་ནས་ཕར་འགྲོ་ཚུར་འོང་བྱས་ཆོག་པར་མ་ཟད་ཕྱོགས་ཀུན་གྱི་ཡུལ་ལྗོངས་ལ་ཡང་བལྟས་ཆོག ང་རང་གཏན་ནས་ལྷུང་མི་སྲིད”ཅེས་བཤད། རྐུན་མ་གཉིས་ཀྱིས་ཁོའི་རེ་འདོད་བཞིན་བསྐངས་བྱུང་། མཐེབ་ཆེན་གྱིས་ཨ་ཕར་བདེ་མོ་བཞག་ཅིང་མི་དེ་གཉིས་ཀྱིས་མཐེབ་ཆེན་ཁྲིད་ནས་བུད་སོང་།
ཁོས་ཕྱོགས་བཞིར་ཞིབ་ལྟ་ཞིག་བྱས་རྗེས་ནམ་གུང་ལ་ཐང་སྟོང་དུ་འཁྱམས་རྒྱུ་ནི་དངོས་གནས་ཉེན་ཁ་ཆེ་བ་ཞིག་རེད་། སྟབས་མ་ལེགས་པར་ཐང་ལ་འགྱེལ་ནས་རྐང་ལག་ལ་བརྡབ་སྐྱོན་ཀྱང་འབྱུང་སྲིད། དེ་ལས་གནས་འཇམ་ས་ཞིག་བཙལ་ནས་ནམ་བསྐྱལ་ན་འོས་སྙམ། སྐབས་དེར་ཁོའི་འབུ་ཤུན་ཞིག་མཐོང་ནས“གནམ་རྒན་མར་བཀའ་དྲིན་ཆེ་ངས་བདེ་མོར་མཚན་རིང་བསྐྱལ་སའི་གནས་ཞིག་རྙེད་བྱུང” ཞེས་བཤད་ནས་འབུ་ཤུན་དེའི་ནང་དུ་འཛུལ། ཅུང་ཙམ་འགོར་ནས་ཁོ་གཉིད་གྲབས་བྱེད་སྐབས་མི་གཉིས་གནས་དེ་བརྒྱུད་ནས་འགྲོ་བཞིན་པ་ཐོས་བྱུང་། དེའི་ཁྲོད་ཀྱི་གཅིག་གིས། “འུ་གཉིས་ཀྱིས་ཇི་ལྟར་བྱས་ན་ཆོས་དཔོན་གྱི་གསེར་དངུལ་ལག་ཏུ་འཐོབ་ཐུབ་བམ”ཞེས་བཤད་། དེར་མཐེབ་ཆེན་གྱིས“ངས་ཁྱོད་གཉིས་ལ་ཐབས་ལེགས་ཤོས་ཤིག་བཤད”“ འདི་ཅི་རེད། ངས་མི་ཞིག་གིས་སྐད་ཆ་བཤད་བཞིན་པ་ཐོས་བྱུང”ཞེས་རྐུན་མ་གཅིག་གིས་དངངས་སྐྲག་དང་བཅས་ཏེ་བཤད། ཁོ་གཉིས་གོམ་མཚམས་བཞག་ནས་ཡུད་ཙམ་ཉན་པར། ཡང་མཐེབ་ཆེན་གྱིས“་ང་རང་ཁྲིད་དང་ངས་ཁྱོད་གཉིས་ལ་རོགས་རམ་བྱེད་ངེས”ཞེས་བཤད “ཁྱོད་གང་ན་ཡོད” “ཁྱོད་གཉིས་ཀྱིས་སྒྲ་མཆེད་སའི་ཕྱོགས་སུ་ཚོལ་དང་རྙེད་ཐུབ”ཞེས་བཤད། རྐུན་མ་གཉིས་ཀྱིས་ཁོ་རྙེད་ནས་ཡར་བླངས་ཏེ་མཐེབ་ཆེན་ལ“ཁྱོད་འདྲའི་མིའུ་ཐུང་ཞིག་གིས་རོགས་རམ་ཅི་ཞིག་ནུས་སམ”ཞེས་བཤད། མཐེབ་ཆེན་གྱིས་ལན་དུ“ང་རང་ལྕགས་དྲའི་བར་ནས་ཆོས་དཔོན་གྱི་ཁྱིམ་ལ་འཛུལ་ཏེ་ཁྱོད་གཉིས་ལ་མཁོ་བའི་དངོས་པོ་ཕྱིར་བཏོན་ཆོག ”རྐུན་མ་གཉིས་ཀྱིས“དེ་ན་ཆོག་གི ངེད་གཉིས་ཀྱིས་ཁྱོད་ལ་ནུས་རྩལ་ག་འདྲ་ཡོད་པར་ཚོད་ལྟ་ཞིག་བྱེད”ཟེར་ནས་སོང་། ཁོ་ཚོ་ཆོས་དཔོན་ཚང་གི་སྒོ་ཁར་ཐོན་རྗེས། མཐེབ་ཆེན་ཆོས་དཔོན་ཚང་གི་ཁང་པའི་ནང་འཛུལ་རྗེས་བསམ་བཞིན་སྐད་གསེང་མཐོན་པོས“ ཆོས་དཔོན་ཚང་གི་རྒྱུ་ནོར་ཚང་མ་དགོས་སམ”ཞེས་སྐད་བརྒྱབ། རྐུན་མ་གཉིས་འཚབ་འཚུབ་ངང“ཁྱོད་ཀྱིས་སྐད་མགོ་དམའ་མོ་གྱིས། བདག་པོ་གཉིད་ལས་མ་དཀྲོག། ”མཐེབ་ཆེན་གྱི་མ་གོ་ཁུལ་བྱས་ནས་ཡང་བསྐྱར་སྐད་མཐོན་པོས“ཁྱོད་གཉིས་ལ་དོན་ངོ་མར་ཅི་དགོས། རྒྱུ་ནོར་ཚང་མ་དགོས་སམ”ཞེས་སྐད་བརྒྱབ། འགྲམ་གྱི་ཁང་པའི་ནང་ཉལ་ཡོད་པའི་གཡོག་མོས་ཐོས་ནས་མལ་ཁྲི་ལས་མར་བབས་ཏེ་ཞིབ་ཏུ་ཉན། རྐུན་མ་གཉིས་དངངས་སྐྲག་སྐྱེས་ནས་ཕྱིར་ཅུང་ཙམ་བྲོས་རྗེས་ཡང་བསྐྱར་སྤོབས་པ་བསྐྱེད་ནས་མཐེབ་ཆེན་གྱིས་ངེད་གཉིས་ལ་ཀུ་རེ་རྩེད་བཞིན་པ་ཡིན་ནམ་སྙམ་བཞིན་ཕྱིར་འོང་ནས་ཁོ་ལ“འུར་མ་རྒྱག ངེད་གཉིས་ལ་རྒྱུ་དངོས་ཁྱེར་ཤོག”ཟེར་བཞིན་སྒུག་བསྡད་པ་ལ། མཐེབ་ཆེན་གྱིས་སྔར་ལས་ཀྱང་ནུས་ཤུགས་ཡོད་དགུ་བཏོན་ནས་སྐད་མཐོན་པོས“ཁྱོད་ཀྱིས་ལག་པ་སྲིངས་དང་། ངས་རྒྱུ་དངོས་ཡོད་ཚད་ཁྱེར་ཡོང”ཞེས་ལན་བཏབ་། འགྲམ་ན་གཟབ་ཉན་བྱེད་བཞིན་པའི་གཡོག་མོས་སྐད་ཆ་དེ་གོ་རྗེས། མལ་ཁྲི་ལས་མར་བབས་ཏེ། མགྱོགས་མྱུར་ངང་རྒྱ་སྒོའི་ཕྱོགས་སུ་བརྒྱུགས། རྐུན་མ་གཉིས་ནི་རྔོན་པའི་ལག་ཏུ་ཚུད་པའི་རི་དྭགས་བཞིན་དངངས་སྐྲག་དང་བཅས་ཏེ་བྲོས། གཡོག་མོས་མུན་ནག་ནང་ཅི་ཡང་མཐོང་མ་བྱུང་བས་སྒྲོན་མེ་ཞིག་བསྒྲོན་ཏེ་ཁྱེར་འོང་དུས་མཐེབ་ཆེན་སྔ་མོ་ནས་འབྲུ་སྣོད་ཞིག་ཏུ་བསྐུངས་ཟིན། གཡོག་མོས་ཁང་ཁྱིམ་གྱི་གྲུ་ག་རེ་རེར་གསལ་བོར་བཙལ་ཡང་མ་རྙེད་པས་སླར་ཡང་མལ་ཁྲིའི་སྟེང་དུ་ལོག་ནས་རང་ཉིད་ཀྱིས་མིག་མ་བཙུམ་པར་རྨི་ལམ་ཞིག་རྨིས་སོང་སྙམ།
མཐེབ་ཆེན་གྱིས་རྩྭ་་སྤུངས་ཤིག་གི་གསེང་ནས་རང་ཉིད་ཉལ་སའི་གནས་ཤིག་བཙལ་ཏེ་དེར་ནམ་བསྐྱལ་རྗེས་ཕྱིར་ཡུལ་ལ་ལོག་ནས་ཕ་མར་མཇལ་ན་བསམ། ཡིན་ནའང་ཁོས་བརྒྱུད་དགོས་པའི་དོན་དག་ནི་ད་དུང་མཇུག་རྫོགས་མེད་དེ་གནམ་འོག་གི་ཆག་སྒོ་ནི་དངོས་གནས་བགྲང་གིས་མི་ལང་བ་ཞིག་རེད་། ནམ་གསལ་ལ་ཉེ་དུས་གཡོག་མོ་མལ་ལས་ལངས་ཏེ་རྩྭ་ཁང་དུ་ཡོང་ནས་རྩྭ་ཕོན་ཞིག་ཁྱེར་ནས་ཕྱུགས་ཟོག་ལ་གཟན་རྩྭ་སྟེར་བར་བྲེལ། ཡིད་སྐྱོ་བ་ཞིག་ལ་མཐེབ་ཆེན་ཏག་ཏག་རྩྭ་ཕོན་དེའི་གསེང་ན་གཉིད་འདུག ཁོ་གཉིད་ཧ་ཅང་སྟུག་པོས་ཚོར་མ་བྱུང་བར་ཐད་ཀར་འབྲི་མོ་ཞིག་གིས་གཟན་རྩྭ་དང་མཉམ་དུ་ལྕེ་ཐོག་ཏུ་བླངས། སྐབས་དེར་ཁོ་སད་ནས་ཧང་སང་བྱུང་། “གནམ་རྒན་མ། ང་རང་འཕྲུལ་ཆས་ཀྱི་སོ་བར་ལ་ལྷུང་བ་ཨེ་རེད”ཅེས་སྐད་བརྒྱབ། ཅུང་ཙམ་ནས་ཁོས་གཞི་ནས་རང་ཉིད་གང་ན་ཡོད་པ་ཤེས་ནས་འབྲི་མོའི་སོ་བར་ནས་ཡར་ལྡིང་མར་ལྡིང་བྱས་ནས་རང་ཉིད་བལྡད་དུ་མ་བཅུག ཡིན་ན་ཡང་ཐ་མར་ཁོ་གཞི་ནས་འབྲི་མོའི་ཕོ་བའི་ནང་ལྷུང་བྱུང་། ཁོས་འབྲི་མོའི་ཕོ་བའི་ནང་ནས“ཁང་བ་འདིའི་སྒེའུ་ཁུང་འབྱེད་རྒྱུ་བརྗེད་ནས་ནང་ལ་ཉི་འོད་འཕྲོ་མི་ཐུབ་ལ། ངས་སྒྲོན་མེ་ཡང་བཟུང་མེད”ཅེས་ལབ་ཞོར་གང་ལྟར་སྡོད་གནས་འདི་ཧ་ཅང་ཉེན་ཁ་ཆེ་བར་མ་ཟད་སྒོ་གསེབ་ནས་གཟན་རྩ་ཡང་རྒྱུན་མི་ཆད་པར་མར་འབབ་ཀྱིན་ཡོད་པས་ཁང་པའི་ནང་གི་རྒྱ་ཁྱོན་ཇེ་དོག་ཏུ་གྱུར་བར་ཁོ་དངངས་སྐྲག་སྐྱེས་ནས“ད་ང་ལ་གཟན་རྩྭ་མ་སྟེར། ང་ལ་གཟན་རྩྭ་མ་སྟེར”ཞེས་སྐད་བརྒྱབ། གཡོག་མོའི་འབྲི་མོ་བཞོ་བཞིན་པས་ཐོས་ནས་དོ་ནུབ་ཀྱི་སྒྲ་དེ་དང་ཧ་ཅང་མཚུངས་བས་སྐྲག་སྣང་དང་བཅས་རྐུབ་སྟེགས་ལས་ས་ལ་འགྱེལ་ནས་འོ་མ་ཡང་ས་ངོས་སུ་འཕོས། འཚབ་འཚུབ་ངང་ཕྱིར་ཁྱིམ་ནང་ལ་བྲོས་ནས་བདག་པོ་ལ“གནམ་རྒན་མ། བདག་པོ་ལགས་།འབྲི་མོའི་ད་སོ་མར་མི་སྐད་བཤད་བྱུང”ཞེས་ཆོས་དཔོན་ལ་ཞུས་པར། ཆོས་དཔོན་གྱིས“ཁྱོད་རང་སྨྱོས་ཟིན་ནམ”ཞེས་ལན་བཏབ། བདག་པོ་སྐུ་དངོས་སུ་ཕྱུགས་རའི་ནང་ཕེབས་ནས་དོན་ངོ་མར་གནས་ཚུལ་ག་རེ་བྱུང་སོང་བལྟ་སྙམ་ནས་ཕྱུགས་རའི་ནང་འཛུལ་མ་ཐག མཐེབ་ཆེན་གྱིས་ཡང་བསྐྱར“ད་ང་ལ་གཟན་རྩྭ་མ་སྟེར་ཅིག”ཅེས་སྐད་བརྒྱབ་བྱུང་བས་ཆོས་དཔོན་ཁོ་རང་ཡང་སྐྲག་ཐག་ཆོད་ནས། འབྲི་མོ་འདིའི་ལྟོ་བར་གདོན་འདྲེ་ཞིག་འཛུལ་འདུག་སྙམ་ནས། གཡོག་པོ་འགའ་བོས་ནས་འབྲི་མོ་བཤའ་རུ་བཅུག མཐེབ་ཆེན་སྐུང་སའི་འབྲི་མོའི་ཕོ་བ་དེ་གད་སྙིགས་ནང་དོར། མཐེབ་ཆེན་གྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་ཕྱིར་འབུད་སའི་ལམ་ཞིག་བཏོད་ནས་ཕྱིར་འབུད་གྲབས་བྱེད་སྐབས། སླར་ཡང་ཆག་སྒོ་ཞིག་ལ་འཕྲད་བྱུང་། སྤྱང་ལྟོགས་ཤིག་རྒྱུགས་འོང་ནས་ཕོ་བ་དེ་ཁམ་གང་གིས་ཁྱུར་མིད་བཏང་། ཡིན་ན་ཡང་ཁོ་དཔའ་མ་ཞུམ་པར། ཁོའི་བསམ་པར་སྤྱང་ཀིའི་ཁོའི་སྐད་ཆ་ལ་ཉན་ཡང་སྲིད་སྙམ་ནས།ཕོ་བའི་ནང་ནས“སྙིང་ཉེ་བའི་སྤྱང་ཀི་ལགས། ངའི་ཁྱེད་ས་ཆ་ཞིག་ལ་ཁྲིད་། དེར་ཁྱོད་བཟའ་རྒྱུར་དགའ་བའི་དངོས་པོ་མང་པོ་ཡོད”ཅེས་བཤད་། སྤྱང་ཀིའི“གང་ན”ཞེས་དྲིས། “ཁང་བ་ཞིག་གི་ནང་ན་ཡོད་ལ། ཁྱེད་རང་དོང་ལམ་བརྒྱུད་ནས་ནང་དུ་འཛུལ་ཆོག་ལ། དེར་སྒོང་བག་དང་ཤ་སྲག་མ། ཕྱེ་རྒྱུ་སོགས་ཅི་འདོད་དུ་བཟའ་རྒྱུ་ཡོད”ཅེས་ལན་བཏབ། མཐེབ་ཆེན་གྱིས་སྤྱང་ཀི་ལ་ཁང་བ་དེའི་བཟོ་ལྟ་བཤད་པ་ན། སྤྱང་ཀི་ལ་འདང་རྒྱག་སྤུ་ཙམ་མེད་པར་ས་རུབ་ལོངས་ཡང་མ་ཕྱིན་པར་དོང་ལམ་རྒྱུད་ནས་ཁྱིམ་དུ་འཛུལ་ཞིང་། མཛོད་ཁང་ནང་ལྟོ་འགྲང་ཐག་ཆོད་པ་ཞིག་ཟས་རྗེས་ཕྱིར་འགྲོ་གྲབས་བྱེད་སྐབས། སྤྱང་ཀིའི་ཕོ་བ་ཟས་ཀྱིས་བརྒྱགས་ནས་ཇེ་ཆེར་སོང་ཡོད་པས་ཕྱིར་འབུད་མ་ཐུབ། མཇུག་འབྲས་འདི་ནི་མཐེབ་ཆེན་གྱིས་སྔ་མོ་ནས་བློ་ལ་འཁོར་ཡོད་ལ། སྐབས་དེར་མཐེབ་ཆེན་གྱིས་བསམ་བཞིན་སྤྱང་ཀིའི་ཕོ་བའི་ནང་སྐད་ཅོར་བརྒྱབ་པས། “ ཁྱོད་རང་ཁ་རོག་སྡོད་དང་། བདག་པོ་གཉིད་ལས་མ་དཀྲོགས”ཞེས་བཤད། མཐེབ་ཆེན་གྱིས་ལན་དུ་ཁྱོད་ཀྱི་ལྟོ་ཡང་འགྲངས་ཡོད་པས་ང་རང་དགའ་སྤྲོ་སྐྱེས་བ་ཡིན”ཞེས་བཤད་། ཁོའི་ཡང་བསྐྱར་སྐད་ཤུགས་མཐོན་པོས་འུར་བརྒྱབ་པ་ན། གཞི་ནས་ཁོའི་ཕ་མ་གཉིས་གཉིད་ལས་དཀྲོགས་ཐུབ་པ་བྱུང་། ཁོའི་ཕ་མ་གཉིས་མཛོད་ཁང་གི་སྒོ་མདུན་ལ་རྒྱུགས་འོང་ནས་སྒོའི་སྲུབས་ཀ་ནས་བལྟས་བ་ན། ནང་དུ་སྤྱང་ཀི་ཞིག་ཡོད་པ་མཐོང་། དེ་ནས་ཁྱོ་ཀས་སྟ་རེ་བཟུང་ཞིང་། ཆུང་མས་གཏུབ་གྲུ་བཟུང་ནས་མཛོད་ཁང་གི་ནང་ལ་འཛུལ་གྲབས་བྱེད་སྐབས་ཁྱོ་གས་ཆུང་མ་ལ“ཁྱོད་རྗེས་ནས་ཤོག ཐོག་མར་ངའི་སྟ་རེ་ཡིས་རྒྱག གལ་སྲིད་ད་དུང་མི་ཤི་ན། ཁྱོད་ཀྱིས་སྤྱང་ཀིའི་ཕོ་བར་གཏུབ་གྲིས་སྣུན་ཅིག”་ཅེས་བཤད། མཐེབ་ཆེན་གྱིས་ཨ་ཕའི་སྐད་གོ་ནས“བརྩེ་ལྡན་གྱི་ཨ་ཕ་ལགས། ང་རང་སྤྱང་ཀིའི་ཕོ་བའི་ནང་ན་ཡོད”ཅེས་བཤད། དེར་ཨ་ཕ་དགའ་དྲགས་ནས“གནམ་རྒན་མ། འདི་ཨེ་བདེན་ནམ། འུ་གཉིས་ཀྱི་བྱིས་པ་ཡུལ་ལ་འབྱོར་བྱུང”ཁོའི་རང་གི་བྱིས་པར་གནོད་པར་དོགས་ནས་ཆུང་མ་ལ་གཏུབ་གྲི་གཡུག་ཏུ་བཅུག དེ་ནས་ཨ་ཕས་སྟ་རེ་རྒྱག་ཐེངས་གཅིག་གིས་སྤྱང་ཀིའི་མགོ་ལ་བརྒྱབས་ནས་སར་བསྒྱེལ་ཏེ་བསད། དེ་ནས་ཁོ་གཉིས་ཀྱིས་སྤྱང་ཀིའི་ཕོ་བ་གཤགས་ནས་མཐེབ་ཆེན་ཕྱིར་བླངས། “ཨ་ཕས་གཅེས་ཕྲུག ཨ་ཕའི་ཁྱེད་ལ་སེམས་ཚེགས་ཅི་འདྲ་བྱས་བ་ཁྱེད་ཀྱིས་ཨེ་ཤེས”ཞེས་བཤད་། “རེད་ཡ། ཨ་ཕ། ད་ཐེངས་ང་རང་ས་ཆ་མང་པོར་སོང་ལ་། ལས་བཟང་བ་ཞིག་ལ་ད་ནི་སླར་ཡང་རང་གི་ཕ་ཡུལ་ལ་འབྱོར་བྱུང་། གནམ་རྒན་མར་བཀའ་དྲིན་ཆེ ”ཞེས་བཤད། ཨ་ཕས“ཁྱེད་རང་ས་ཆ་གང་དག་ལ་སོང་བ་ཡིན”ཞེས་དྲིས། “ང་རང་ཙིག་ཁུང་ནང་དུ་འཛུལ་ཞིང་ནོར་གྱི་ཕོ་བའི་ནང་ལ་ཡང་འཛུལ་མྱོང་། ད་ནི་ཕྱིར་ཁྱོད་གཉིས་ཀྱི་གམ་ལ་ལོག་ཐུབ་པ་བྱུང་སོང ”ཞེས་ལན་བཏབ། ཕ་མ་གཉིས་ཀྱིས་ད་ནི “འཇིག་རྟེན་སྟེང་གི་རྒྱུ་ནོར་ཡོད་ཚད་བྱིན་ཀྱང་ཁྱོད་བཙོང་མི་སྲིད”ཅེས་བཤད་ནས་ཁོ་གཉིས་ཀྱི་སྙིང་ནས་བརྩེ་བའི་མཐེབ་ཆེན་དེ་པང་ལ་བླངས་ནས་འོ་བྱས་ཤིང་ཁོ་ལ་ཟ་འཐུང་གང་དགོས་བྱིན། ཁོའི་ལུས་སྟེང་གི་གྱོན་པ་ཡང་ཐེངས་འདིའི་འགྲུལ་བཞུད་ཁྲོད་རྙིང་ཧྲུལ་དུ་གྱུར་འདུག་པས་ཁོ་ལ་ལྭ་བ་གསར་བ་ཞིག་ཀྱང་བཟོས་སོ།།
འབྲེལ་ཡོད་འོས་སྦྱོར།