སྒོ་སམ་དང་ཁྱོད།
རྩོམ་པ་པོ།:བྱ་མདོ་མར་ལོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-09
ཀློག་གྲངས།:
སྒོ་སམ་དང་ཁྱོད།
བྱ་མདོ་མར་ལོ།
ན་ནིང་གི་ང་ནང་བཞིན་སྙིང་དུ་སྡུག
ཅི་ཞིག་ཟད་སོང་བའི་རྐང་རྗེས་ནག་པོ་དེ
ད་ལོ་ཡི་ཁྱོད་ནང་བཞིན་ཧ་ཅང་གསལ
ཐག་རིང་ནས་བཙང་འོངས་པའི་ཉི་འོད་དེ
སྒེའུ་ཁུང་གི་སྲུབས་ཀ་ནས
གཅུག་ཕྲན་ལྟར་ལྕུག་ལྕུག་འགུལ་དུས
སའི་གོ་ལའི་རྣ་ཅོག་གི་ནང་རོལ་དུ
ཁྱོད་ཁོ་ནའི་གླུ་སྐད་འཁོར་ཡོད་ངེས
ལག་པ་ཡར་འགྱོགས་ཐེངས་དེས
སྒོ་སམ་གྱི་ངོས་སུ་རི་མོ་འགའ་བྲིས
ངས་རི་མོ་དེའི་འགུལ་སྟངས་ལས
སྒྱུ་འཕྲུལ་གྱི་རྩིས་གཞི་ཞིག་བསྒྲིགས
སྒོ་སམ་གྱི་ངོས་ནས
ཀླད་གོར་དང་མཚུངས་པའི་ངས
བྱིལ་བྱིལ་གནང་མྱོང་བའི་མཚུངས་རྟགས་བསྐྱོར་ཞོར
ཐོབ་འབྲས་ཤིག་ལ་བསྒུག་ཡོད
སྙིང་ཉེ་ལགས
ཐོབ་འབྲས་དེ་ཁྱེད་མིན་པར་སྨོན
ང་ཡང་མིན་པར་སྨོན
མཚོ་སྔོན་མི་རིགས་སློབ་ཆེན2014ལོའི་རྩོམ་རིག་འཛིན་གྲྭ
བྱ་མདོ་མར་ལོ་ནས།
འབྲེལ་ཡོད་འོས་སྦྱོར།