དུས་དང་བདེ་སྐྱིད།
རྩོམ་པ་པོ།:པེ་ཡཱན་སུང་གིས་བརྩམས། བཀྲ་ཤིས་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-05
ཀློག་གྲངས།:
དུས་དང་བདེ་སྐྱིད།
པེ་ཡཱན་སུང་གིས་བརྩམས། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
ཁོས་སྔོན་ཆད་ང་ལ་འདི་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་སྟེ། རྐང་ལག་བཞི་བོ་བདེ་ཐང་ཡིན་ཞིང་། ག་ས་གང་དུ་རང་འདོད་ཀྱིས་རྒྱུག་སྐབས། མཐའ་འཁོར་གྱི་གནས་ཡུལ་ཞན་ཚུལ་སོགས་གང་འདོད་དུ་སྨྲ། ཉིན་ཞིག གློ་བུར་རྐང་བ་ཞ་ནས་འདྲུད་སྟེགས་སྟེང་འདུག་དུས། ད་གཟོད། སྔོན་ཆད་རང་འདོད་དུ་རྒྱུག་ཆོག་པའི་བདེ་སྐྱིད་ཀྱི་ལོ་ཟླ་དེ་དྲན་འོང་། ཡང་སྐབས་ཤིག་ལ། ལུས་ཡོངས་ན་ཚས་གཅུམས་ཤིང་། སོས་དལ་གྱིས་ཙོག་ནས་ཀྱང་སྡོད་མི་ཚུགས་པའི་སྐབས། སྔོན་ཆད་དེ། བདེ་ཡང་སྒོས་འདྲུད་སྟེགས་སུ་བསྡད་ཆོག་པའི་བདེ་སྐྱིད་ཀྱི་དུས་དེ་དྲན་འོང་།
ལོ་འགའི་རྗེས། གནས་ཚུལ་དེ་བས་ཀྱང་ཚབས་ཆེན་དུ་གྱུར་པས། མིག་ཆུ་འདྲུད་ཞོར། འདས་སོང་གི་སྐྱིད་པའི་ལོ་ཟླ་དག་རེ་རེ་བཞིན་སེམས་སུ་ཤར།
མཇུག་མཐར། ཧྲི་ཐེ་ཧྲིན་གྱིས་བདག་ལ། འདས་སོང་ནི་ཤོར་ཟིན་ཞིང་། མ་འོངས་ནི་ད་དུང་སླེབས་མེད་པས། ང་ཚོས་ཅིའི་ཕྱིར་མཛེས་སྡུག་གི་ད་ལྟ་གཅེས་སུ་མི་འཛིན།
འཚོ་བའི་ཁྲོད་དུ། འདི་ལྟ་བུའི་གཏན་ཚིགས་ཁྱད་པར་བ་ཞིག་གདའ་སྟེ།
ཁྱོད་ཀྱིས་ཉིན་རེའི་འཚོ་བ་དགའ་སྤྲོ་དང་འཛུམ་མདངས་ཀྱིས་བསུས་ན། མ་འོངས་པས་ཀྱང་ཁྱོད་ལ་བདེ་སྐྱིད་ཀྱི་ལག་ཟུང་གཡོ་ངེས། གལ་ཏེ། དེ་ལས་ལྡོག་སྟེ། མི་ཚེ་ཐུང་ཐུང་གཡོ་སྒྱུ་དང་རང་ཕན་ཁོ་ནས་བརྫུས་ན། ཁྱོད་ཀྱི་རེ་བ་ནམ་ཡང་འགྲུབ་མི་སྲིད།
དེའི་ཕྱིར། ཁྱོད་ལ་ཆ་ཚང་ཞིང་དོན་སྙིང་གིས་ཕྱུག་པའི་བྱ་བའི་གོ་རིམ་ཞིག་མངའ་ན། གཡུར་དུ་ཟ་བའི་འབྲས་བུ་ཞིག་གིས་ཁྱོད་རང་བརྗེད་མི་སྲིད་པ་ཁོ་ཐག་ཡིན།
འབྲེལ་ཡོད་འོས་སྦྱོར།