སློབ་བུ་རིག་ལྡན་རྒྱལ་གྱི་ཚེག་བར་མི་གཅིག་པའི་རྩོམ་ཡིག་ཆེད་བཀོད།
རྩོམ་པ་པོ།:རིག་ལྡན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-13
ཀློག་གྲངས།:
དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པའི་སློབ་མ་རིག་ལྡན་རྒྱལ་གྱི་ཚེག་བར་མི་གཅིག་པའི་རྩོམ་ཡིག་ཆེད་བཀོད།
སློབ་རའི་རྩོམ་པ་པོ་རིག་ལྡན་རྒྱལ།
བསྟོད་པ་རྣམ་གསུམ། ཚེག་བར་བཅོ་ལྔ་ཅན།
དང་པོ། ཕ་དང་ཨ་མྱེས་སོགས་ལ་བསྟོད་པ།
ཨ་མྱེས།
བདུན་ཅུའི་ལོ་ཡིས་ཐུབ་པའི་བྱམས་སེམས་ཅན་གྱི་རྒད་པོ་རྒས་ཁོག་ཁྱེད། །
ཕྲེང་འཛིན་བོད་ཀྱི་སྲོལ་རྒྱུན་བཟང་བོ་མ་ཉམས་རྒྱུད་ན་ཡོད་པ་གཅིག །
གཡང་དཀར་ལུག་གི་འབའ་སྒྲའི་རྗེས་ལ་དགའ་བཞིན་ལྡིང་བཞིན་འཇུག་པ་གཉིས། །
སྐྱབས་གནས་ལྷ་ལ་དད་མོས་བྱེད་པའི་ཁྱད་འཕགས་བསམ་པ་ལྡན་པ་གསུམ། །
ཡ་རབས་འདི་དག་ཐམས་ཅད་དམན་ཆུང་བུ་ངའི་སེམས་སུ་ཝ་ལེར་གསལ། །
ཨ་ཕྱི།
ལོ་ན་རྒས་རུང་ཉི་ཤུའི་སྣང་བ་ཡོད་པའི་འཇོ་སྒེག་ལྷ་མོ་ཁྱེད། །
བལ་ལས་ཕྱུར་ལས་ནང་ན་བུང་བུའི་ཚོགས་ལྟར་བརྩོན་པ་ཆེ་བ་གཅིག །
རིག་པའི་གནས་ལ་སྨོན་པའི་དུས་རབས་གསར་བའི་བསམ་བློ་ཡོད་པ་གཉིས། །
རྡོ་ཐོག་རིས་བཞིན་འགྱུར་བ་མེད་པའི་ཤ་ཁྲག་བརྩེ་འདང་ཟབ་པ་གསུམ། །

ཨ་ཕ།
བྱམས་བརྩེ་འཛུམ་དང་བཙན་པོའི་གདོང་མདོག་འདྲེས་མའི་དྲིན་ཅན་ཕ་ལོ་ཁྱེད། །
གཞུང་རྒྱུད་དྲང་ལ་ངང་རྒྱུད་འཇམ་པའི་ལྷུན་ཆགས་གཤིས་ཀ་ལྡན་པ་གཅིག །
གཞུང་གི་དོན་དང་སྒེར་གྱི་ལས་ཀར་ལུས་སེམས་རྩོལ་པ་སྐྱེད་པ་གཉིས། །
ཐེག་པ་ཆེན་པོ་ལས་ཀྱང་མཐོ་བའི་ཀུན་ཕན་སྤྱོད་པ་ཡོད་པ་གསུམ། །

ཨ་མ།
ཟླ་དགུ་ཞག་བཅུར་ལུས་ལ་འཁུར་བའི་བྱམས་ལྡན་དྲིན་ཆེན་ཨ་མ་ཁྱེད། །
འོ་ཆུ་འདྲེས་མའི་ཁྱད་འཕགས་བརྩེ་སེམས་ཡ་ཆུང་ཁོག་ན་ཡོད་པ་གཅིག །
དཀའ་སྡུག་རྔུལ་ཆུའི་ཐིགས་པ་རེ་རེ་རང་ཁྱིམ་འདི་ལ་ཕུལ་བ་གཉིས། །
བདག་བས་གཞན་གཅེས་ལྷག་བསམ་གསོན་པོ་རུས་པའི་གསེང་ན་ཐིམ་པ་གསུམ། །

གཉིས་པ། དགེ་རྒན་ལ་བསྟོད་པ།
དགེ་རྒན།
༡
ཇི་སྐད་ཕ་མ་གཉིས་པ་ཡིན་ཞེས་མུན་ནག་ཁྲོད་ཀྱི་སྒྲོན་མེ་ཁྱེད། །
ཤ་ཚའི་གཏམ་དང་སྙིང་ཉེའི་ཚིག་གི་དྲི་མེད་ཁ་ཏ་སློབ་གསོ་གཅིག །
རང་རྒྱུད་སེམས་ཀྱི་ཡོན་ཏན་ཐམས་ཅད་གཞན་ལ་སྟེར་བའི་ལྷག་བསམ་གཉིས། །
བྱང་ཆུབ་སེམས་དཔའ་ལས་ཀྱང་མཐོ་བའི་གཞན་དོན་གཉེར་བའི་སྤྱོད་པ་གསུམ། །
ཁྱད་འཕགས་འདི་དག་ཐམས་ཅད་སློབ་ཕྲུག་ང་ཡི་སེམས་སུ་ཝ་ལེར་གསལ། །
༢
སྨིན་མའི་རྩ་མདུད་ཐོད་ལ་བཅིངས་ཏེ་རྩོམ་ཐབས་སྟོན་པའི་སློབ་དཔོན་ཁྱེད། །
དགོད་བྲོ་སྤྲོ་སྐྱིད་ལྡན་པའི་འཆད་ཁྲིད་བྱེད་པའི་ཐབས་ཤེས་ཡོད་པ་གཅིག །
རི་བོང་ཅན་གྱི་དཀར་གསལ་ལས་ཀྱང་ལྷག་བསམ་ཟོལ་མེད་ཡིན་པ་གཉིས། །
རྗེས་རབས་ང་ཚོར་རིག་པའི་རིན་ཆེན་མཁོ་ཀུན་སྦྱིན་རྒྱུ་ཡོད་པ་གསུམ། །

༣
བཞིན་མཛེས་གཤིས་འཇམ་གཞན་རིགས་རྒྱུད་ཀྱི་བུ་མོ་སྲིད་པའི་སྒྲོན་མེ་ཁྱེད། །
གསལ་དག་སྙན་པའི་སྤྱི་སྐད་སྤྱི་ཚིག་བདེ་མོའི་ངག་ལ་འཁྱུད་པ་གཅིག །
ཉེ་རིང་ཆགས་སྡང་ཀུན་དང་བྲལ་ཏེ་འདྲ་མཉམ་ལྟ་ཚུལ་འཛིན་པ་གཉིས། །
བཙན་པོའི་ཟོལ་དང་དགའ་པའི་ཉམས་ཀྱིས་སློབ་དང་ཁྲིད་ལ་གོམས་པ་གསུམ། །

༤
ནམ་ཡང་བྱམས་བརྩེའི་འཛུམ་གྱིས་བསུ་བའི་དྲིན་ཆེན་སློབ་དཔོན་ཤེས་རམས་ཁྱེད། །
རྩིས་བདེ་རྩིས་ཐབས་རིག་པ་བསྟན་ནས་རིག་པའི་སྒོ་མོ་འབྱེད་པ་གཅིག །
གཅར་རྡུང་སྐོར་གསུམ་མི་བྱེད་བརྩེ་མདངས་ཉི་མས་གསོ་དང་སྐྱོང་བ་གཉིས། །
ནམ་རྒྱུན་དུང་དཀར་ཚེམས་བཟང་བར་ནས་སློབ་གསོའི་དངོས་གྲུབ་སྟེར་བ་གསུམ། །

གསུམ་པ། གྲོགས་ལ་བསྟོད་པ།
གྲོགས།
༡
ལང་ཚོའི་སྐྱེས་སྟོབས་འབར་ལ་ན་གཞོན་གསར་བར་སྣེ་འཁྲིད་བྱེད་མཁན་ཁྱོད། །
དོ་ར་གྲུ་བཞི་འདི་ཡི་བྱ་བ་ཐམས་ཅད་ཕྲག་ཏུ་ཁུར་བ་གཅིག །
ཛ་ལང་སྤྱོད་ལ་གོམས་པའི་སློབ་གྲོགས་དག་ལ་སློབ་གསོ་གཏོང་བ་གཉིས། །
ཉ་གང་ཟླ་འདྲའི་བསླབ་འབྲས་ལེན་པར་ཡུན་རིང་བརྩོན་པར་སྐུལ་བ་གསུམ། །
ཐུན་མིན་འདི་དག་སྤུན་ཆུང་རིག་སློང་ང་ཡི་སེམས་སུ་ཝ་ལེར་གསལ། །
༢
ཉེ་བས་ཤ་དང་ཁྲག་གི་བརྩེ་མདངས་ཟབ་མོ་རུས་པའི་སྦྲེལ་ཟམ་ཁྱོད། །
རྒན་བཀུར་ཆུང་བྱམས་བྱེད་པའི་སྲོག་ཆགས་བཞི་ཡི་སྤྱོད་སེམས་ཡོད་པ་གཅིག །
ནང་སྔ་དགུང་འཕྱིར་རིག་པའི་གནས་ལ་བརྩོན་པའི་འདུ་ཤེས་ཡོད་པ་གཉིས། །
དྲང་མོ་སྨྱུག་མ་ལྟ་བུའི་སྲོལ་བཟང་གཞུང་དྲང་རྒྱུད་ན་ཡོད་པ་གསུམ། །

སྤྱང་གྲུང་བློ་རིག་མྱུར་ལ་སློབ་ལ་བརྩོན་པའི་རིག་པའི་ཁུ་བྱུག་ཁྱོད། །
དམ་པ་སློབ་དཔོན་རྣམས་ཀྱི་ཤ་ཚའི་གདམས་ངག་ཡིད་ལ་འཛིན་པ་གཅིག །
སྒེར་སེམས་ཕྲག་དོག་མེད་པར་ཤེས་ཡོན་ཐམས་ཅད་མཉམ་ཀྱིས་སྤྱོད་པ་གཉིས། །
རང་དོན་ཕལ་བ་བྱས་ཏེ་ཐུན་མོང་ཕྱོགས་ལ་ཤུགས་སྣོན་བྱེད་པ་གསུམ། །

ལུས་སེམས་གཉིས་ཀ་དྲང་ལ་གཡོ་སྒྱུའི་དྲི་ཙམ་མེད་པའི་སྤུན་གྲོགས་ཁྱོད། །
ཉིན་མཚན་ལྟོས་མེད་ངང་ལ་རིག་པའི་གནས་ལ་ཧུར་བརྩོན་བྱེད་པ་གཅིག །
ཁུ་བྱུག་སྔོན་མོ་ལས་ཀྱང་སྙན་པའི་དྭངས་གསལ་སྐད་ངག་འཛོམས་པ་གཉིས། །
རི་དྭགས་རྒྱལ་པོ་ལ་ཡང་དོ་ཟླར་ནུས་པའི་སྙིང་སྟོབས་ཡོད་པ་གསུམ། །

ཀ་རྩོམ་ཤ་ཚ་སྙིང་ཉེ། ཚེག་བར་བཅུ་གསུམ་ཅན།
ཀྭ་ཡེ་ན་ཚོད་རང་དང་མཉམ་པའི་སློབ་གྲོགས་རྣམ་པ་ཚོ། །
ཁ་སེམས་ནང་དུ་འཁོར་ནས་མནོ་བསམ་ཞིབ་མོ་ལན་ཅིག་མཛོད། །
ག་ལེར་ལོ་ན་རྒས་ནས་ལུས་པོ་འཁར་བར་བརྟེན་པའི་ཚེ། །
ངར་སྣབས་ལུགས་ནས་འགྱོད་སེམས་ཆེན་པོ་སྐྱེས་ཀྱང་འཕྱིས་ལ་སོང་། །
ཅ་ཅོ་འུར་ཟིང་ཆེ་བའི་སློབ་གྲྭའི་དཔོང་ས་ཆེན་པོ་རུ། །
ཆ་ལུགས་མི་གཅིག་གྱོན་པ་སྣ་ཚོགས་ལུས་ལ་མ་གྱོན་ཅིག །
ཇ་ཆང་དུ་བའི་ངན་སྤྱོད་སེམས་ཀྱི་རྒྱུད་ནས་ཕར་གཡུགས་ཤིག །
ཉ་གང་ཟླ་བ་ཚེས་འདྲའི་བསླབ་འབྲས་ལེན་པར་བརྩོན་པ་རྩོན། །
རྟ་མཆོག་ལྟ་བུའི་རྒྱུག་དང་བང་རྩལ་མ་ལུས་ཕྱི་རུ་ངོམས། །
ཐ་མར་གཞན་ལ་མི་དབང་རྒྱལ་ཁའི་བདག་པོ་ཁྱོད་རང་ཉིད། །
ད་ལྟའི་དུས་འདིར་མཁོ་བ་ཤེས་ཡོན་ཅན་གྱི་མི་ཡིན་པ། །
ན་ཚོད་མཉམ་པའི་སློབ་གྲོགས་ཚང་མར་མ་བཤད་ཤེས་ངེས་རེད། །
པ་སངས་ལྟ་བུའི་འབྲས་བུ་ལོན་པའི་འདུན་པ་ཡོད་བདེན་ན། །
ཕ་མ་རྒན་གྱི་གདམས་ངག་ཡིད་ལ་བཟུང་ནས་སྦྱང་བ་གྱིས། །
བྱོལ་སོང་གླེན་པ་ལ་སོགས་ལེ་ལོའི་སྤྱོད་ངན་ཡོད་དོ་ཅོག །
མ་སྐྱུར་མ་འཇོག་རང་གི་རྒྱུད་དུ་འདོར་བར་བྱ་དགོས་སོ། །
རྩྭ་ཆུ་གནག་ཕྱུགས་འཛོམས་པའི་ཕ་ཡུལ་བྱ་གཞུང་ལུང་རིང་འདིར། །
ཚ་གྲང་བཀྲེས་སྐོམ་འོང་མིན་རྗེས་རབས་འུ་ཚོར་ཐུག་འདུག་པས། །
ཛ་ལང་སྤྱོད་ལ་གོམས་པའི་སློབ་གྲོགས་ངན་པ་ཁ་ཤས་ཀྱི། །
ཝ་ངན་ཁྲི་འགྱིང་བྱེད་པའི་ངན་སེམས་སོགས་ལ་མ་ལད་ཅིག །
ཞི་དུལ་བག་ཕེབས་ངང་ལ་རིག་པའི་གནས་ལ་འབད་པར་གྱིས། །
ཟ་མའི་དྲི་དང་ཞོར་ཟས་སོགས་ལ་ཟི་འཐོམས་མ་ཡོད་པར། །
འུ་ཅག་ན་ཆུང་ཚང་མས་མཉམ་དུ་འབད་བརྩོན་རེ་བྱས་ན། །
ཡར་ངོ་ཟླ་ལྟར་འཕེལ་བའི་འབྲས་བུ་ལོན་པ་ཤ་སྟག་གོ །
རིན་ཆེན་གསེར་དང་དངུལ་ལས་དཀོན་པའི་དུས་ཚོད་ཐུང་ངུའི་ནང་། །
ལེ་ལོས་མ་འདའ་ཚེགས་དང་བརྩོན་པའི་ལས་ལ་ཞུགས་པར་མཛོད། །
ཤོམ་སྤྲས་འགྱིང་བའི་མཆོར་ཉམས་སྣ་ཚོགས་བཏོད་ནས་བསྡད་ན་ཡང་། །
སུག་པའི་རི་མོ་ཤོག་ངོར་ཕབ་ལྟར་གཞན་གྱི་མིག་ལ་གསལ། །
ཧ་ཧ་བདེན་ནམ་མི་བདེན་རང་གིས་བསམ་བློ་ཞིབ་མོ་ཐོངས། །

ཨ་རོག་རང་དང་མཉམ་པའི་ན་ཆུང་གྲོགས་པོ་ཚང་མ་ལགས། །
ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པ།
བདག་གི་ཕ་ཡུལ། ཚེག་བར་བདུན་ཅན།
དགུན།
རྔམ་བརྗིད་ཀྱི་རི་བྲག་ལུང་གསུམ། །
དངུལ་དཀར་གྱི་ཁ་བས་གཡོགས་སོང་། །
རྒྱུན་རིང་བའི་དྭངས་གཙང་ཆུ་མོ། །
འཇུ་དཀའ་བའི་དར་གྱིས་བསྡམས་སོང་། །
ཉག་རིང་བའི་ལྗོན་ཤིང་སྣ་ཚོགས། །
ཟུངས་ཟད་དེ་རྗེན་པར་བུད་སོང་། །
ཁྲ་ལམ་མེར་སྣ་བརྒྱའི་མེ་ཏོག །
གྲང་ལྷགས་ཀྱིས་ཚར་གཅོད་བྱས་སོང་། །
མཐའ་ཡས་པའི་སྐྱ་མདོག་རྩྭ་ཐང་། །
རླུང་བསེར་བུའི་རྒྱུ་བས་བཅོམས་སོང་། །
སྙིང་ཉེ་བའི་གཡང་གི་སྒོ་ཟོག །
ཕོ་ལྟོགས་ནས་ཤ་ཤེད་ཉམས་སོང་། །
དཔྱིད།
དེ་ཡང་རྒྱ་མཚོའི་གོས་ཅན་དུ། །
གསར་བཞད་མྱུ་གུའི་རྟེན་འབྲེལ་འགྲིག །
དར་གྱིས་བསྡམས་པའི་དལ་འགྲོ་མ། །
འུར་སྒྲ་འབྱིན་བཞིན་རྒྱང་ལ་བསྐྱོད། །
གཅེར་ལ་རེངས་པའི་ལྗོན་པ་དག །
གོས་ལྗང་གསར་བས་ཤོམ་ལ་ཉེ། །
ཉམ་ཐག་འཚོ་བའི་སྒོ་ཕྱུགས་ཀུན། །
སྐྱོབ་པའི་འཚོ་བྱེད་ཐོན་ལ་ཉེ། །
དུས་རབས་གསར་བའི་ན་གཞོན་ཚོར། །
རྨི་ལམ་ངོ་མཚར་སྣ་ཚོགས་བསྐྱེད། །
བླུན་པོར་ལད་པའི་ན་གཞོན་ཚོར། །
རྨོངས་མུན་འཇོམས་པའི་སྒྲོན་མེ་སྦར། །
དབྱར།
སྦྲང་ཆར་ཟིལ་མའི་དངོས་གྲུབ་ཀྱིས། །
གསེར་ལྡན་ལྗོངས་ལ་གསོན་ཤུགས་བསྩལ། །
ལྷག་བསམ་རྟ་བདུན་དབང་བོ་ཡིས། །
སྐྱེ་འགྲོ་ཚང་མར་དྲོད་ཁོལ་སྦྱིན། །
གནག་ཕྱུགས་རྟ་ནོར་ལུག་གསུམ་ཁྱུ། །
རྩྭ་ཆུར་རོལ་བཞིན་རྩེད་འཇོ་བྱེད། །
བྱ་རྒྱལ་ཐང་དཀར་རྒོད་སོགས་ཀྱིས། །
གཤོག་ཟུང་བརྐྱངས་ཏེ་ནམ་འཕང་གཅོད། །
ཕྱུགས་རྫི་རྒན་དར་གཞོན་གསུམ་པོ། །
འཛོམས་ནས་རྫི་གླུ་ལྷང་ལྷང་ལེན། །
ན་ཆུང་བློ་གསལ་གཞོན་ནུ་ཚོས། །
དབྱངས་གསལ་སོ་བཞི་ངག་ལ་འགུག། །
སྟོན།
ནོར་འཛིན་ཡུམ་ཆེན་དྲིན་ཆེན་མོས། །
དཱུ་ཀུ་ལ་ཡི་གོས་བཟང་བཀླུབས། །
མུ་མཐའ་བྲལ་བའི་སྔོ་ལྗང་མར། །
རྒྱན་ཆ་མེ་ཏོག་སྣ་བརྒྱས་སྤྲས། །
ཤ་ཤེད་རྒྱས་བའི་གཡང་ལ་ཚོས། །
སོས་དལ་ངང་ནས་རྩྭ་བཅུད་རོལ། །
རིག་གསལ་མྱུར་བའི་ན་གཞོན་ཚོས། །
བློ་རྩེ་སྒྲིམ་ནས་སློབ་ལ་འབད། །
དུས་བཞིའི་འཕེལ་འགྲོས་འགྲོས་དང་བསྟུན། །
གསེར་ལྡན་ལྗོངས་ལ་ལྗང་མདོག་བསྐྲུན། །
དུས་རབས་འཕེལ་འགྲོས་འགྲོས་དང་བསྟུན། །
ཡོངས་འཛོམས་མེས་རྒྱལ་རྒྱང་དུ་བསྐྱོད། །
རྔམ་བརྗིད་ཀྱི་རི་བྲག་ལུང་གསུམ། །
དངུལ་དཀར་གྱི་ཁ་བས་གཡོགས་སོང་། །
རྒྱུན་རིང་བའི་དྭངས་གཙང་ཆུ་མོ། །
འཇུ་དཀའ་བའི་དར་གྱིས་བསྡམས་སོང་། །
ཉག་རིང་བའི་ལྗོན་ཤིང་སྣ་ཚོགས། །
ཟུངས་ཟད་དེ་རྗེན་པར་བུད་སོང་། །
ཁྲ་ལམ་མེར་སྣ་བརྒྱའི་མེ་ཏོག །
གྲང་ལྷགས་ཀྱིས་ཚར་གཅོད་བྱས་སོང་། །
མཐའ་ཡས་པའི་སྐྱ་མདོག་རྩྭ་ཐང་། །
རླུང་བསེར་བུའི་རྒྱུ་བས་བཅོམས་སོང་། །
སྙིང་ཉེ་བའི་གཡང་གི་སྒོ་ཟོག །
ཕོ་ལྟོགས་ནས་ཤ་ཤེད་ཉམས་སོང་། །
དཔྱིད།
དེ་ཡང་རྒྱ་མཚོའི་གོས་ཅན་དུ། །
གསར་བཞད་མྱུ་གུའི་རྟེན་འབྲེལ་འགྲིག །
དར་གྱིས་བསྡམས་པའི་དལ་འགྲོ་མ། །
འུར་སྒྲ་འབྱིན་བཞིན་རྒྱང་ལ་བསྐྱོད། །
གཅེར་ལ་རེངས་པའི་ལྗོན་པ་དག །
གོས་ལྗང་གསར་བས་ཤོམ་ལ་ཉེ། །
ཉམ་ཐག་འཚོ་བའི་སྒོ་ཕྱུགས་ཀུན། །
སྐྱོབ་པའི་འཚོ་བྱེད་ཐོན་ལ་ཉེ། །
དུས་རབས་གསར་བའི་ན་གཞོན་ཚོར། །
རྨི་ལམ་ངོ་མཚར་སྣ་ཚོགས་བསྐྱེད། །
བླུན་པོར་ལད་པའི་ན་གཞོན་ཚོར། །
རྨོངས་མུན་འཇོམས་པའི་སྒྲོན་མེ་སྦར། །
དབྱར།
སྦྲང་ཆར་ཟིལ་མའི་དངོས་གྲུབ་ཀྱིས། །
གསེར་ལྡན་ལྗོངས་ལ་གསོན་ཤུགས་བསྩལ། །
ལྷག་བསམ་རྟ་བདུན་དབང་བོ་ཡིས། །
སྐྱེ་འགྲོ་ཚང་མར་དྲོད་ཁོལ་སྦྱིན། །
གནག་ཕྱུགས་རྟ་ནོར་ལུག་གསུམ་ཁྱུ། །
རྩྭ་ཆུར་རོལ་བཞིན་རྩེད་འཇོ་བྱེད། །
བྱ་རྒྱལ་ཐང་དཀར་རྒོད་སོགས་ཀྱིས། །
གཤོག་ཟུང་བརྐྱངས་ཏེ་ནམ་འཕང་གཅོད། །
ཕྱུགས་རྫི་རྒན་དར་གཞོན་གསུམ་པོ། །
འཛོམས་ནས་རྫི་གླུ་ལྷང་ལྷང་ལེན། །
ན་ཆུང་བློ་གསལ་གཞོན་ནུ་ཚོས། །
དབྱངས་གསལ་སོ་བཞི་ངག་ལ་འགུག། །
སྟོན།
ནོར་འཛིན་ཡུམ་ཆེན་དྲིན་ཆེན་མོས། །
དཱུ་ཀུ་ལ་ཡི་གོས་བཟང་བཀླུབས། །
མུ་མཐའ་བྲལ་བའི་སྔོ་ལྗང་མར། །
རྒྱན་ཆ་མེ་ཏོག་སྣ་བརྒྱས་སྤྲས། །
ཤ་ཤེད་རྒྱས་བའི་གཡང་ལ་ཚོས། །
སོས་དལ་ངང་ནས་རྩྭ་བཅུད་རོལ། །
རིག་གསལ་མྱུར་བའི་ན་གཞོན་ཚོས། །
བློ་རྩེ་སྒྲིམ་ནས་སློབ་ལ་འབད། །
དུས་བཞིའི་འཕེལ་འགྲོས་འགྲོས་དང་བསྟུན། །
གསེར་ལྡན་ལྗོངས་ལ་ལྗང་མདོག་བསྐྲུན། །
དུས་རབས་འཕེལ་འགྲོས་འགྲོས་དང་བསྟུན། །
ཡོངས་འཛོམས་མེས་རྒྱལ་རྒྱང་དུ་བསྐྱོད། །
མཛུབ་སྟོན་དགེ་རྒན། བྱ་གཞུང་དབང་ཆེན་ཚེ་རིང་།
འབྲེལ་ཡོད་འོས་སྦྱོར།