གླུ་བ་བཀྲ་ཤིས་ཕུན་ཚོགས།
བཀྲ་ཤིས་ཕུན་ཚོགས་ནི1986ལོའི་ཟླ1པོའི་ཚེས1ཉིན་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་རུ་སྐྱེས་ཤིང་། ཀྲུང་གོའི་བོད་རིགས་གླུ་བ་དང་དགེ་རྒན་ཡིན།
2013ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གླུ་བ་བཅུའི་འགྲན་བསྡུར་དུ་ཞུགས་པ་མ་ཟད་བྱ་དགའ་ཨང་དང་པོ་བླངས།
2014ལོར། ཡང་བསྐྱར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གླུ་བ་བཅུའི་འགྲན་བསྡུར་དུ་ཞུགས་ཏེ་བྱ་དགའ་ཨང་གཉིས་པ་བླངས། ལོ་དེར་ད་དུང་སྐབས་དང་པོའི་ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གླུ་བ་འགྲན་བསྡུར་གྱི་ཨང་དང་པོ་བླངས།
2016ལོར། ཇོ་མོ་གླང་མའི་རླབས་སྒྲ་ཞེས་པའི་གཞིས་རྩེ་ཡུལ་སྐོར་དྲིལ་སྒྲོག་གླུ་གཞས་རྒྱལ་ཡོངས་དྲ་ལམ་གླུ་བའི་འགྲན་བསྡུར་དུ་ཞུགས་ཏེ་ཨང་དང་པོ་བླངས་ཤིང་། དེ་ནས་བཟུང་དངོས་སུ་སྒྱུ་རྩལ་འཁྲབ་སྟོན་གྱི་ཁྱབ་ཁོངས་སུ་ཞུགས། ལོར་དེར་མི་སྒེར་གྱི་རྐྱང་གཞས《རྨི་ལམ་དུ་ཐང་སྟོང་རྒྱལ་པོ་འཚོལ་བ》ཞེས་པ་བཀྲམ།
2017ལོར་ཀྲེ་ཅང་བརྙན་འཕྲིན་ཁང་གི་གླུ་ལེན་ལེགས་འདེམ་ལེ་ཚན་ཏེ་ཀྲུང་གོའི་གླུ་སྐད་གསར་བའི་དུམ་ཚན་གཉིས་པར་ཞུགས་ཏེ་རྒྱལ་ཡོངས་གྲོང་ཁྱེར་གྱི་ལེགས་འདེམ་བྱ་འགུལ་ཁྲོད་བོད་ལྗོངས་འགྲན་ཁུལ་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ་བླངས། ཟླ10བའི་ཚེས8ཉིན། ཛ་དྲག་གི་འགྲན་བསྡུར་རབས་དང་རིམ་པར་བརྒྱུད་མཐར། ལིའུ་ཧོན་རུ་ཁག་གི་ཨང་དང་པོ་དང་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ་བླངས། ཟླ12པར། CCTV3མཉམ་འགུལ་རིགས་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན《ང་རང་ལོ་སར་དགོང་ཚོགས་སུ་ཞུགས་རྒྱུ》ཞེས་པར་ཞུགས་ཏེ《དཔྱིད་གསར》ཞེས་པའི་གླུ་གཞས་ལས་ཐད་ཀར་དགོང་ཚོགས་སུ་ཞུགས་ཆོག་པའི་གདན་འདྲེན་བྱང་བུ་ཐོབ།
2018ལོའི་ཟླ4བའི་ཚེས10ཉིན། མི་སྒེར་གྱི་རྐྱང་གཞས《དུས་ཚིགས》ཞེས་པ་བཀྲམ། ཟླ5བའི་ཚེས4ཉིན། མི་སྒེར་གྱི་རྐྱང་གཞས《གཅིག་འདྲ》ཞེས་པ་བཀྲམ། ཟླ7པའི་ཚེས12ཉིན། མཉམ་ལེན་གྱི་རྐྱང་གཞས《རྨི་ལམ་གྱི་ཁ་ཕྱོགས》ཞེས་པ་བླངས་པ་མ་ཟད། ཀྲེ་ཅང་བརྙན་འཕྲིན་ཁང་གི་གླུ་ལེན་ལེགས་འདེམ་ལེ་ཚན《ཀྲུང་གོའི་གླུ་སྐད་སྙན་མོ2018》ཞེས་པའི་ཤུགས་སྣོན་གླུ་གཞས་སུ་བདམས། ཟླ8པའི་ཚེས8ཉིན། ཧྲང་ཧའེ་རུ་སྤེལ་བའི“ཁྱེད་དང་མཉམ་དུ”ཞེས་པའི་གླུ་གཞས་སྤྲོ་ཚོགས་སུ་ཞུགས།