logo

གཞོན་སྐྱེས་ཡིག་མཁན་ཟུར་གཙང་གཡང་འབུམ་དང་ཁོང་གི་ཡིག་གཟུགས་སྒྱུ་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-12-12 ཀློག་གྲངས།:


གཞོན་སྐྱེས་ཡིག་མཁན་ཟུར་གཙང་གཡང་འབུམ།

     ཟུར་གཙང་གཡང་འབུམ། མིང་གཞན་ལ་ཨ་མདོ་སྐེམ་པོར་འབོད། བོད་ལུགས་གསོ་རིག་རབ་འབྱམས་པ། མཚོ་སྔོན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། མང་རྫོང་མི་རིགས་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་གཙོ། གཙང་བཀྲ་ཤིས་ལྷུན་པོ་རྩེ་སློབ་གྲྭའི་ཡིག་གཟུགས་རྒྱུན་འཛིན་པ།
     1980ལོར་མདོ་སྨད་གཅན་ཚ་རྫོང་གི་སྣང་རའི་གྲོང་བརྒྱད་ཀྱི་སྡེར་གཏོགས་པའི་ཤིང་སྒར་གྲོང་ཚོའི་ཟུར་གཙང་ཚོ་བ་རུ་སྐྱེས།  ཆུང་དུས་ནས་ས་དེ་གའི་སློབ་ཆུང་དང་སློབ་འབྲིང་འགྲིམ་པའི་སྐལ་བ་ཐོབ། སྔ་ཕྱིར་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་སོགས་འགྲིམ། རྨ་ལྷོ་ཁུལ་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། ཀོས་ནན་རྫོང་བོད་སྨན་ཁང་། བོད་ལྗོངས་སྨན་རྩིས་ཁང་སོགས་ནས་དངོས་སྦྱོང་དང་གསབ་སྦྱོང་བྱ་བའི་གོ་སྐབས་བྱུང་ཞིང་སློབ་དཔོན་དུ་མའི་ཞབས་ལ་གཏུགས་པ་དང་སྨན་བཅོས་ལག་ལེན་ཟུང་འབྲེལ་བྱས་ནས་ལོ་ངོ་བཅུ་དྲུག་ཙམ་སོང་།
     བརྩམས་ཆོས་ལ། ཉེས་གསུམ་གྱི་མཚན་ཉིད་འགྲེལ་སྟངས་རོབ་ཙམ་གླེང་བ་ཞེས་པ་དང་། མཁྲིས་ནད་བརྟག་བཅོས་ཀྱི་ཁྱད་ཆོས་ལ་དཔྱད་པ། དུས་རབས་དང་བསྟུན་ནས་སྔོ་སྦྱོར་གྱི་ཁྱད་ཆོས་སྔོག་འདོན་དགོས་པའི་བསམ་གཞིགས། བོད་ལུགས་གསོ་རིག་ལས་དུག་ནད་གསོ་བཅོས་ཀྱི་ཐུན་མིན་རིག་གཞུང་ཞིབ་འཇུག རིན་པོ་ཆེའི་སྨན་སྦྱོར་བསྟེན་ཚུལ་གྱི་དགོས་གལ་སྐོར། བོད་ལུགས་སྨན་སྦྱོར་རིག་པས་བོད་ཀྱི་དཔར་བསྐྲུན་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ། བོད་ལུགས་གསོ་རིག་ལས་དུག་ནད་གསོ་བཅོས་རིག་པའི་བྱུང་འཕེལ་སྐོར་ཐོག་མར་གླེང་བ་ཞེས་པ་སོགས་དཔྱད་རྩོམ་བཅུ་ལྷག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྟེང་བཀོད་ཡོད།
     1995ལོ་ནས་བཟུང་དབུས་གཙང་ཕྱོགས་ཀྱི་ཡིག་མཁན་དྲུང་ཡིག་རྣམ་རྒྱལ་ལགས་དང་། འཕྲིན་དགའ་ལགས། ཆོས་འཕེལ་ལགས།རྡོ་སྦིས་གྲགས་པ་སོགས་ཀྱིས་ཕྱག་བྲིས་གནང་བའི༼བོད་ཡིག་གི་ཡིག་གཟུགས་དཔེ་གཞི༽ཞེས་པ་དང༼བོད་ཡིག་གི་དཔེ་གཟུགས༽སོགས་ཚད་ལྡན་གྱི་བྲིས་རྒྱུན་ལ་སྦྱངས་པ་ནན་ཆེར་བྱས་ཤིང་། རང་སྦྱོང་ཁོ་ནས་མ་ཚིམ་པར་གཙང་བཀྲིས་ལྷུན་པོར་བཞུགས་པའི་རྩེ་སློབ་གྲྭའི༸དགེ་མིང་འཛིན་པ་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་རྨེ་རུ་དགོན་བསྟན་འགྱུར་དཔར་ཁང་དུ་བཞུགས་པའི༸སྙེ་མོ་བ་བཀྲ་ཤིས་དོན་གྲུབ་མཆོག  ནོར་བུ་གླིང་གར་བཞུགས་པའི་ཡིག་མཁན་འགྱུར་མེད་ཚུལ་ཁྲིམས་སོགས་ཀྱི་ཞབས་དྲུང་དུ་གཏུགས་ཏེ་སྨྱུ་གུ་བཟོ་ལུགས་ནས་བརྩམས་ཏེ་ཀ་ཁ་དང་ཟློས་ཧྲལ། ཚུགས། འཁྱུགས།སྙེ་བྲིས། ལན་ཝར་སོགས་ལ་མཐོང་བརྒྱུད་ཕྱག་ལེན་བཞིན་ལོ་མང་སྦྱངས་པས་གྲུབ་འབྲས་ཆེན་པོ་ཐོབ།
     2013ལོར་རྒྱལ་ཁབ་སློབ་གསོ་པུའུ་རྒྱལ་ཡོངས་སློབ་ཆེན་སློབ་མའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ཞེས་པར་བོད་ལྗོངས་འགྲན་ཁུལ་གྱི"ཕུལ་བྱུང་མི་བཅུའི"ཁོངས་སུ་བདམས་ཐོན་བྱུང་བ་དང་སྔ་ཕྱིར་ཡིག་གཟུགས་འགྲན་བསྡུར་ཐེངས་གསུམ་ལ་བསྟུད་མར་ཨང་དང་པོའི་གོ་གནས་ཐོབ།  ༼བོད་ཡིག་འབྲི་ཚུལ་བློ་གསར་མིག་འབྱེད་༽དང༼བོད་ཀྱི་ཡིག་གཟུགས་སྤྱི་རྣམ༽༼བཀྲས་ལྷུན་དགོན་གྱི་བྲིས་རྒྱུན་བློ་བཟང་བླ་མ་དགྱེས་པའི་མཆོད་སྤྲིན༽སོགས་དཔེ་དེབ་ཁ་ཤས་དཔར་བསྐྲུན་འགྲེམས་སྤེལ་བྱས་དང་བྱེད་མུས་སུ་མཆིས། གཞན་ཡང་གྲོང་ཁང་ཚེ་རིང་ཆོས་རྒྱལ་ལགས་དང་། སྣེའུ་རྫོང་ཚེ་རིང་དོན་གྲུབ་ལགས། རྒན་འཕྲིན་དགའ་ལགས་སོགས་བྲིས་མཁན་རྒན་རབས་དག་གི་ཞབས་ལ་གཏུགས་ནས་བྲིས་རྒྱུན་དང་ཡིག་གཟུགས་སྐོར་གྱི་ལོ་རྒྱུས་བརྩད་འཚོལ་དང་བཀའ་འདྲི། ལག་ལེན་དམར་ཁྲིད་ཀྱི་གདམས་པ་ཞུས།
     སྔ་ཕྱིར་མང་རྫོང་བོད་ཡིག་སློབ་འབྲིང་དང་སློབ་གསོ་ཅུའུ། སྤྱི་ཚོགས། རིག་གནས་སྡེ་ཁག གསོལ་མགྲོན་ལས་རིགས་ཁག་སོགས་ལ་རང་ནུས་ཅི་ལྕོགས་སྒོས་ཡིག་གཟུགས་སློབ་ཁྲིད་དང་ཡིག་གཟུགས་རིག་གནས་སྤེལ་བའི་ཞབས་ཞུ་སྒྲུབ་བཞིན་ཡོད།
     ད་ལྟ་གཙང་བཀྲ་ཤིས་ལྷུན་པོ་རྩེ་སློབ་གྲྭའི་དགེ་རྒན་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་གི་བྲིས་རྒྱུན་འཛིན་མཁན་གྱི་གོ་གནས་ཐོབ་ཐང་དང་། 《  མང་རྫོང་སློབ་གསོའི་ལྟ་སྐུལ》  གྱི་རྩོམ་སྒྲིག་པ། མང་རྫོང་བོད་ཡིག་སློབ་འབྲིང་ཐོན་མིའི་ཕྱག་རྒྱུན་བོད་ཀྱི་ཡིག་གཟུགས་གསོ་སྐྱོང་འཛིན་གྲྭ་དང་། མང་རྫོང་སློབ་གསོ་ཅུའུ་ཉི་གཞོན་བོད་སྐད་ཡིག་རྨང་ནུས་གསོ་སྐྱོང་འཛིན་གྲྭ། མཚོ་ལྷོའི་སློབ་གྲྭ་ཁ་ཤས་སོགས་སུ་གདན་ཞུའི་ཡིག་གཟུགས་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་ཁུར་མུས་སོ།།


རྡོ་ལ་བརྐོས་པའི་ཁོང་གི་ཡིག་གཟུགས།

དབུ་ཅན་སྙེ་བྲིས།

དབུ་ཅན་སྙེ་བྲིས།

བཀྲས་ལྷུན་དགོན་གྱི་བྲིས་རྒྱུན་ཚུགས་ཆེན།

བཀྲས་ལྷུན་དགོན་གྱི་ཚུགས་ཆེན་རིགས་གཅིག


ཚུགས་ཆེན།

ཚུགས་ཆེན།

ཚུགས་ཆུང་།

ཚུགས་མ་ཐིག་གཅིག

ཚུགས་མ་ཐིག་གཅིག

ཚུགས་མ་ཐིག་གཉིས།

ཚུགས་མ་ཐིག་གཉིས།

དཔེ་ཚུགས།

འབྲུ་ཚ་ཞབས་ཐུང་།

འབྲུ་ཚ་ཞབས་ཐུང་།

འབྲུ་ཚ་ཞབས་རིང་།

འབྲུ་ཚ་ཞབས་རིང་།

འབྲུ་ཚ་ཞབས་རིང་།

བཀྲས་ལྷུན་དགོན་གྱི་འབྲུ་ཚ་རིགས་གཅིག

ཚུགས་མ་འཁྱུག

འཁྱུག་ཡིག

འཁྱུག་ཡིག

ལན་ཝར་ཡིག་གཟུགས།

ལན་ཝར་ཡིག་གཟུགས།

ལན་ཝར་ཡིག་གཟུགས།

སློབ་མ་རྣམས་ལ་ཡིག་གཟུགས་སློབ་ཁྲིད་གནང་བཞིན་པ།

སློབ་མ་རྣམས་ལ་ཡུལ་དངོས་ནས་ཡིག་གཟུགས་འབྲི་ཚུལ་སློབ་ཁྲིད་གནང་བཞིན་པ།


འབྲེལ་ཡོད་འོས་སྦྱོར།