logo

བོད་རིགས་སྐྱེས་མའི་ལུས་རྩལ་པ་ཤི་ལོག་སྒྲོལ་མ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-28 ཀློག་གྲངས།:


བོད་རིགས་སྐྱེས་མའི་ལུས་རྩལ་པ་ཤི་ལོག་སྒྲོལ་མ(གཡས་ཀྱི་གཉིས་པ)།

      ཤི་ལོག་སྒྲོལ་མ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་སྐྱིད་གྲོང་བརྡལ་གྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་ཤིང་། རང་ལོ15ཙམ་ནས་བཟུང་གྱད་རྩལ་འཇུ་རེས་ཀྱི་སྦྱོང་བརྡར་བྱེད་མགོ་བརྩམས་ཤིང་། 2005ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་རུ་ཁག་ནང་འཛུལ་ཞུགས་ཀྱིས་པེ་ཅིང་ལུས་རྩལ་སློབ་ཆེན་དུ་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་བྱས། 2010ལོར་རྒྱལ་ཁབ་གྱད་རྩལ་འཇུ་རེས་ཀྱི་ལུས་རྩལ་བའི་གྲས་སུ་བདམས་ཐོན་བྱུང་ཡོད་པ་དང་། 2011ལོའི་ཊུར་ཀའེ(Turkey) ནང་སྐོང་ཚོགས་བྱས་པའི་འཛམ་གླིང་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་སྤྱི་རྒྱ67པའི་གྱད་རྩལ་འཇུ་རེས་འགྲན་སྡུར་དང་། ད་ལོའི་ཕྱི་ཟླ4པའི་ནང་རྒྱ་གར་དུ་ཚོགས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་ལས་ཨང་དང་པོ་ཐོབ་ཡོད་འདུག
     ཤི་ལོག་སྒྲོལ་མས2011ལོའི་ཡེ་སི་ཏཱན་པའོ་ཨར་ནས་བསྡུས་པའི་འཛམ་གླིང་གི་འཇུ་རེས་གཟེངས་ཐོན་འགྲན་བསྡུར་གྱི་སྤྱི་རྒྱ67རིམ་པའི་སྐྱེས་མའི་རང་མོས་འཇུ་རེས་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ཅིང་། དེས་ཁོ་མོའི་ནུས་རྩལ་དེ་འཛམ་གླིང་གི་ཆུ་ཚད་དུ་སོན་ཡོད་པ་མངོན་པར་མཚོན།


ཤི་ལོག་སྒྲོལ་མ།

     རྒྱལ་ཁབ་ལུས་རྩལ་སྤྱི་ཅུས་ཤི་ལོག་སྒྲོལ་མ་ལ2011ལོའི་ལུས་རྩལ་སྦྱོང་བརྡར་གྱི་མཚན་སྙན་གཟེངས་རྟགས་གནང་རྗེས། 2012ལོར་ཁོ་མོར་ལུས་རྩལ་གྱི་སྐྱེས་མཆོག་ཅེས་པའི་མཚན་སྙན་གནང་།
     2013ལོའི་ཟླ4པའི་ཚེས21ཉིན། རྒྱ་གར་ནས་བསྡུས་པའི་གླིང་ཆེན་ཨེ་ཤ་ཡའི་རང་མོས་འཇུ་རེས་གཟེངས་ཐོན་འགྲན་སྡུར་ཁྲོད། ཀྲུང་གོའི་སྐྱེས་མའི་འཇུ་རེས་རུ་ཁག་གི་ཚབ་བྱས་ནས་ཁོ་མོས་སྤྱི་རྒྱ63རིམ་པའི་རང་མོས་འཇུ་རེས་ཀྱི་བྱ་དགའ་ཨང་དང་པོ་བླངས།
     2013ལོའི་ཟླ9བའི་ཚེས8ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་རྒྱལ་སྤྱིའི་རྣམ་པའི་འཇུ་རེས་རྣམ་གྲངས་ཀྱི་སྐྱེས་མའི་རང་དབང་འཇུ་རེས་སྤྱི་རྒྱ63རིམ་པའི་འགྲན་བསྡུར་ཁྲོད། ཁོ་མོས་ཧུའུ་ནན་གྱི་འགྲན་ཞུགས་པ་ཀྲིག་ཆེན་ལས་རྒྱལ་ཏེ་བོད་ལྗོངས་འཐུས་ཚབ་རུ་ཁག་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་ཐོབ་ཐུབ་པ་བྱུང་ཞིང་། དེ་ནི་རྟགས་མ་ཐོག་མའང་ཡིན་པ་རེད།
     ཉེ་བའི་ལོ་འགའི་ནང་། ཤི་ལོག་སྒྲོལ་མས་བརྩོན་པ་ཆེར་བསྐྱེད་དང་དཀའ་བ་ཁྱད་བསོད་སྒོས་སྦྱོང་བརྡར་བྱས་པར་བརྒྱུད། འགྲན་སྡུར་གྱི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ནས། ཕུལ་དུ་བྱུང་བའི་ལུས་རྩལ་པ་ཞིག་ཏུ་གྱུར་འདུག
     2014ལོའི་ཟླ3པའི་ཚེས16ཉིན་གྱི་དགོང་མོ། དུས་ཡུན་ཉིན་གཉིས་ཀྱི་འཛམ་གླིང་བུམ་པའི་སྐྱེས་མའི་རང་དབང་འཇུ་རེས་རུ་འགྲན་སྐབས་བཅུ་བཞི་བ་དེ་ཉི་ཧོང་ཏུང་ཅིན་དུ་སྤེལ་ཞིང་། ཀྲུང་གོའི་རུ་ཁག་གིས6/2ཀྱི་བསྡུར་ཚད་ཀྱིས་ཁ་ན་ཌ་ལས་རྒྱལ་བྱུང་བ་དང་རུ་འགྲན་གྱི་ཨང་གསུམ་པ་བླངས་ལ། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མ་ཐོག་དང་པོར་རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས། ཁོ་མོས་འགྲན་བསྡུར་འདི་ལས་སྤྱི་རྒྱ63རིམ་པའི་འགྲན་ཐེངས4ལ་ཞུགས་ཤིང་། ཞུན་ཡཱ་ལེ་དང་། ཨ་རི། ཁ་ན་ཌའི་རུ་ཁག་བཅས་དང་འགྲན་བསྡུར་བྱས་ཏེ་རྒྱལ་ཁ་བླངས།


འབྲེལ་ཡོད་འོས་སྦྱོར།