logo

ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-01 ཀློག་གྲངས།:

藏族书法家旦正才旦
ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས།

ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས།

  ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ནི་སྤྱི་ལོ1972ལོའི་ཟླ1པོའི་ཚེས6ཉིན་བ་ཡན་ཁོ་ཚེ་སྡེ་བར་སྐྱེས་ཤིང་། ཆུང་དུས་ཕ་མ་གཉིས་འདས་རྗེས་རང་གི་ཨ་ཁུ་དང་ཨ་ནེ་གཉིས་དང་མཉམ་དུ་མཚོ་ལྷོ་ཁུལ་མང་རྫོང་མང་ར་ལྕང་སྡོང་དུ་གནས་སྤར་ཏེ། ཡུལ་དེ་ནས་བོད་རྒྱ་རྩིས་གསུམ་གྱི་གཞི་རྩའི་འབྲི་ཀློག་རྩིས་རྒྱག་གི་རྨང་ཐོག་མར་བཏིངས་ལ། 1988ལོའི་ཟླ9པར་མང་རྫོང་བོད་ཡིག་སློབ་འབྲིང་དུ་རྒྱུགས་འཕྲོད་དེ་སློབ་གཉེར་བྱེད་པའི་གོ་རིམ་ཁྲོད་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་འགོ་ཐོག་མར་བརྩམས་པ་དང་། སྤྱི་ལོ1990ལོའི་ཟླ7པར་ཁུལ་བོད་ཡིག་སློབ་འབྲིང་དུ་རྒྱུགས་འཕྲོད་ནས་བོད་ཀྱི་མཁས་དབང་དག་གི་ཕྱག་བྲིས་ལ་རང་སྦྱོང་གང་ལེགས་བྱས་ཏེ། ཡིག་གཟུགས་འབྲི་རྩལ་མཐོ་རུ་བཏང་། 1992ལོར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་འབྲུ་ཚ་དང་འཁྱུག་བྲིས་གསན་སྦྱོང་གནང་ནས་བོད་ཀྱི་ཡིག་གཟུགས་ལ་ངེས་ཟབ་མོ་ཐོབ། 1996ལོར་སློབ་མཐར་ཕྱིན་ཏེ་ཀོས་ནན་རྫོང་བོད་ཡིག་སློབ་འབྲིང་དུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་སྟེ་ད་བར་ལོ་ངོ་བཅུ་དྲུག་འདས་སོང་།


ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་འགྲེམ་སྟོན།
ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས།

ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས།

  དགེ་རྒན་གྱི་ལས་ཞུགས་ཁྲོད། ཁོ་བོས་སློབ་གྲྭའི་གྱང་ངོས་དང་འཛིན་གྲྭ་སོ་སོའི་སྒོ་སམ་ངོས་སུ་ཡིག་གཟུགས་སྣ་ཚོགས་བྲིས་ནས་དགེ་སློབ་ཁྲོད་དུ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་པ་དང་། རྗེས་སུ་སྤྱི་ཚོགས་སྟེང་དུ་གཞུང་སྒེར་གང་རུང་གི་དུས་དེབ་དང་ཚགས་པར། སྲིད་གཞུང་གི་ཡིག་ཆའི་ཁ་བྱང་བྲིས་མྱོང་བར་མ་ཟད། སྤྱི་ལོ1999ལོར་རྫོང་མི་དམངས་སྲིད་གཞུང་དང་མི་རིགས་སྐད་ཡིག་ལས་ཁུངས་གཉིས་ཀྱི་རེ་བ་ལྟར་རྫོང་མཁར་གྲོང་གི་སྒོ་བྱང་ཡོད་ཚད་བོད་ཡིག་གིས་བྲིས་པ་དང་། སྤྱི་ལོ2001ལོར་རབ་རྒན་སྡེ་གསར་གྱི་སྒོ་ཆེན་ནང་རོལ་གོང་ངོས་སུ་ཤིས་ཚིག་བྲིས་པ་ལས་གཞན་བྲིས་གཟུགས་ཁ་ཤས་མཆོད་ཡོན་སོགས་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང་ལ། ཐེངས་དུ་མར་ཁུལ་རྫོང་རིམ་པའི་ཡིག་གཟུགས་འགྲན་སྡུར་ལ་ཞུགས་པར་མ་ཟད། བྱ་དགའ་དང་བཟང་བསྟོད་མང་པོ་ཐོབ་མྱོང་། སྤྱི་ལོ2012བར་ལོ་ངོ་གཉིས་རིང་ལ་ཁོང་སྒེར་ནས་མ་དངུལ་ངེས་་ཅན་བཏང་ནས་ཡིག་གཟུགས་ཀྱི་སྣ་ཁ་མང་ཞིང་། སྒྱུ་རྩལ་གྱི་རིན་ཐང་མཐོ་བའི་བྲིས་གཟུགས་སྣ་ཚོགས་བརྒྱད་ཅུར་ཉེ་བ་མང་རྫོང་བོད་ཡིག་སློབ་འབྲིང་དང་མཁར་གྲོང་སློབ་ཆུང་དུ་འགྲེམ་སྟོན་བྱས་ཏེ་ཡུལ་དངོས་གནས་དགེ་རྒན་ཀུན་གྱིས་དགའ་བསུ་ཐོབ། དེའི་རྗེས་སུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་ཁ་བའི་ཞབས་རྗེས་ཀྱི་ལེ་ཚན་དང་བོད་སྐད་རླུང་འཕྲིན་གྱི375ཐད་གཏོང་ལེ་ཚན་ལས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་རིག་གནས་སྐོར་གྱི་ཤེས་བྱ་ཁ་བརྡ་བྱས། 2013ལོའིཟླ2པའི་ཚེས19ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཁོ་རང་གི་ལོ་ངོ་གཅིག་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་བྲིས་པའི་ཡིག་གཟུགས་སྣ་འདུས་ཤོག་ཧྲིལ་རིང་མོ་རྨིད120ཡོད་པ་ཞིག་ལེགས་འགྲུབ་བྱུང་ནས་འགྲེམ་སྟོན་བྱས་པར་མ་ཟད། ཐེངས་འདིའི་ཀོས་ནན་རྫོང་ས་གནས་ཀྱི་བོད་ཀྱི་ལོ་སར་བསུ་བའི་སྤྲོ་ཚོགས་སྟེང་ལ་ཕ་ཡུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་ལོ་སར་ལེགས་སྐྱེས་ཞིག་གི་ཚུལ་དུ་ཀུན་གྱི་སྤྱན་ངར་ཕུལ། བརྩམས་ཆོས་དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་རྨད་དུ་བྱུང་བ་ལྡན་ཞིང་། སྲོལ་རྒྱུན་ཡིག་གཟུགས་ཀྱི་མཛེས་རྩལ་ཉམས་འགྱུར་མངོན་པར་ཐོན་ཡོད་པ་རེད།
 


ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས།

ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས།

ཡིག་མཁན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་འགྲེམ་སྟོན་ལ་གཟིགས་བཞིན་པ།


འབྲེལ་ཡོད་འོས་སྦྱོར།