logo

གླུ་མ་ལྷ་སྐྱིད་ངོ་སྤྲོད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-22 ཀློག་གྲངས།:


གླུ་མ་ལྷ་སྐྱིད།

  གླུ་མ་ལྷ་སྐྱིད་ནི། 1985ལོར་སི་ཁྲོན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཡང་གོ་ཡུལ་ཚོ་ཡར་ཤོག་སྡེ་བའི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ལོ་བདུན་གྱི་སྐབས་སུ་སློབ་ཆུང་ལ་འགྲིམས་ནའང་། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་སློབ་གླིང་ལ་འགྲིམ་པའི་སྐལ་བ་མ་བྱུང་ཞིང་། དེ་ནི་ཁོ་མོ་ལ་མཚོན་ན་མི་ཚེ་འདིར་ཆེས་ཡིད་འགྱོད་ཀྱི་དོན་དག་ཅིག་རེད།
  2002 ལོར་མོའི་མི་ཚེའི་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་པ་སྟེ།  མོ་ལ་ཤ་ཚ་བའི་མི་གང་མང་གི་རམ་འདེགས་འོག    རང་གི་དགའ་ཕྱོགས་གླུ་གར་གྱི་སྟེགས་བུ་ལ་གོམ་ཁ་བསྒྱུར་ཏེ། གླུ་དང་རྡུང་ལེན་གང་མང་ཞིག་ལ་རང་སྦྱོང་བྱས་ཏེ་སྙན་མོ་ངག་གི་དབྱངས་རྟར་དྲངས་པ་ལས།  ཆོལ་གསུམ་བོད་མི་ཀུན་གྱིས་དགའ་བསུ་ཐོབ་ཅིང་། མོས་ཀྱང་རང་ཉིད་བོད་པའི་དམངས་ཁྲོད་ཀྱི་གླུ་མ་ཞིག་ཡིན་པའི་འགན་འཁྲི་འཕྲག་ལ་བཞེས་ཏེ་རློམ་སེམས་ཆེན་པོས་རང་གི་ཆེད་སྒྲིག《ནས་ཁུར་བུ་མོ》དང་། 《གསེར་མདོག་གི་ཕ་ས》 《ངའི་ལས་དབང》སོགས་སྒྲ་བརྙན་འཁོར་བཅུ་ཕྲག་ལྷག་འགྲེམ་སྤེལ་བྱས་ཤིང་།   དེ་ལ་བསྟོད་བསྔགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།  སྔ་རྗེས་སུ་ལྷ་ས་དང་། ནགས་ཆུ། ཆབ་མདོ། མཚོ་སྔོན། ཡུལ་ཤུལ། སི་ཁྲོན་སོགས་ས་གནས་དུ་མར་ཕྱིན་ཏེ་གླུ་གར་གྱི་སྟེགས་བུ་ལས། གངས་ལྗོངས་ལ་སྤྲོ་སྣང་མི་དམན་པ་སྦྱིན་པ་རེད།  


འབྲེལ་ཡོད་འོས་སྦྱོར།