སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན།
རྩོམ་པ་པོ།:འོད་ཟེར་གྱིས་བྲིས་ཤིང་དཀོན་རྡོ
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2022-05-18
ཀློག་གྲངས།:
སྙན་གྲགས་ཀྱི་བ་དན་སྲིད་ན་གཡོ་བའི་བཟོ་བོ་བི་ཤྭ་ཀརྨའི་རྣམ་རོལ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་ལགས་ནི(1610—1690)ལོར་མདོ་ཁམས་བྲག་འགོའི་ཡུལ་དུ་སྐུ་འཁྲུངས། ཁོང་ཉིད་བྱིས་པའི་དུས་ནས་གཞན་དང་མི་མཚུངས་པའི་མཛད་སྤྱོད་ལྷན་སྐྱེས་སུ་གནས་ཤིང་། ལྷག་པར་དུ་རི་མོ། བྲིས་སོགས་ལ་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་ཡངས། ཁྱད་དུ་འཕགས་པའི་ལྟ་དཔྱོད་ཀྱི་ནུས་པ་དང་། འགྲན་དུ་མེད་པའི་ལག་རྩལ་དེས་མི་གཞན་གྱི་ཡིད་དབང་ཡོངས་སུ་འཕྲོག་པས་ཡོངས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས། སྔ་ཕྱིར་རི་མོ་སྐུ་གཟུགས་ཀྱི་ཐིག་རྩ་བཟོ་རྒྱུན་མན་ངག་དང་བཅས་ལ་སྦྱངས་པ་མཐར་ཕྱིན་གནང་། དེང་དུས་ཁོང་ཉིད་ཀྱིས་བྲིས་པའི་ཞལ་ཐང་རྣམས་ཀྱིས་གངས་ཅན་ལྗོངས་ཀྱི་ལྷ་རིས་རྩེར་སོན་པ་མང་པོའི་ཡིད་ཀྱི་དང་བ་འདྲེན་པར་བྱས་པས་ཀུན་གྱིས་ངོ་མཚར་དུ་འཛིན། ནས་འབྲུའི་ཚད་གཞིའི་སྟེང་དུ་གཞན་གྱིས་ཕྲ་མཐོང་ཆེ་ཤེལ་མ་བཀོལ་ན་མཐོང་མི་ཐུབ་པའི་འབྲི་བཞེངས་གསོལ་བའི་ལྷ་སྐུའི་ཐིག་རིས་ཚད་དང་ལྡན་ལ་ཞིབ་ཅིང་ཕྲ་བས་སྤྲུལ་པའི་ལྷ་བཟོ(སྤུ་ཉག་ལྷ་བཟོ)ཞེས་མཚན་སྙན་ཕྱོགས་བཞིར་ཁྱབ།
གེ་སར་གྱི་ཞལ་ཐང་།
ལྷ་རིས་པ་ཆེན་མོ་ནམ་མཁའ་རྒྱན་གྱིས་བོད་ཀྱི་སྒྱུ་རྩལ་རིག་པའི་དོ་ར་རུ་དུས་རབས་ཤིག་ལ་བསུབ་ཏུ་མེད་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ལ། འདི་ལྟ་བུའི་རིན་བྲལ་གྱི་ཐང་གའི་བྲིས་རྒྱུན་གནའ་ནས་ད་བར་དུ་རྒྱུན་འཛིན་བྱས་ཏེ་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཆོལ་གསུམ་གངས་ཅན་ལྗོངས་སུ་དར་ཁྱབ་ཆེ་བའི་ནམ་མཁའ་རྒྱན་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་གཟི་འོད་རྣམ་པར་བཀྲ། ཁོང་ཉིད་ཀྱི་ཕྱག་སོན་ལས་བྱུང་བའི་ཞལ་ཐང་ད་སྐབས་བཞུགས་སུ་གསོལ་བའི་སྟོན་པའི་སྐྱེས་རབས་དང་རྒྱན་དྲུག་མཆོག་གཉིས་སོགས་ནི་སྲིད་ན་བསྒྲུན་དུ་མེད་པའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་ངོས་འཛིན་བྱས་ཡོད། །
འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཞལ་ཐང་།
སྐྱེས་རབས་ཞལ་ཐང་གི་གཙོ་ལྷ།
འབྲེལ་ཡོད་འོས་སྦྱོར།