དགེ་རྒན་སངས་རྒྱས་རིན་ཆེན་གྱི་ལོ་རྒྱུས་རགས་བསྡུས།
རྩོམ་པ་པོ།:བུ་དབང་གྲགས་ཚེ་རིང་གིས་མཁོ་སྤྲོད་བྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-27
ཀློག་གྲངས།:

སངས་རྒྱས་རིན་ཆེན་ལགས་ནི་སྤྱི་ལོ༡༩༤༦ལོར་མདོ་སྨད་གཅན་ཚའི་ལྷ་ས་སྡེ་བ་རུ་ཡབ་ཤ་བོ་སངས་རྒྱས་དང་ཡུམ་པདྨ་མཚོ་སྐྱིད་གཉིས་ཀྱི་བུར་སྐྱེས་ཤིང་། ཕུ་ནུ་མིང་སྲིང་གསུམ་ཡོད་པའི་ནང་གི་གཉིས་པ་རང་ཡིན། ༡༩༥༣ལོ་སྟེ་རང་ལོ་བདུན་པ་ནས་བཟུང་རེས་བསྐྱོད་རེས་སྡོད་དང་རེས་དལ་རེས་བྲེལ་གྱི་སློབ་གཉེར་ཁོར་ཡུག་ཁྲོད་ནས་རིམ་བཞིན་གཅན་ཚ་རྫོང་ལྷ་ས་སློབ་ཆུང་དང་གཅན་ཚ་རྫོང་ཞྭ་ཁྲ་ཆ་ཚང་སློབ་ཆུང་འགྲིམས། ༡༩༦༤ལོ་ནས༡༩༦༦ལོའི་བར་དུ་གཅན་ཚ་རྫོང་ཏང་གི་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་གླིང་གི་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལས་འགུལ་གྱི་སྦྱོང་བརྡར་འཛིན་གྲྭར་ཞུགས།༡༩༦༩ལོ་ནས༡༩༧༢ལོའི་བར་གཅན་ཚ་རྫོང་རྐང་རྗེན་སྨན་པའི་འཛིན་གྲྭ་ནས་རྒྱ་ནག་དང་ཕྱི་གླིང་གི་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཛད། ༡༩༧༢ལོར་མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་འཛིན་གྲྭར་ཞུགས་ནས་སུམ་རྟགས་དག་གསུམ་དང་རྒྱ་བོད་ལོ་ཙཱ། མར་ཁེ་སིའི་རིག་པའི་གཞུང་ལུགས། རྩོམ་འབྲིའི་ཤེས་བྱ་སོགས་ལ་ཆེད་སྦྱོང་བྱས།སྐབས་དེར་བོད་ཡིག་དཔེ་ཁྲིད་བྱེད་མཁན་གྱི་བོད་རིགས་དགེ་རྒན་ཆེས་ཉུང་བ་སོགས་ཀྱིས་སྐོམ་པ་ཆུ་འདོད་ཀྱི་རེ་འདུན་ཆེར་མ་གྲུབ་ནའང་། བརྩོན་འགྲུས་བརྟན་པོས་གང་ནུས་སུ་འབད་པས༡༩༧༥ལོར་ཕུལ་བྱུང་གི་སྦྱངས་འབྲས་དང་བཅས་ཆེད་སྦྱོང་གི་བསླབ་རིམ་ནས་སློབ་ཐོན་བྱུང་ཞིང་། ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་དུ་ཉར་བར་གྱུར།
དེ་བས། དུས་དེ་ནས་བཟུང་སློབ་ཆེན་གྱི་དགེ་རྒན་དུ་བཞུགས་ཏེ་རང་ནུས་ཡོད་རྒུས་བོད་རྒྱ་རིག་པའི་གཞུང་ལུགས་སྣ་ཚོགས་ལ་ལྟ་ཀློག་དང་། ཁྱད་པར་དུ་རང་གི་དཔེ་ཁྲིད་ཀྱི་དུས་ཚོད་དང་མི་འགལ་བར་ལོ་ངོ་གསུམ་རིང་སློབ་གླིང་དེ་གའི་རྒྱ་ཡིག་སྡེ་ཁག་གི་རྒྱ་ཡིག་སློབ་ཁྲིད་ལ་ཟུར་ཉན་བྱས་པས། རང་གི་ཡོན་ཚད་ཀྱང་སྔར་ལས་མཐོར་འདེགས་བྱུང་ཞིང་། སློབ་མ་རྣམས་ལ་དཔེ་ཁྲིད་བྱས་པའི་རྣམ་གྲངས་ཀྱང་སུམ་རྟགས་དག་གསུམ་དང་སྙན་ངག་གཙོས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རྩོམ་གཞུང་ཁོ་ན་ཙམ་མིན་པར། དེང་རབས་རྩོམ་གཞུང་གསར་པའི་ཤེས་བྱ་གང་མང་ཡང་འདེམས་སྒྱུར་བྱས་ཏེ་སློབ་ཁྲིད་གནང་འགོ་ཚུགས་པ་རེད།
༡༩༧༩ལོར་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་གནའ་རྩོམ་ཞིབ་འཇུག་འཛིན་གྲྭ་རུ་རྒྱུགས་འཕྲོད་དེ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག རྒན་ཆེན་མོ་སྐལ་བཟང་འགྱུར་མེད་དང་བློ་བཟང་ཆོས་འབྱོར། བློ་བཟང་རྡོ་རྗེ། བཀྲ་ཤིས་དབང་འདུས། ཝང་ཡོ། ཝང་ཧྥུའུ་རིན་སོགས་དགེ་རྒན་དུ་བསྟེན་ནས་ཏུན་ཧོང་ལས་ཐོན་པའི་གཏེར་ཡིག་སྣ་ཚོགས་དང«དེབ་ཐེར་སྔོན་པོ»གཙོས་བོད་ཀྱི་ལོ་རྒྱུས་ཡིག་ཚངས་གང་མང་། «མི་དབང་རྟོགས་བརྗོད»དང«ས་སྐྱ་ལེགས་བཤད»གཙོས་བོད་ཀྱི་གནའ་རྩོམ་གྲགས་ཅན། «ཐུའུ་བཀྭན་གྲུབ་མཐའ»གཙོས་གྲུབ་མཐའ་དང་། མཁྱེན་རབ་འོད་གསལ་དང་སྐལ་བཟང་འགྱུར་མེད་ཀྱི་སུམ་རྟགས་འགྲེལ་བ་གཙོས་སུམ་རྟགས་དག་གསུམ། «ཚིག་རྒྱན་རིག་པའི་སྒོ་འབྱེད»དང«སྙན་འགྲེལ་ཡང་གསལ་སྣང་མཛོད» «རྟོགས་བརྗོད་གསེར་དངུལ་གྱི་མེ་ཏོག»གཙོས་སྙན་ངག་གི་གཞུང་དང་བསྟན་བཅོས། ཚད་མའི་འགྲེལ་བ་དང«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད»གཙོས་ཚད་མ་དང་སྒྲུང་གཏམ་སོགས་བོད་རང་གི་རིག་གཞུང་སྣ་ཚོགས་ལ་ཞིབ་འཇུག་དང་བཅས་སྦྱོང་བ་གང་ལེགས་བྱས་པ་མ་ཟད། རྒྱ་ནག་གི«ལུགས་བཞིའི་བསྟན་བཅོས»བདམས་བཀོད་དང་། ལོ་རྒྱུས་དངོས་གཙོ་རྩོད་སྒྲུབ་རིག་པ་སོགས་ལའང་སྦྱངས་ཏེ༡༩༨༡ལོར་སློབ་མཐར་ཕྱིན་ཅིང་། ལོ་དེར་ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་དུ་ལོག སྐབས་དེ་དག་ཏུ་གཅིག་ན་བརྩོན་སེམས་ཆེ་བ་དང་གཉིས་ན་དགེ་རྒན་བཟང་བ། གསུམ་ན་སློབ་སྦྱོང་གི་ཆ་རྐྱེན་འཛོམས་པ་སོགས་ལ་བརྟེན་ནས་དཔེ་དེབ་གང་ཞིག་བཀླགས་ནའང་རང་སྟོབས་ཀྱིས་ཚེགས་མེད་དུ་ངེས་ཤིང་གོ་བར་གྱུར་ཏེ་རིག་པའི་ཀློང་བརྡོལ་འགོ་ཚུགས་པར་མ་ཟད། དངོས་དོན་བདེན་ཐུབ་ཏུ་འཇུག་པའི་ཞིབ་འཇུག་གི་ཁ་ཕྱོགས་ཀྱང་གསལ་བར་རྙེད་ནས་ངེས་པ་དོན་གྱི་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བས་སྐད་དང་ཡི་གེ་གཅིག་གྱུར་གྱི་སྒོ་ནས་བོད་ཀྱི་རིག་གནས་སློབ་གསོ་གོང་འཕེལ་དུ་གཏོང་བའི་ལྟ་བའི་གཞི་བཙུགས།
དེ་བས། དུས་དེ་ཙམ་ནས་བཟུང་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བས་ལུང་རིགས་ཀྱི་བརྟག་པ་བཟོད་པའི་རིག་གཞུང་ཞིབ་འཇུག་གི་ལས་ལ་གཞོལ་དགོས་ཀྱི་འབོད་པ་གཅིག་མིན་གཉིས་མིན་དུ་བསྒྲགས་ནས། «བོད་རིགས་ཀྱི་རུས་རྒྱུད་འབྱུང་ཁུངས་སྐོར་རགས་ཙམ་བརྗོད་པ»དང«བོད་ཀྱི་བཙན་པོའི་རྒྱལ་རབས་ཇི་ལྟར་འཇིག་པའི་ལོ་རྒྱུས་རོབ་ཙམ་བཤད་པ»སོགས་དཔྱད་རྩོམ་གྲགས་ཅན་གང་མང་སྔ་ཕྱིར«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»སོགས་རིག་གཞུང་དུས་དེབ་ཁག་ཏུ་སྤེལ་ཡོད་དེ། དཔྱད་ཞིབ་མེད་པའི་ལྷ་སྒྲུང་དང་ངག་རྒྱུན་ཁོ་ན་ཙམ་ལ་བརྟེན་རྐྱང་བྱེད་པའམ། རང་ཞེན་དང་རང་འདོད་ཙམ་ལ་བརྟེན་རྐྱང་བྱེད་པའི་རིག་གཞུང་བགྲོ་གླེང་གི་ལས་ལས་བཟློག་དགོས་ཀྱི་དུས་རབས་གསར་པའི་འབོད་སྐུལ་ཡང་ཡང་གནང་མཁན་གྱི་དུས་གསར་བསུ་བའི་ཕོ་ཉར་རང་བཞིན་གྱིས་གྲུབ་ཡོད་པ་མ་ཟད། ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་དུ་ལོག་ནས་དེ་སྔོན་སྒྲིག་སྒྱུར་བྱས་པའི་དེང་རབས་རྩོམ་གཞུང་གི་རྒྱུ་ཆ་གང་མང་རྨང་གཞིར་བྱས་ཏེ«བོད་ཀྱི་དེང་རབས་རྩོམ་རིག»དང«རྩོམ་སྟངས་སློབ་ཁྲིད»ཅེས་པའི་ཁ་གསལ་གོ་བདེའི་བོད་ཡིག་གི་དེང་རབས་རྩོམ་གཞུང་གསར་པའི་བསླབ་དེབ་སྒྲིག་རྩོམ་མཛད་ནས། སློབ་གྲྭ་དེ་གར་བོད་ཡིག་གི་དེང་རབས་རྩོམ་གཞུང་གསར་པའི་བསླབ་གཞི་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ལ། རང་ཉིད་དངོས་ནས«རི་ཆུའི་འབབ་སྒྲ»དང«དུས་ཆེན་གྱི་རེ་སྨོན»སོགས་བརྩམས་ཤིང་སྤེལ་ཏེ་རྩོམ་རིག་བརྩམས་ཆོས་འབྲི་ཚུལ་གྱི་དཔེ་ཡང་གསལ་བར་བསྟན་པས། དངོས་དང་བརྒྱུད་པས་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔུང་སྡེའི་སྐྱེད་སྲིང་ལའང་ནུས་པ་མི་དམན་པ་ཐོན་ཡོད་དེ། ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་དེད་དཔོན་དུའང་རང་བཞིན་གྱིས་གྲུབ་པས། སྐབས་དེའི«མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་གཞུང་ཕྱོགས་ཀྱི་གསར་ལམ་དུའང་ཁོང་དང་ཁོང་གི«བོད་ཀྱི་དེང་རབས་རྩོམ་རིག»(现代藏文文学)ལ་འོས་སྦྱོར་གདེང་འཇོག་གང་ལེགས་གནང་ཡོད་པ་རེད།
དེ་བཞིན་སྐབས་དེ་ཙམ་ནས་མི་རིགས་རང་གི་གཉེན་བཤད་དང་སྟོན་བཤད། ཇ་བཤད། ཆང་བཤད་སོགས་བཤད་པ་སྣ་ཚོགས་དང«ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ» «དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ» «འབའ་ན་ཆུང་རྩེན་པའི་རང་མདངས» «ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ» «གནའ་རྒྱལ་ཚེ་ལོ»སོགས་ངག་རྩོམ་གང་མང་ཡིག་ཐོག་ཏུ་ཕབ་སྟེ«མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ»ཞེས་པ་ཀུན་གྱིས་རིན་ཅན་དུ་བརྩི་བ་དེ་བསྡུ་སྒྲིག་མཛད(གཅོད་པ་དོན་གྲུབ་དང་མཉམ་དུ་བསྒྲིགས)ནས། དམངས་ཁྲོད་དུ་གྲགས་ཆེ་ནའང་སྤྱི་ཚོགས་སྟེང་ཉམས་རྒུད་འགྲོ་ཉེན་ཆེ་ལ། དུས་མཚམས་གང་རུང་གི་སྤྱི་ཚོགས་སྣང་ཚུལ་ཇི་བཞིན་དུ་ཚུར་སྣང་ཐུབ་པའི་ངག་རྩོམ་དང་དམངས་སྲོལ་སྣ་ཚོགས་མི་ཉམས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་གང་ལེགས་བཞག་པས། རང་གཞན་གྱི་དོན་རྒྱ་ཆེན་གྲུབ་དང་འགྲུབ་བཞིན་པར་སངས་རྒྱས་རིན་ཆེན་ཞེས་སྙན་པའི་གྲགས་པ་བོད་ཁམས་ཀུན་ཏུ་ཁྱབ་འགོ་བརྩམས།
ཡིན་ནའང་། ཁྱིམ་མིའི་འབོད་སྐུལ་དང་ཁྱིམ་ཚང་གི་འཁོས་ཀ་སོགས་ཀྱི་རྐྱེན་དབང་གིས་ཡང་ཡང་བསྐུལ་བས། ༡༩༨༩ལོར་སློབ་ཆེན་དགེ་རྒན་གྱི་འཚོ་བ་བསྐྱུར་ཏེ་གཅན་ཚ་རྫོང་ཐོག་ཏུ་ལས་གནས་སྤར་ཞིང་། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་གཅན་ཚ་རྫོང་སློབ་གསོ་ཅུའུ་ནས་རིག་གནས་སློབ་གསོའི་ལས་དོན་གཉེར། དེ་ནས་བཟུང་མི་ཚེའི་རྫོགས་ལྡན་གྱི་དུས་སྐབས་གཞི་རིམ་དུ་བསྐྱལ་དགོས་བྱུང་ཞིང་། ཕྱིས་སོར་ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པ་དང«ཨ་མདོ་ཞིབ་འཇུག»རྩོམ་སྒྲིག་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ནས་གདན་འདྲེན་ཡང་ཡང་ཞུས་མོད། མི་འདོད་ནད་ཀྱིས་བཏབ་ནས་ཐག་རིང་དུ་འགྲོ་བའི་ཆ་རྐྱེན་མ་ཚང་བར། དེ་མུར་རང་ལོ་དྲུག་ཅུ་པ་སྟེ་སྤྱི་ལོ༢༠༠༦ལོར་ལས་འཁྱུར་ངལ་གསོ་བྱས།
དེ་ལྟ་ནའང་། མི་རིགས་ཀྱི་ཤ་ཞེན་དང་རིག་གནས་སློབ་གསོའི་དུངས་ཞེན་ལ་ཉམས་པ་མེད་པར་གཞི་རིམ་སློབ་གསོའི་བྱ་བ་ཧུར་ཐག་གིས་བསྒྲུབས་ཤིང་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ནན་ཏར་མཛད་པས། གཅན་ཚ་ས་ཆའི་ཞིབ་འཇུག་སློབ་མ་དང་འབུམ་རམས་སློབ་མ་གཙོས་ཤེས་བྱ་རིག་པའི་གནས་ལ་དུང་བ་ཟབ་པའི་ཤེས་ལྡན་པ་གང་མང་གིས་ཁོང་གི་མདུན་ནས་འབྲེལ་ཡོད་རིག་གཞུང་ཞིབ་འཇུག་ཐད་ལ་བློ་འདྲི་བྱེད་ཀྱིན་ཡོད་པ་མ་ཟད། ཐ་ན་སློབ་ཆེན་པའི་དགེ་རྒན་གྲགས་ཅན་ལ་ཤས་ནས་ཀྱང་ཁོང་ལ་གམ་བཅར་བློ་སྡུར་བྱེད་ཀྱིན་ཡོད་ཅིང་།ཡུལ་ལུང་གང་མང་གི་རྩོམ་སྐུལ་བྱེད་མཁན་དང་བློ་འདོན་ཞུ་དག་ཏུ་སྐུལ་མཁན་ཡང་མང་པོ་བྱུང་སྟེ། དཔེར་ན། སློབ་འབྲིང་དགེ་རྒན་གང་མང་གིས་བསྐུལ་ངོར། «རྩོམ་སྟངས་རིག་པའི་སྒོ་འབྱེད»ཅེས་བྱ་བ་དེང་རབས་རྩོམ་གཞུང་གསར་པའི་རྩོམ་ལུས་སྣ་ཚོགས་དང་སྤྱི་ཚོགས་འཚོ་བའི་ཁྲོད་རྒྱུན་སྤྱོད་འབྱུང་ངེས་ཀྱི་རྒྱུན་བཀོལ་རྩོམ་ཡིག་ཁག་གི་འབྲི་ཐབས་བཅས་པ་ཚིག་ཉུང་དོན་གསལ་སྒོས་བྲིས་པའི་བསླབ་དེབ་དེ་ཉིད་གསར་རྩོམ་གནང་བ་དང་།གཅན་ཚ་རྫོང་གཅན་ཚ་ཐང་གི་མི་རྣམས་ཀྱིས་བསྐུལ་ངོར། གཅན་ཚ་ཐང་གཡོན་རུ་དང་མཚོ་སྔོན་པོ་གཡོན་རུ་སོགས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་གསལ་བའི«མདོ་སྨད་གཡོན་རུའི་ལོ་རྒྱུས»ཞེས་པ་དང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་རྫོང་དཔོན་སོགས་ཀྱིས་བསྐུལ་ངོར། «མདའ་བཞིའི་ལོ་རྒྱུས་གསལ་བའི་མེ་ལོང»ཞེས་པ་བརྩམས་ལ། གཅན་ཚ་རྫོང་གི་སློབ་གསོ་སློབ་ཁྲིད་ལེགས་བསྒྱུར་ལ་དམིགས་ནས། «དམིགས་ཚད་སློབ་ཁྲིད་ཀྱི་རྨང་གཞིའི་ཤེས་བྱ»བྱ་བ་ཁོང་རང་ཉིད་ཀྱིས་གཙོ་འགན་བཞེས་ནས་སྒྲིག་རྩོམ་མཛད་ཅིང་། སྐབས་དེའི་ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པའི་འགོ་གཙོའམ་ལན་ཀྲིག་སློབ་ཆེན་གྱི་འབུམ་རམས་སློབ་མའི་མཛུབ་སྟོན་དགེ་རྒན་འབྲུག་ཐར་སོགས་ཀྱིས་བསྐུལ་ངོར། རྨ་ལྷོ་ཁུལ་གྱི་རྨ་ལྷོ་རྫོང་དང་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་གི་འབྲེལ་མཚམས་ནས་བོན་གྱི་དཔེ་རྙིང་ཕོན་ཆེན་རྙེད་པ་དེའི་གསལ་འབྱེད་དག་སྒྲིག་གི་ལས་འགན་ཡོད་ཚད་ཀྱང་ཁོང་ཉིད་གཅིག་པུས་དང་དུ་བླངས་ཏེ། ཁོང་གིས་ཡིག་ཚགས་རེ་རེའི་ནང་དོན་ཉིང་བསྡུས་དང་བཅས་ཐོ་འགོད་གསལ་འབྱེད་བྱས་མཐར། «མདའ་ཚང་ཡིག་ཚགས»ཞེས་ད་ལྟ་ཡོངས་སུ་གྲགས་པ་དེ་གཞི་ནས་བྱུང་བར་གྱུར། གཞན་ཡང་། ཤེས་བྱ་རིག་གནས་ལ་དགའ་ཞེན་ཆེ་ཞིང་མི་རིགས་རིག་གནས་ལ་དུང་ཞེན་ཆེ་བས། «དེང་རབས་བོད་ཀྱི་རྩོམ་ཡིག་དང་རྩོམ་འབྲིའི་ཤེས་བྱ» «བོད་སོག་གི་རིག་གནས་འབྲེལ་བའི་ཞིབ་འཇུག» «བོད་ཀྱི་གཞུང་ཡིག་གི་རྣམ་གཞག» «ལེགས་པར་བཤད་པའི་གཏམ་མུ་ཏིག་གི་ཕྲེང་བའི་མཛེས་རྒྱན»ལ་སོགས་པའི་ཆེད་དེབ་ཀྱང་སྐབས་དེའི་དལ་མེད་བྲེལ་ཟིང་གི་དུས་ཀློང་ནས་སྔ་ཕྱིར་བརྩམས་གྲུབ་བྱུང་བ་མ་ཟད། ད་བར་དུ་པར་སྐྲུན་བྱེད་མ་ཐུབ་པ་དང་ཞུན་དག་བྱེད་ལོང་མ་བྱུང་བའི་བརྩམས་ཆོས་གང་མང་ཞིག་ཀྱང་སྐབས་དེར་བརྩམས་འདུག་སྟེ། «བོད་སིལ་བུར་ཐོར་བའི་སྐབས་ཀྱི་སྤྱི་ཚོགས་གནས་བབ་སྐོར་བཤད་པ»ལ་སོགས་པའི་དཔྱད་རྩོམ་དང་། «ལྷ་སའི་བན་དེའི་ལོ་རྒྱུས»ལ་སོགས་པའི་ངོ་སྤྲོད་དང་དེ་དག་ལས་འཕྲོས་པའི་དཔྱད་པ། «རི་ཆུའི་འབའ་སྒྲ»ལ་སོགས་པའི་ལྷུག་རྩོམ་དང་། «དུས་ཆེན་གྱི་ཕོ་ཉ»ལ་སོགས་པའི་སྙན་ངག «རྒན་པོ་དོན་གྲུབ་ཀྱིས་གྱོད་དོན་བཤད་པ»ལ་སོགས་པའི་སྒྲུང་ཐུང་བཅས་དེ་སྔ་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྣ་ཚོགས་སྟེང་བཀོད་པ་མང་ཤོས་ཤིག་ད་བར་དུ་བསྡུ་སྒྲིག་མ་ཐུབ་པར་ལུས་ལ། གཅན་ཚ་ས་ཁུལ་གྱི་གནའ་རབས་གཏམ་རྒྱུད་དང་གནའ་རབས་སློབ་གསོ། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་སྲུང་སྐྱོབ་བྱ་ཚུལ་སོགས་གཅན་ཚ་ས་ཁུལ་དུ་དེ་སྔ་དར་ཆེ་ཞིང་ད་ལྟ་ཉམས་བཞིན་པའི་རིག་གནས་སྣང་ཚུལ་སྣ་མང་བཀོད་པའི«གཅན་ཚའི་རིག་གནས་སྤྱི་བཤད»བྱ་བ་ཞུན་དག་ཀྱང་མ་ཐུབ་པར་ལུས།

ཁོང་གི་བརྩམས་ཆོས་དག
མདོར་ན་ཁོར་ཡུག་དང་གཟུགས་གཞིས་འཕྲོས་པའི་རྐྱེན་འགྱུར་སྣ་ཚོགས་ཀྱིས་ཡང་ཡང་དུ་གཙེས་ནའང་། རྣམ་ཀུན་དུས་རབས་ཀྱི་སྔོན་དུ་འགྲེང་ཞིང་གདོང་ལེན་དང་ཕོ་ཉའི་འགན་འཁྲི་ཕྲག་ཏུ་བླངས་ནས་མི་ཚེ་ཧྲིལ་པོའི་ནུས་ཤུགས་ཡོད་རྒུ་བོད་ཀྱི་རིག་གནས་ཡར་སྐུལ་དང་རིག་གཞུང་འཐུས་ཚང་། སློབ་གསོའི་ལས་དོན་གོང་འཕེལ་གཏོང་བའི་ལས་དོན་སྟེང་ཕུལ་འདུག་ཅིང་། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་འདུག་པས། ཁོང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་མི། རྨ་ལྷོ་ཁུལ་སྲིད་གྲོས་སྐབས་བརྒྱད་པའི་ཨུ་ཡོན། ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཞིབ་འཇུག་པ། «མདོ་སྨད་ཞིབ་འཇུག»དུས་དེབ་ཀྱི་གདན་ཞུ་རྩོམ་སྒྲིག་པ་སོགས་ཀྱི་སྤྱི་ཚོགས་ལས་འགན་སྔ་ཕྱིར་བཅོལ་མྱོང་ཡོད་ཅིང་། རིམ་པ་ཁག་གི་སློབ་གསོའི་སྡེ་ཁག་ནས་ཀྱང་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་དཔྱད་རྩོམ་སོགས་ཀྱི་གཟེངས་རྟགས་གང་མང་ཕུལ་འདུག་ལ། «རྩོམ་སྟངས་རིག་པའི་སྒོ་འབྱེད»ལ་སྐབས་གསུམ་པའི་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་དང་། «མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ»ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བཙུགས་ནས་ལོ་འཁོར༤༠ལོན་པར་རྟེན་འབྲེལ་ཞུ་བའི་རྩོམ་རིག་གསར་རྩོམ་དཔྱད་འདེམས་ཁྲོད་ཀྱི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། «འདི་ནའང་རང་ལུས་འོད་དུ་འབར་བའི་སྒྲོན་མེ་ཞིག»ཅེས་པའི་ལྷུག་རྩོམ་ལ«ཟླ་ཟེར»དུས་དེབ་ཀྱིས་ཕུལ་བྱུང་གསར་རྩོམ་གྱི་བྱ་དགའ་གནང་བ་སོགས་དཔྱད་ཞིབ་ཀྱི་གཟེངས་རྟགས་ཀྱང་གང་མང་ཕུལ་འདུག་སྟེ། དེ་ལྟའི་སྙན་གྲགས་དང་གྲུབ་འབྲས་ལ་བརྟེན་ནས་ཁོང་གི་མཚན་གནས་དང་བྱས་འབྲས་ལ་སོགས་པའི་ལོ་རྒྱུས་མདོར་བསྡུས་ནི༡༩༩༨ལོར་པར་དུ་བསྐྲུན་པའི«ཀྲུང་ཧྭའི་མི་སྣའི་མིང་མཛོད»ཀྱི་དེང་རབས་རིག་གནས་དུམ་པར(《中华人物辞海·当代文化卷》)བཀོད་འདུག་པ་མ་ཟད། ༢༠༠༠ལོར་པར་དུ་བསྐྲུན་པའི«འཛམ་གླིང་ཕུལ་བྱུང་ཆེད་མཁས་འཇོན་མིའི་མིང་མཛོད»ཀྱི་ཀྲུང་ཧྭའི་ཚན་པའི་དུམ་པ་དང་པོའི་སྨད་ཆར(《世界优秀专家人才名典·中华卷·下》)ཡང་བཀོད་འདུག
འོན་ཀྱང་། ཉེ་འབྲེལ་སློབ་བུ་ཁག་དང་གསར་འགོད་མི་སྣ་ཁག་ནས་བཅར་འདྲི་བྱེད་དུས། ཁོས་ཁེངས་སྐྱུང་གིས་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་མེད་པར་བསྒྱུར་འགྲོ་བ་མ་ཟད། ཉིད་ཀྱི་ལོ་རྒྱུས་རྒྱ་ཆེར་མི་སྒྲོག་པའི་གདམས་པ་ཡང་ཡང་འཇོག་ཅིང་། «དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་རང་སྦྱོང་གསལ་བའི་མེ་ལོང»དང«གཞུང་དོན་མདོར་བསྟན་གྱི་རྣམ་བཤད་བསྡུས་པའི་སྙིང་པོ» «མདའ་ཚང་ཡིག་ཚགས»སོགས་རང་བྲིས་གཞན་སྦྱོར་གནང་བའི་རྩོམ་ཡིག་དང་བརྩམས་ཆོས་གང་མང་ཡོད་པ་དེ་དག་གི་མིང་ཙམ་ཡང་གླེང་དུ་མི་འཇུག་པར། མི་རིགས་རིག་གནས་དར་རྒྱས་ཀྱི་ཆེད་དུ་ཡིན་པས་ཡོད་ཚད་བཏང་སྙོམས་སུ་འཇོག་དགོས་ཀྱི་ཀུན་སློང་གིས་བསྐྱུར་འཇོག་སྟེ། དེ་ལྟའི་བསམ་བློ་དང་དེ་ལྟའི་སྙིང་སྟོབས་ཀྱི་ངང་ལ་ནད་གཞི་ཇེ་སྡུག་ཏུ་གྱུར་ནས་མིག་ཟུང་གི་ནུས་པ་ཉམས་རག་བར་དུ་ལུས་དཔེ་དེབ་དང་བྲལ་མྱོང་མེད་ཅིང་། སྤྱི་ལོ༢༠༡༦ལོའི་ཟླ༡༡པའི་ཚེས༡༩ཉིན་གཟིམ་མལ་མཐའ་ཅན་དུ་གྱུར་ནས་ང་ཚོ་དང་གཏན་བྲལ་གྱུར་ཁ་མའི་བར་དུ་རང་ཤེས་གཞན་ཁྲིད་ཀྱི་བགྱི་བར་ནམ་ཡང་མཚམས་བཞག་མྱོང་མེད།

ཡོང་ཁུངས། རྐང་ལམ་ཕྲ་མོ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།