ཐུ་བྷོད་དམག་སྤྱི་ཆེན་མོ་དབལ་ཁྲོམ་བཞེར།
རྩོམ་པ་པོ།:དབལ་ཤུལ་རང་བྱུང་།
ཡོང་ཁུངས།:ཁམས་པའི་དྲྭ་བ།
དུས་ཚོད།:2021-10-15
ཀློག་གྲངས།:
ཐུ་བྷོད་དམག་སྤྱི་ཆེན་མོ་དབལ་ཁྲོམ་བཞེར་ནི་བཙན་པོ་ལྷ་སྲས་དར་མ་འུ་དུམ་བཙན་གྱི་སྐབས་བོད་ཤར་ལྷོའི་མཚམས་ཀྱི་མཐའ་བསྲུང་དམག་དཔུང་གི་སྲོག་ཤིང་ལྟ་བུའི་དམག་སྤྱི་ཆེན་མོ་ཞིག་སྟེ། ཡིག་རྙིང་རེ་འགར་དབའ་ཁྲི་བཞེར་དང་དབའས་ཁོན་བཞེར་སོགས་འབྲི་ཚུལ་མི་འདྲ་བ་བྱུང་ལ། རྒྱའི་ཐང་ཡིག་ཏུ་论恐热ཞེས་ཀྱང་འཁོད་ཡོད། དེ་ནི་བློན་ཁོན་བཞེར་རམ་བློན་ཁྲོམ་བཞེར་ཞེས་པ་སྒྲ་བསྒྱུར་ཡིན་པ་གསལ་ཞིང་། འདིར་རྒྱ་ཡིག་ཏུ་论ཞེས་པའི་སྒྲ་གདངས་ཐོན་པ་ལ་དཔྱད་ན་ཐང་སོགས་གཞན་གྱིས་ཁོང་བོད་བློན་ཞིག་ཏུ་ངོས་བཟུང་ནས་བློན་ཁྲོམ་བཞེར་ཞེས་ཀྱང་གྲགས་པར་གོ་ཐུབ།
དེའང་ཐང་བོད་ས་མཚམས་ཀྱི་བོད་ཀྱི་དམག་སྤྱི་ཞིག་ལ་མཚོན་ན་ཐང་གིས་དབལ་ཁྲོམ་བཞེར་བོད་བློན་དུ་ངོས་བཟུང་བའང་དོན་ལ་གནས། དམག་སྤྱི་ཁོང་གི་མཚན་དངོས་སུ་བྱུང་བའི་ཡིག་རྙིང་ནི་གཙོ་བོ་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཐང་ཡིག་གསར་རྙིང་། སྲིད་སྐྱོང་མེ་ལོང་སོགས་ཡིན།
༡ བཙན་པོའི་དུས་སྐབས་སུ་མདོ་སྨད་དམག་སྤྱིའི་འགན་བཞེས་པའི་སྐོར།
དབལ་ཁྲོམ་བཞེར་ནི་དུས་རབས་དགུ་པའི་ནང་གི་ཐུ་བྷོད་ཀྱི་མི་སྣ་གལ་ཆེན་ཞིག་དང་། ཐང་གི་གཉའ་ཤིང་དང་སོག་པོའི་ལྟག་བདུད་ལྟ་བུའི་དྲག་ཤུགས་ཀྱི་མཚན་སྙན་རྒྱས་པའི་བོད་ཀྱི་བློན་ཆེན་ཞིག་དང་དམག་སྤྱི་ཞིག་སྟེ། བཙན་པོའི་དུས་སྐབས་སུ་མདོ་སྨད་མཐའ་བསྲུང་དཔུང་དམག་གི་དམག་སྤྱི་ཆེན་མོ་ཞིག་ཡིན། རྒྱའི་ཐང་ཡིག་གསར་མ་རུ། “别将尚恐热为落门川讨击使,姓未,名农力”[1]ཞེས་འཁོད། དེའི་དོན་ནི་བཀས་མངགས་དགྲ་འདུལ་དམག་སྤྱི་ཆེན་པོ་བློན་ཁྲོམ་བཞེར། རུས་དབལ་ཡིན་ཞེས་གསལ། རྒྱའི་སྲིད་སྐྱོང་མེ་ལོང་དུ་“落门川讨击使论恐热,性悍忍,多诈谋”[2]ཞེས་འཁོད། དེའི་ནང་དུ་ལོ་མོན་ཁྲོན(དེང་གི་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཧྲན་རྫོང་武山县)དུ་ཡོད་པའི་བློན་ཁྲོམ་བཞེར་ནི་རང་གཤིས་གཏུམ་ཞིང་གཡོ་ཇུས་མཁས་པ་ཞིག་ཡིན་ཞེས་ཟུར་ཟ་བྱས་ཡོད་ལ། དེ་ནི་ལྷ་སྲས་དར་མ་གཤེགས་རྗེས་བོད་ཀྱི་ས་མཚམས་དམག་དཔོན་མང་ཆེ་བས་ཐང་ལ་མགོ་འབུལ་བྱས་ཀྱང་དབལ་ཁྲོམ་བཞེར་གཅིག་པུས་ཐང་ལ་མགོ་འབུལ་མ་བྱས་པ་མ་ཚད། མི་ལོ་ཉི་ཤུ་ལྷག་གི་རིང་ཐང་ལ་དཔུང་འཇུག་དྲག་རྒོལ་བྱས་པས་འཁོན་སེམས་ཀྱིས་སྨད་པ་བྱས་པར་སྣང་། དཔེར་ན་བོད་བློན་ཞང་མེ་མེ་ཟེར་བ་དེས་བཙན་པོ་གྲོངས་རྗེས་ཐང་ལ་མགོ་འབུལ་བྱས་པས་ཞང་མེ་མེ་ལ་ཐང་གིས་བསྟོད་བསྔགས་ཚད་མེད་བྱེད་པ་རེད། དེ་ལས་ལྡོག་པའི་ཞང་མེ་མེ་དང་དགྲ་རུ་གྱུར་ཞིང་མ་ཤི་བར་དུ་ཐང་ལ་འཐབ་མོ་བྱེད་པའི་བློན་ཁྲོམ་བཞེར་ལ་ཁོ་ཚོས་ངན་སྨད་བྱེད་ཅི་ཐུབ་དང་བོད་ཀྱི་བཙན་པོའི་རྒྱལ་སྲིད་འཕྲོག་འདོད་ཡོད་ཅེས་ཕྲ་མ་བཅུག་ཏེ་བོད་དམག་ནང་དུ་དབྱེན་སྦྱོར་ནང་འགལ་སློང་ཅི་ཐུབ་བྱས་ཡོད་པ་རྟོགས་ཐུབ། དོན་དམ་སྐབས་དེའི་ནང་འགལ་གྱི་གནད་དོན་གཙོ་བོ་ནི་བཙན་པོ་འུ་དུམ་བཙན་སྐུ་གྲོངས་རྗེས་སྲས་འོད་སྲུང་བཙན་པོའི་གདུང་རྒྱུད་ཡིན་མིན་གྱི་རྩོད་ཉོག་ཅིག་བྱུང་བའི་དོན་རྐྱེན་དང་འབྲེལ་བའི་འགལ་རྩོད་ཁོ་ན་ཞིག་ཡིན་པ་གསལ་བོར་ཤེས་ཐུབ། ལོ་རྒྱུས་སྨྲ་བའི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་“རྒྱལ་པོ་འདི་སྤུ་རྒྱལ་གྱི་གདུང་ཁུངས་ཡིན་མིན་གྱི་འཁྲུགས་རྩོད་དེ་འབྲོ་དང་དབའི་རུས་རྒྱུད་གཉིས་བར་གྱི་གྱོད་གཞི་ཆེན་པོ་ཞིག་ཏུ་གྱུར་ནས་མཐར་རུས་རྒྱུད་འབྲོ་དང་དེའི་ཕྱོགས་གཏོགས་ཀྱིས་སྤུ་རྒྱལ་གྱི་གདུང་རྒྱུད་དངོས་གནས་ཡིན་པར་ཆ་འཇོག་བྱས་ནས་བོད་ཀྱི་རྒྱལ་པོར་ངོས་འཛིན་བྱས་པ་དང་། དབའ་དང་དེའི་ཕྱོགས་གཏོགས་ཀྱིས་ལྷ་སྲས་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་དངོས་གནས་མིན་པས་ཁོང་ལ་བོད་ཀྱི་རྒྱལ་པོའི་ཁྲི་ལ་འཁོད་པའི་ཐོབ་ཐང་མེད་ཅེས་རྩོད་པ་བྱས།”ཞེས་ཁོང་གི་གསུང་རྩོམ་དུ་གསལ། དོན་རྐྱེན་འདི་འདྲའི་གླགས་རྙེད་པས་དགྲ་ཕྱོགས་ཀྱིས་དེ་མུར་ཕྲ་མ་བཅུག་པའི་ཐབས་བཀོད་བྱས་དེ་བོད་བློན་ཁྲོམ་བཞེར་ནི་ཐུ་བྷོད་བཙན་པོའི་རྒྱལ་སྲིད་འཕྲོག་འདོད་ཀྱི་རྔམ་སེམས་ཆེ་བར་དབྱེན་རྫུན་སྦྱར་ཡོད་པ་ནི་དཔོག་ཐུབ་པ་ཞིག་སྟེ། མདོ་སྨད་ཀྱི་ཐུ་བྷོད་དམག་དཔུང་ཁྲོད་དུ་ནང་འགལ་བྱུང་བ་ནི་ཐང་དང་ཡུ་གུར། ཧོར་སོགས་ལ་གོ་སྐབས་བཟང་ཤོས་ཤིག་ཡིན་པ་རེད།
གོ་སྐབས་འདི་འདྲ་ལ་བསྟེན་ནས་མཐུན་སྒྲིལ་ཉམས་པའི་དགྲ་བོ་ལ་འགོག་རྒོལ་བྱེད་པ་ནི་སྐབས་ཡག་ཤོས་ཡིན་པ་ཁོ་ཚོས་ཤེས་ཡོད། དེ་བཞིན་བོད་བློན་ཞང་མེས་མེས་གཙོས་དམག་དཔོན་མང་དག་གིས་ཐང་ལ་མགོ་འབུལ་བྱས་པས་ཐུ་བྷོད་དམག་དཔུང་ནི་སྟོབས་ཉམས་ནུས་ད་ཀྱི་ལུག་ཁྱུ་འཐོར་བོ་ལྟ་བུར་གྱུར། འདི་འདྲི་ཉམས་ཐག་ཨུ་ཐུག་གི་སྐབས་ལ་དབལ་ཁྲོམ་བཞེར་གྱིས་ལྕགས་ལས་ངར་ཞིང་རི་ལས་བརྟན་པའི་རང་ཚུགས་དང་ཞུམ་མེད་ཀྱི་དཔའ་ངར་ཆེན་པོས་མུ་མཐུད་ས་མཚམས་བསྲུང་བའི་ལས་ལ་གཞོལ་དེ། ཐང་ལ་འགོག་རྒོལ་དང་ཞང་མེ་མེ་སོགས་རང་ཆས་བོར་དེ་གཞན་རྗེས་སྙེག་པའི་ནང་རུལ་བ་དག་ལ་གཡུལ་སྤྲད་ནས་ལོ་མང་འདས།
༢ བཙན་པོ་འདས་རྗེས་སུ་མུ་མཐུད་དགྲ་འགོག་གཡུལ་འཐབ་བྱས་པའི་སྐོར།
ཕྱི་ལོ་842ལོར་བཙན་པོ་འུ་དུམ་བཙན་སྐུ་གྲོངས། བཙན་པོ་གཤེགས་ཏེ་སྲིད་ཁྲི་སྟོང་བར་གྱུར་བའི་ཉམས་ཐག་པའི་དུས་སྐབས་དེར། མདོ་སྨད་དུ་གནས་པའི་ཐུ་བྷོད་དམག་དཔུང་གང་མང་གིས་ཐང་ལ་མགོ་འབུལ་དང་སྐྱེས་ཕུལ་ཡང་། དབལ་ཁྲོམ་བཞེར་གྱིས་ཐང་ལ་མགོ་མ་སྒུར་ཞིང་མུ་མཐུད་དུ་རང་གི་དམག་དཔུང་ཁྲིད་ནས་བསྟུད་མུར་དགྲ་བོར་འགོག་རྒོལ་བྱས་ཏེ་ཤི་རྨས་གང་མང་ཐེབས། དཔའ་ངར་ཆེ་བའི་དམག་སྤྱི་དབལ་ཁྲོམ་བཞེར་ནི་ལོ་རྒྱུས་ཀྱི་དཔའ་བོར་བགྲང་ཆོག་སྟེ། བཙན་པོའི་རྒྱལ་སྲིད་འཇིག་པའི་མུན་ནག་གི་ལོ་ཟླ་དེ་ལྟ་བུ་ལ་རང་གི་འགན་འཁྲི་གཙུགས་སུ་བཟུང་ཏེ། ཐང་དང་ཡུ་གུར། ཧོར་དང་གྲུ་གུ་སོགས་ལ་གཡུལ་བཤམས་ཏེ་མདའ་མཚོན་གྱི་ཁྲོད་དུ་གདོང་གཏད་ཅིང་། ཤི་རྨས་ཁྲོད་དུ་དཔུང་བཏེགས་ནས་ས་མཚམས་ཀྱི་དམག་སྤྱིའི་གཟི་བརྗིད་ཀྱི་མཚན་བྱང་ཡལ་བར་མ་དོར་བའི་དཔའ་ངར་ཆེ་བའི་དམག་སྤྱི་ཞིག་ཡིན་ལ། སྐབས་དེར་མདོ་སྨད་ཕྱོགས་ཀྱི་བཙན་པོའི་དམག་དཔུང་ཁྲོད་ཐང་ལ་མགོ་མ་སྒུར་བའི་བོད་ཀྱི་དམག་སྤྱི་གཅིག་པུ་དེ་ཡིན། རྒྱའི་ཡིག་ཚང་སྲིད་སྐྱོང་མེ་ལོང་དུ་“洛门川讨击使论恐热,性悍忍,多诈谋,乃属其徒告之曰:“贼舍国族立纟林氏,专害忠良以胁众臣,且无大唐册命,何名赞普!吾当与汝属举义兵,入诛纟林妃及用事者以正国家。天道助顺,功无不成。”遂说三部落,得万骑。是岁,与青海节度使同盟举兵,自称国相。”[3]ཞེས་འཁོད། དེའི་དོན་ནི་ལོ་མོན་ཁྲོན་དུ་བོད་བློན་ཁྲོམ་བཞེར་ཞེས་པ། རང་གཤིས་རྩུབ་ཅིང་ངན་ཇུས་ཆེ་བ་དེས་རང་གི་འཁོར་ཡོངས་ལ་བསྒྲགས་དོན། བློན་པོ་ངན་པ་དེས་སྣ་ནམ་པའི་བུ་རྒྱལ་ཁྲིར་བཀུར་ཏེ། བློ་དཀར་བློན་པོ་ཚང་མར་འཇིགས་སྐུལ་བཏང་། ད་དུང་ཐང་ཆེན་པོས་མངའ་གསོལ་མེད་པ་དེ་འདྲ་བཙན་པོའི་ཁྲི་ལ་ཇི་ལྟར་འཁོད་ཐུབ་བམ། ཁོ་བོས་དྲང་བདེན་གྱི་དམག་དྲངས་ཏེ་བཙུན་མོ་སྣ་ནམ་དང་དེའི་ཕྱོགས་ཁག་ཚང་མ་ཆམ་ལ་ཕབ་ནས་རྒྱལ་ཁབ་ལེགས་བཅོས་བྱེད་འདོད། དཀོན་མཆོག་གིས་ཁ་འཛིན་ཡོད་པས་བྱ་བ་ལམ་དུ་འགྲོ་ངེས་ཞེས་བཤད་པས་ཚོ་བ་གསུམ་གྱི་བློ་བཀུག་སྟེ་རྟ་དམག་ཁྲི་གཅིག་ཐོབ། ལོ་དེར་མཚོ་སྔོན་པོའི་བཀའ་འཛིན་བློན་ཆེན་དང་མཉམ་འབྲེལ་གྱིས་དཔུང་བཏེགས་ཤིང་རང་ལ་བློན་ཆེན་དུ་འབོད། ཞེས་པའི་དོན་སྟེ། སྐད་ཆ་འདི་ལས་དབལ་ཁྲོམ་བཞེར་གྱིས་བཙུན་མོ་སྣ་ནམ་པའི་སྲས་དེ་སྤུ་རྒྱལ་གདུང་རྒྱུད་དུ་ཁས་མ་བླངས་ཤིང་དེ་ཁྲི་ལ་འཁོད་པ་བློར་མ་བབས་ནས་རྒོལ་གཏམ་སྤེལ་བ་དང་དེ་བཞིན་དེའི་ཕྱོགས་གཏོགས་ཀྱི་ཐང་ལ་མགོ་བཏགས་པའི་བོད་བློན་གཞན་དག་ལ་དྲག་རྒོལ་བྱས་པ་མཚོན། ཁོ་རང་དཔའ་ངར་ཆེ་ཞིང་གཏུམ་དྲག་ཆེ་བ་ནི་ལོ་རྒྱུས་ཀྱིས་གསལ་བོར་མཚོན་ནུས་ཏེ། ཡང་རྒྱའི་ཡིག་ཚང་དེར་འཁོད་དོན། “恐热引骁骑涉水,苏毘等皆降,思罗西走,追获,杀之。恐热尽并其众,合十馀万,自渭州松州,所过残灭,尸相枕藉。”[4]ཞེས་འཁོད་དེ། དེ་ནི་དབལ་ཁྲོམ་བཞེར་གྱིས་རྟ་དམག་ཧྲག་བསྡུས་ཤིག་བཏང་ནས་ཆུ་བོ་བརྒལ་བས་སུམ་པ་སོགས་ཀྱིས་མགོ་བཏགས་ཤིང་ཞང་སི་ལོ་ནུབ་ཕྱོགས་སུ་བྲོས་ཀྱང་བདས་ནས་བསད། དམག་མི་འབུམ་གཅིག་དབང་དུ་བསྡུས། ཝེ་ཀྲུའུ་ནས་སུང་ཀྲུའུ་བར་དུ་དྲག་བཅོམ་བྱས་པས་མི་རོ་རྣམས་གཅིག་ཐོག་གཅིག་བརྩེགས་བྱས་ཡོད་ཅེས་པའི་དོན། འདི་ལས་དབལ་ཁྲོམ་བཞེར་གྱིས་དམར་འཛིང་མཚམས་འཇོག་མེད་པར་བྱས་པ་མཚོན་ཐུབ། དབལ་ཁྲོམ་བཞེར་གྱིས་མཚམས་འཇོག་མེད་པར་དྲག་རྒོལ་གྱིས་ཐང་དང་ཐང་ལ་མགོ་འབུལ་བྱས་པའི་བོད་དམག་གཞན་དག་ལ་དངངས་འཚུབ་སྐྱེད་པའི་གཡུལ་འཁྲིག་ཐེངས་མང་བཤམས། ལྷག་པར་དུ་ཐང་ལ་མགོ་བཏགས་པའི་བོད་བློན་ཞང་མེ་མེ་ཟེར་བས་དབལ་ཁྲོམ་བཞེར་ལ་མངོན་ལྐོག་གང་རུང་ནས་འཐབ་རྒོལ་བྱས་ཤིང་། དབལ་ཞང་གཉིས་སྐབས་དེའི་དགྲ་ཟླ་གཙོ་བོ་ཁག་གཉིས་སུ་གྱུར། ཞང་མེ་མེ་ནི་བོད་བློན་ཆེ་གྲས་ཤིག་དང་མདོ་སྨད་ཕྱོགས་ཀྱི་བཙན་པོའི་དམག་དཔོན་ཆེ་ཤོས་ཤིག་སྟེ་སྐབས་དེར་ཀྲེན་ཞི་ཅུན་(དེང་གི་ཀན་སུའུ་ཞིང་ཆེན་ཀ་ཆུ་གྲོང་ཁྱེར་)གྱི་མཐའ་བསྲུང་དམག་སྤྱི་གཅིག་ཡིན་མོད། བཙན་པོ་འུ་དུམ་བཙན་སྐུ་གྲོངས་རྗེས་ནས་ཐང་ལ་མགོ་བཏགས་རྩིས་འབུལ་བྱེད་མཁན་སྔ་གྲས་ཤིག་ཡིན། དེའི་ཕྱིར་ཐང་གིས་ཀྱང་ཞང་མེ་མེ་ལ་བསྟོད་བསྔགས་བྱས་ཏེ། རྒྱའི་ཡིག་ཚང་དུ་ཞང་མེ་མེ་ཞེས་པ་ནི་མི་རབས་མང་པོ་བོད་ཀྱི་བློན་ཆེན་བྱས་མྱོང་ལ། ཁོ་རང་ནི་དཔེ་ཆ་ཀློག་ལ་དགའ་ཞིང་དཔོན་ཐོབ་ལ་རེ་བ་མི་འཆང་བའི་ཡ་རབས་ཤིག་སྟེ་ཀུན་གྱིས་བརྩི་བཀུར་ཐོབ་ཞེས་སོགས་འཁོད་ཡོད། དབལ་ཁྲོམ་བཞེར་གྱིས་དུས་རྒྱུན་ཐང་ལ་འགོག་རྒོལ་ཚད་མེད་བྱས་པས་དེ་ནི་མི་གཤིས་རྩུབ་ཅིང་གདུག་རྩུབ་ཆེ་བའི་མི་ངན་ཞིག་ཏུ་བསྒྲགས་ཡོད། གནད་དོན་འདི་ལས་དབལ་ཁྲོམ་བཞེར་གྱིས་མཐའ་གཅིག་ཏུ་བོད་བཙན་པོའི་བཀའ་ལུང་གཙུགས་སུ་བཟུང་ནས་དགྲ་ལ་མགོ་འདོགས་བྱེད་པ་ག་ལ་སྲིད། ཁོང་གིས་རང་སྲོག་འབེན་ལ་བཞག་ནས་ཐང་ལ་དཔའ་ངར་ཞུམ་མེད་ཀྱིས་དྲག་རྒོལ་བྱས་པ་མཚོན་ཡོད། ཐང་གིས་རང་ལ་མགོ་བཏགས་པའི་མི་ལ་བསྟོད་བསྔགས་དང་མགོ་འདོགས་མ་བྱས་པའི་མི་ལ་ངན་སྨྲས་བྱས་པ་ནི་འཐབ་འཛིང་གི་ངན་ཇུས་ཤིག་ཀྱང་ཡིན། ཐང་གིས་བོད་རྒྱའི་མི་སྣ་གང་མང་བརྒྱུད་ནས་དབལ་ཁྲོམ་བཞེར་ལ་མགོ་འདོགས་དགོས་པའི་སྐུལ་མ་ཐེངས་མང་བྱས་ཀྱང་དབལ་ཁྲོམ་བཞེར་གྱིས་དེ་ལ་རྣ་ཉན་ཙམ་ཡང་མ་བྱས་པར་བསྟུད་མར་དྲག་ཤུགས་ཀྱིས་འགོག་རྒོལ་བྱས་པས་ཐང་གིས་དབལ་ཁྲོམ་བཞེར་ནི་འཇིག་ལ་ཉེ་བའི་ཐུ་བྷོད་ཀྱི་ཆེས་མཐའ་མཇུག་གི་འགག་སྒོ་དེ་ཡིན་པ་ཤེས་ཡོད།
༣ ཕྱི་ནང་གཉིས་ཀྱི་དགྲ་ལ་འཐབ་ཏེ་སྐུ་སྲོག་ཤོར་ཚུལ།
དབལ་ཁྲོམ་བཞེར་གྱིས་ཐུ་བྷོད་བཙན་པོའི་རྒྱལ་རབས་འཇིག་པའི་གནས་ཚུལ་དེ་དང་ལེན་མི་ཐུབ་པར་མུ་མཐུད་དུ་བཙན་པོའི་དྲག་དཔུང་གི་སྟོབས་ཤུགས་དང་ཟུལ་ཤུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་དེ་མཚོ་སྔོན་པའི་ཉེ་འཁོར་དང་ཀན་སུའུ་ས་ཆ་གང་མང་སོགས་དེང་གི་ཆ་ནས་བཤད་ན་ཀྲུང་གོའི་ནུབ་བྱང་གི་ས་ཆ་དེ་དག་ནས་ཐང་དང་ཡུ་གུར་ལ་དྲག་འཐབ་ཐེངས་མང་བྱས་ཏེ་དགྲ་བོ་ཚང་མ་དངངས་འཚུབ་སྐྱེ་དགོས་བྱུང་ཡོད། དེ་བཞིན་ཐང་ལ་མགོ་བཏགས་པའི་བོད་ཀྱི་དམག་དཔོན་ཞང་མེ་མེ་ཡིས་ཐང་དང་དཔུང་བརྡུངས་ཏེ་དབལ་ཁྲོམ་བཞེར་ལ་རྟག་ཏུ་དྲག་རྒོལ་བྱས། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་ཞེས་པ་རུ་“ཧུའེ་ཁྲང་ཁྲི་ལོ་ལྔ་པ། སྤྱི་ལོ་845པ། བོད་ཀྱི་བློན་ཁྲོམ་བཞེར་གྱིས་སླར་ཡང་ཚོ་པ་ཁག་གི་དམག་དཔུང་བསྡུས་ཏེ་ཞང་མེ་མེར་དམག་དྲངས། ཞང་མེ་མེས་ཕང་རྒྱལ་བཟང་ལ་དམག་ལྔ་སྟོང་དང་བཅས་བཟློག་ཏུ་བཏང་བས་བློན་ཁྲོམ་བཞེར་ཆེར་ཕམ་སྟེ་རྟ་དམག་བཅུ་ཕྲག་དུ་མ་དང་ལྷན་དུ་བྲོས། དེར་ཞང་མེ་མེས་རྨ་ཆུ་དང་ཙོང་ཆུའི་རྒྱུད་དུ་བརྡ་ཡིག་བཀྲམ་སྟེ་བློན་ཁྲོམ་བཞེར་གྱི་གཏུམ་སྤྱོད་བསྒྲགས་ཏེ་ན་རེ། “ཁྱོད་ཅག་རྣམས་མ་གཞི་ཐང་གི་མི་ཡིན། ད་ལྟ་བོད་ལ་བདག་པོ་མེད་པར་གྱུར་ཡོད་པས་ཐང་ལ་མགོ་བཏགས་པས་དགའ། ཝ་དང་རི་བོང་རྔོན་པའི་ལག་ཏུ་ཤོར་བ་ལྟར་བློན་ཁྲོམ་བཞེར་གྱི་ལག་ཏུ་མི་ཚུད་པར་གྱིས་ཤིག”ཅེས་སྨྲས། དེ་ནས་བློན་ཁྲོམ་བཞེར་གྱི་བཀའ་དང་དུ་ལེན་མཁན་ཚོ་པ་ཁག་རྣམས་ཀྱང་བློན་ཁྲོམ་བཞེར་དང་ཅུང་ཟད་རིང་དུ་བཀྱེད།”[5]ཞེས་འཁོད་པར་གཞིགས་ན། ཞང་མེ་མེ་ཡིས་ཐང་ལ་ངོ་དགའ་བལྟ་བའི་ཆེད་དུ་དབལ་ཁྲོམ་བཞེར་ལ་ངན་སྨྲས་དང་ཚོ་པ་ཁག་ལ་ངན་སྐུལ་བྱས་ཡོད་པ་མཚོན། ཕྱི་ལོ་849ལོར་ཞང་མེ་མེ་ཡིས་དམག་དཔུང་གི་ཡང་བསྐྱར་དབལ་ཁྲོམ་བཞེར་ལ་རྒོལ་བ་ན། དབལ་ཁྲོམ་བཞེར་རྒྱལ་ནས་ཞང་མེ་མེ་ཡིས་དམག་དཔུང་ལྷག་འཕྲོ་རྣམས་ཁྲིད་ནས་ཕྱིར་ལོག་དགོས་པའང་བྱུང་ཡོད་དེ། བོད་འགྱུར་རྒྱའི་ཡིག་ཚང་དེར་“ཏ་ཀྲུང་ཁྲི་ལོ་གསུམ་པ། སྤྱི་ལོ་849པ། ཟླ་གཉིས་པར། བོད་ཀྱི་བློན་ཁྲོམ་བཞེར་གྱིས་ཧོ་ཀྲོའུ་རུ་དམག་སྒར་བཏབ་པ་དང་། ཞང་མེ་མེས་ཧོ་ཡོན་ཅུན་དུ་དམག་སྒར་བཏབ། ཞང་མེ་མེའི་ལག་འོག་གི་དམག་དཔོན་རྣམས་ཀྱིས་བློན་ཁྲོམ་བཞེར་ལ་རྒོལ་བར་འདོད་པ་ན། ཞང་མེ་མེ་ན་རེ། དེ་མི་རུང་། རང་ཅག་གི་དམག་དཔུང་རྣམ་པར་རྒྱལ་གཤིས་དགྲར་མཐོང་ཆུང་བྱེད་སྲིད་པ་དང་། ཕ་རོལ་པོ་ཕམ་ཞིང་རྒུད་པས་སྲོག་དང་བསྡོས་ནས་འཐབ་ཚེ་རང་ཅག་ཕམ་ཁ་འབྱུང་ངེས་ཡིན་ཞེས་བརྗོད་ཀྱང་དམག་དཔོན་རྣམས་ཀྱིས་ཁོའི་ངག་ལ་མ་མཉན། ཞང་མེ་མེས་ཁོ་ཚོ་ཕམ་ངེས་ཡིན་པ་རྟོགས་ནས་རྨ་ཆུའི་ཟམ་པ་བཟུང་ནས་ཁོ་ཚོར་བསྒུགས། དམག་དཔོན་རྣམས་ཁོའི་སྨྲས་པ་བཞིན་ཕམ་པས་ཞང་མེ་མེས་དམག་དཔུང་ལྷག་མ་རྣམས་བསྡུས་རྗེས་ཟམ་པ་མེར་བསྲེགས་ནས་ཧྲན་ཀྲོའུ་རུ་ལོག”[6]ཞེས་འཁོད། དེ་ལྟར་རྒྱལ་ཕམ་རེས་མོས་ཀྱིས་ལོ་མང་རིང་ནང་འཐབ་ཕྱི་འཐབ་བྱས། ཞང་མེ་མེ་སོགས་ཀྱིས་ཐང་ལ་ཞབས་ཕྱི་བསྒྲུབས་ནས་དབལ་ཁྲོམ་བཞེར་དང་འཐབ། དབལ་ཁྲོམ་བཞེར་གྱིས་བཙན་པོའི་དམག་དཔུང་གི་མཚན་བྱང་འདོར་བར་མི་འདོད་ཅིང་། རང་ཤོག་ལའང་རྟག་ཏུ་དགྲ་བོར་མགོ་འདོགས་མི་རུང་བའི་བཀའ་སློབ་ནན་དུ་བསྩལ། དགྲ་བོར་མགོ་བཏགས་ཚར་བའི་མི་རེ་འཛིན་བཟུང་ཐུབ་ན་ཀུན་གྱིས་མཐོང་ས་ནས་དམར་གསོད་བྱས་ཏེ་མགོ་འདོགས་བྱེད་མཁན་གྱི་མཇུག་འབྲས་མངོན་གསལ་བྱས། བྱ་སྤྱོད་དེ་འདྲ་ཞང་མེ་མེ་ཡིས་ཐོས་ཚེ། དེ་ནི་ངན་སྤྱད་དུ་བསྒྲགས་ཤིང་། དབལ་ཁྲོམ་བཞེར་ནི་ཡ་ང་སྙིང་རྗེ་བྲལ་བའི་གཏུམ་སྤྱོད་ཅན་ཞིག་རེད་ཅེས་ཀུན་ལ་ངན་བསྒྲགས་ཅི་ཐུབ་བྱས། འདི་ལྟར་བཙན་པོའི་བློན་ཆེན་གཉིས་ནང་འཐབ་ཡུན་རིང་བྱས་ཤིང་། མདོ་ཁམས་སྨད་ཀྱི་བོད་དམག་ནང་འཁྲུག་ཅེས་པའི་གཏམ་ངན་ཀྱང་ཁྱབ་པ་རེད། དོན་ལ་ཞང་མེ་མེ་སོགས་ཀྱིས་ཐང་ལ་མགོ་བཏགས་ཤིང་། དབལ་ཁྲོམ་བཞེར་གཅིག་པུས་མགོ་མ་བཏགས་པས་ངན་ལན་དུ་འཐབ་འཁྲུག་བསླངས་བ་ཞིག་རེད།
དེ་ལྟར་དབལ་ཁྲོམ་བཞེར་གྱིས་ཐང་ལ་མགོ་འབུལ་གཏན་ནས་མ་བྱས་པར་ཡུན་རིང་འཐབ་ཏེ། མཐར་ཕྱི་ལོ་866ལོར་བོད་བློན་དབལ་ཁྲོམ་བཞེར་རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ཀྲོའུ་ཁག་བཅོད་བརྒྱད་དུ་གྲགས་པའི་ནང་ཚན་ཁོ་ཀྲོའུ་རུ་སྐུ་སྲོག་ཤོར། རྒྱའི་ཡིག་ཚང་དུ་འཁོད་གསལ། “拓跋怀光以五百骑入廓州,生擒论恐热,先刖其足,数而斩之,传首京师。其部众东奔秦州,尚延心邀击,破之,悉奏迁于岭南。吐蕃由是衰绝,乞离胡君臣不知所终。 ”[7]ཞེས་འཁོད་ཡོད། དེ་ནི་ཐོ་པ་ཧོའེ་ཀོང་གིས་རྟ་དམག་ལྔ་བརྒྱ་ཁྲིད་དེ་ཁོ་ཀྲོའུ་རུ་ཆས་ཤིང་། བློན་ཁྲོམ་བཞེར་གསོན་བཟུང་བྱས་ཏེ། ཐོག་མར་རྐང་པ་བཅད། དེ་ནས་སྡིགས་དམོད་བྱེད་བཞིན་སྲོག་བཅད་དེ་མགོ་བོ་ཐང་གི་རྒྱལ་སར་ཕུལ། འཁོར་རྣམས་ཤར་ཕྱོགས་ཆིན་ཀྲོའུ་རུ་བྲོས་པར་ཞང་ཡན་སུམ་གྱིས་ཕམ་པར་བརྒྱབས། གོང་མས་བཀའ་ལྟར་ལིན་ནན་དུ་རྒྱང་ཕུད་བཏང་། དེ་ནས་བཟུང་ཐུ་བྷོད་ཉམས་རྒུད་དུ་གྱུར། ཆི་ལི་ཧུའུ་རྒྱལ་བློན་ལ་མཐའ་མཇུག་ཅི་བྱུང་ཆ་མ་འཚལ། ཞེས་པའི་དོན་དེ། དབལ་ཁྲོམ་བཞེར་སྐུ་གཤེགས་པ་ནས་བོད་ཉམས་རྒུད་དུ་གྱུར་བར་ཐང་ཡིག་ཏུ་བཤད་ཡོད་ལ། འདིར་འཁོད་པའི་ཆི་ལི་ཧུའུ་རྒྱལ་བློན་ཞེས་པ་ནི་ལྷ་སྲས་དར་མ་འུ་དུམ་བཙན་གྱི་སྲས་དང་དེའི་བློན་འཁོར་ལ་གོ། ཁ་ཅིག་གིས་ཆི་ལི་ཧུའུ་ནི་ཁྲི་ལྡེ་ཡུམ་བརྟན་ཨེ་ཡིན་ནམ་ཟེར་མོད། རྒྱའི་ཡིག་ཚང་དུ་དར་མ་འདས་རྗེས་བུ་མེད་པས་བློན་ངན་ཞིག་གིས་དར་མའི་བཙུན་མོ་མཆིམས་བཟའ་ཡི་གཅེན་པོ་ཞང་ཡན་ལིའི་བུ་ཆི་ལི་ཧུའུ་བཙན་པོའི་ཁྲི་ལ་བཀོད་པས། བློན་ཚོགས་ནང་དུ་འགལ་བ་བྱུང་བའི་ཚིག་ཟུར་ལ་གཞིགས་ན། བོད་རང་གིས་ཀྱང་འོད་སྲུང་བཙན་པོའི་གདུང་རྒྱུད་དངོས་ཡིན་མིན་སྟེང་ནས་ནང་འཁྲུག་བྱུང་རབས་ཀྱི་ལོ་རྒྱུས་གཉིས་བསྡུར་ཚེ་རྒྱས་བཤད་པའི་ཆི་ལི་ཧུའུ་ཟེར་བ་འདི་བཙན་པོ་འོད་སྲུང་ཡིན་ནམ་ཡུམ་བརྟན་ཡིན་དཔྱད་པར་འཚལ། ལོ་རྒྱུས་སྨྲ་བ་རེ་འགས་ནི་ཡུམ་བརྟན་ཞེས་པའི་མིང་འདི་རྗེས་མར་རྗེས་མར་བྱུང་བ་ཞིག་ལས། སྔར་གྱི་ལོ་རྒྱུས་ཡིག་ཚང་དུ་འཁོད་མེད་ཅེས་ཀྱང་བརྗོད་པས་དེ་ལུགས་དཔྱད་པའི་གནས། དབལ་ཁྲོམ་བཞེར་གྱིས་བཙན་པོ་དར་མ་འདས་རྗེས་མུ་མཐུད་ཐང་དང་ཡུ་གུར་སོགས་མཐའ་མཚམས་ཀྱི་འགྲན་ཡ་དག་ལ་མགོ་མ་བཏགས་པར་གཡུལ་འཁྲུག་ཡུན་རིང་བྱས་མཐར། མདའ་ཟད་དམག་ཟད་ཀྱི་མཐའ་མ་དེར་སྐུ་སྲོག་ཤོར་བ་རེད། དེ་ནི་བཙན་པོ་དར་མ་སྐུ་གྲོངས་ནས་ཏག་ཏག་མི་ལོ་ཉེར་བཞི་འདས་པའི་དུས་སུ་ཁོང་ཉིད་ད་གཟོད་དགྲ་ལག་ནས་མི་ཤི་ཐབས་མེད་དུ་གྱུར་བ་དེ་རེད། བཙན་པོ་འདས་རྗེས་དབལ་ཁྲོམ་བཞེར་གྱིས་མི་ལོ་ཉེར་བཞིའི་རིང་གི་མཐའ་མཚམས་དགྲ་འགོག་འཐབ་འཁྲུག་དེ་ནི་ཐང་བོད་གཉིས་ཀྱི་ལོ་རྒྱུས་སུ་འཁོད་པའི་དཔའ་བོ་ཞིག་གི་སྐུ་ཚེའི་མཛད་རིམ་ཡིན། དེ་ནི་དོན་དམ་ཐུ་བྷོད་དམག་དཔུང་གི་སྟོབས་ཤུགས་དང་དཔའ་ངར། ད་དུང་ཉམས་པ་མེད་པའི་སྙིང་སྟོབས་དང་ཞུམ་པ་མེད་པའི་ངར་ཤུགས་མཚོན་པའི་ལོ་རྒྱུས་ཤིག་ཡིན།
༤ ཞར་བྱུང་དབལ་ཤུལ་དང་འབྲེལ་བ་ཡོད་མིན་གྱི་དོགས་དཔྱད།
དེ་ལྟར་ན་ངག་རྒྱུན་དུ་དབལ་ཤུལ་ཞེས་པ་ནི་མཚོ་སྔོན་པོའི་ཉེ་འགྲམ་གྱི་བཙན་པོའི་དམག་དཔོན་ཞིག་གི་གདུང་རྒྱུད་ཡིན་ཚུལ་བརྗོད་པ་དེ་དབལ་ཁྲོམ་བཞེར་དང་འབྲེལ་བ་ཡོད་དོགས་བྱུང་སྟེ། ངག་རྒྱུན་དུ་དབལ་ཤུལ་གྱི་མེས་པོ་ནི་སྔོན་མཚོ་སྔོན་པོའི་ཕྱོགས་ཀྱི་བོད་བཙན་པོའི་དམག་དཔོན་ཚང་ཞིག་གི་བུ་རྒྱུད་ཡིན་ཚུལ་དང་ཐོག་མར་ལྡོང་དབལ་ཆེན་སྐྱབས་ཟེར་བ་ཞིག་དང་། དེ་ནས་དབལ་ཆུ་སྐྱབས་ཟེར་བ་སོགས་བྱུང་ཞིང་། དེ་དག་གི་བུ་རབས་ཚ་རྒྱུད་དག་ལ་དབལ་ཤུལ་ཞེས་གྲགས་པར་བཤད། མགོ་ལོག་རུས་མཛོད་དུའང་དེ་དང་ཆ་འདྲ་བའི་གཏམ་རྒྱུད་འཆད་མོད། ལར་རུས་མཛོད་དག་ཏུ་གསལ་བ་དེའང་ཐོག་མར་དམངས་ཁྲོད་ངག་རྒྱུན་རྣམ་འཚོལ་སྡུད་བྱས་པ་ལས་གྲུབ་པ་སྟེ། རེ་འགའ་ལྷ་སྒྲུང་གི་རྣམ་པ་ལྟར་དུ་བྱུང་བའང་ངག་རྒྱུན་གྱི་རང་གཤིས་ཤིག་སྟེ། གང་ལྟར་རུས་མཛོད་དེ་རུ་འཁོད་པའི་བཤད་སྲོལ་དེར་དུས་རབས་དང་ལོ་གྲངས་གཏན་འཁེལ་ཅི་ཡང་བགྲང་མི་འདུག་ལ། ཐ་ན་བཙན་པོ་གང་གི་སྐུ་དུས་ཡིན་པ་ཙམ་ཡང་གསལ་པོར་འཁོད་ཐུབ་མེད། རུས་རྒྱུད་ཀྱི་བརྒྱུད་པ་དེ་ཡང་དེའི་ཡན་དུ་ཁུངས་གཏུག་ཐུབ་པ་གང་ཡང་མ་མཐོང་། དོན་ལ་དབལ་ཤུལ་ཟེར་བའི་རུས་རྒྱུད་ཆེན་པོ་འདི་ལ་དེ་ཙམ་གྱིས་ག་ལ་ཆོག འདི་ལ་ནི་དུས་ཡུན་ཤིན་ཏུ་རིང་བའི་རུས་རྒྱུད་ཀྱི་བརྒྱུད་ཁུངས་ཡོད་པ་གཏན་དུ་འཁེལ་ལ། ལྷག་དོན་རུས་རྒྱུད་འདི་མཚོ་སྔོན་པོའི་ཕྱོགས་ནས་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེ་རུ་ཕྱིན་པའང་དམག་དོན་དང་དུས་འགྱུར་ཞིག་ལ་འབྲེལ་བ་ཡོད་པ་ཏན་ཏན་ཡིན་སྟེ། ཆ་འཇོག་མེད་པར་ཡིད་ཚོད་ཀྱིས་སྔོན་ཞིག་ལ་མི་ཞིག་གི་བརྒྱུད་པ་ཡིན་ཟེར་བ་ཙམ་ནི་ཨ་མྱེ་རྒན་པོས་བྱིས་པར་གནའ་སྒྲུང་བཤད་པ་ལྟ་བུ་ལས་མེད་པས། དེ་བས་ལོ་རྒྱུས་ཀྱི་ཁུངས་ནི་གནའ་རབས་ཡིག་རྙིང་དང་བཤད་རྒྱུན། རྗེས་ཤུལ་དང་རིག་དངོས་སོགས་ལས་མི་སྣ་དང་ལོ་ཚུགས་གཏན་འཁེལ་བྱ་རྒྱུ་ནི་ཆེས་གལ་ཆེ་བ་དེ་ཡིན་པས། ངག་རྒྱུན་དུ་གྲགས་པའི་དབལ་ཤུལ་གྱི་བྱུང་བ་དང་ཡིག་ཐོག་ཏུ་དེ་དང་ཆ་འདྲ་བར་འཁོད་པའི་ལོ་རྒྱུས་དེ་དག་གཞིར་བཞག་གིས་མི་སྣ་དངོས་དང་ལོ་ཚུགས་རྩིས་འདེད་བྱས་ནས་དབལ་ཤུལ་ནི་བོད་ཀྱི་རུས་རྙིང་ཆེན་པོ་ཞིག་དང་དུས་རབས་དགུ་པའི་དུས་དཀྱིལ་ཙམ་ནས་རུས་རྒྱུད་འདི་བོད་མདོ་སྨད་དུ་ཆེས་ཆེར་མཆེད་ཡོད་པར་སེམས། དབལ་ཁྲོམ་བཞེར་ནི་མདོ་སྨད་ཕྱོགས་སུ་གཞིས་ཆགས་པའི་དབལ་ཤུལ་བ་འདི་དག་གི་མེས་པོ་ཞིག་གམ་ལོ་རྒྱུས་མི་སྣ་གཙོ་གྲས་ཤིག་ཏུ་ངོས་འཛིན་དགོས་པར་ཁོ་བོས་འདོད། དེ་བཞིན་དུ་ཡིན་དགོས་པའི་ངེས་པའང་མ་མཆིས་པས། སླད་མར་དཔྱོད་ལྡན་དག་གིས་ཁུངས་བཙན་གྱི་ལོ་རྒྱུས་རྒྱུ་ཆ་གཞན་རྙེད་ན་མུ་མཐུད་ཞིབ་འཇུག་གནང་བའི་བཀའ་དྲིན་ཞུ།
དཔྱད་ཡིག་གི་ཁུངས།
[1]《新唐书》列传第一百四十一下 吐蕃下
[2][3][4]《资治通鉴》卷245 唐纪六十二
[5][6] རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས། (དང་པོ།) འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡པོར། ཤོག་གྲངས་286;288
[7]《资治通鉴》卷250 唐纪六十六

འབྲེལ་ཡོད་འོས་སྦྱོར།