logo

ནོར་བུ་ཚེ་རིང་།

རྩོམ་པ་པོ།:རིན་སྤུངས་ཚུལ་བསྟན། ཡོང་ཁུངས།:ཧི་མ་ལ་ཡའི་བོན། དུས་ཚོད།:2011-06-24 ཀློག་གྲངས།:

        བོན་གྱི་ཞིབ་འཇུག་པ། དུས་དེབ་རྩོམ་སྒྲིག་པ་ནོར་བུ་ཚེ་རིང་ནི་1962ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྐྱེས། 1986ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་རྗེས་ལས་བགོས་ལྟར«མཚོ་སྔོན་སློབ་གསོ»རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་གཉེར།2002ལོར་མཚོ་སྔོན་སློབ་གསོ་དུས་དེབ་ཁང་གི་ཧྲེ་ཀྲང་གཞོན་པར་བསྐོས།  2004ལོ་ནས«མཚོ་སྔོན་སློབ་གསོ»(བོད་ཡིག)དུས་དེབ་དེ«བོད་ཀྱི་སློབ་གསོ»ཞེས་པར་མིང་བསྒྱུར་ཏེ་གཙོ་སྒྲིག་པའི་འགན་ཁུར་ཡོད།  ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྩོམ་སྒྲིག་གི་ཞོར་«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»«སྦྲང་ཆར»སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྣ་ཚོགས་ཀྱི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རིགས་སྣ་ཚོགས་ཀྱི་དཔྱད་རྩོམ་སྤེལ་མྱོང་། ཁོས་རྒྱ་ཡིག་གིས་བྲིས་པའི་དཔྱད་རྩོམ«གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་གླེང་བ»དང«བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་གཡུང་དྲུང་གི་བོན་གླེང་བ»སོགས་བོད་རིག་པའི་ཞིབ་འཇུག་གི་ཁོངས་སུ་གདེང་འཇོག་ལེགས་པོ་ཐོབ་པ་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔྱད་གཞིའི་ཡིག་རིགས(རྒྱ་ཡིག)སོགས་སུ་རྩོམ་ཧྲིལ་བོ་བསྐྱར་བཤུ་བྱས་མྱོང་། གཞན་ཡང་རང་གི་རྩོམ་སྒྲིག་བྱས་པའི«སློབ་གསོ་སློབ་ཁྲིད་ཀྱི་གླེང་སྟེགས»མི་གཞན་དང་མཉམ་དུ་བརྩམས་པའི«བོད་ཀྱི་སྐྱེ་ཁམས་རིག་པའི་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར»གཉིས་སྔ་གཞུག་2002དང་2004ལོར་པར་སྐྲུན་བྱས།  ཁོས་གཙོ་འགན་འཁུར་ནས་བསྒྲིགས་པའི«བོད་ཀྱི་སློབ་གསོའི་ལེགས་སྒྲིག་དཔེ་ཚོགས»ལ་བསྡོམས་པས་དཔེ་དེབ23ཡོད་པ་ད་ལྟ་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་བཞིན་ཡོད། ལོ་བཅུ་ཕྲག་ལྷག་གི་རིང་ལ་ཧུར་བརྩོན་བྱས་པས་རྩོམ་སྒྲིག་བྱས་པའི་དཔྱད་རྩོམ་དང་རང་གིས་བརྩམས་པའི་དཔྱད་རྩོམ་མི་ཉུང་བ་ཞིག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་བྱ་དགའ་ཡང་ཐེངས་མང་པོ་ཐོབ་མྱོང་།


འབྲེལ་ཡོད་འོས་སྦྱོར།