logo

དགེ་བའི་བཤེས་གཉེན་བཤད་སྒྲུབ་རྒྱ་མཚོ།

རྩོམ་པ་པོ།:ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་ཚིགས། དུས་ཚོད།:2008-04-02 ཀློག་གྲངས།:

    དགེ་བའི་བཤེས་གཉེན་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་སྤྱི་ལོ་༡༩༤༠ལོར་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རིག་སྨོན་གཞུང་དུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མིང་ལ་ཀརྨ་དབང་ཆེན་ཟེར། དགུང་ལོ་བདུན་པ་སྟེ་སྤྱི་ལོ་༡༩༤༦ལོར་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཚོགས་སུ་ཞུགས་ཏེ། ཀུན་སྤངས་སྙན་གྲགས་རྒྱ་མཚོ་མཆོག་གི་དྲུང་དུ་ཕྲལ་སྦྱོར་གྱི་ཀློག་ནས་བརྩམས་ཏེ་ཆོས་སྤྱོད་སྣ་ཚོགས་ལེགས་པར་སྦྱངས། རྗེ་འབྲོག་རུ་བ་ཚུལ་ཁྲིམས་རྒྱ་མཚོ་ལས་རབ་ཏུ་བྱུང་བའི་མཚན་ལ་བཤད་སྒྲུབ་རྒྱ་མཚོ་ཟེར། ལོ་བཅུ་གཉིས་ཀྱི་རིང་རྗེ་འབྲོག་རུ་བ་ཚུལ་ཁྲིམས་རྒྱ་མཚོ་དང་རྗེ་ཡེ་ཤེས་རྒྱ་མཚོས་གཙོས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཙམ་གྱི་མདུན་ནས་ཐ་སྙད་རིག་གནས་དང་དབུ་ཕར། རྣམ་འགྲེལ་སོགས་སྦྱངས་ཤིང་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་འཛུམ་པའི་མེ་ཏོག་ཟེར། རྗེ་ལྷ་རི་བ་སོགས་མཁས་གྲུབ་དུ་མ་ལས་ཁྲིད་དང་དབང་ལུང་ཡང་མང་དུ་ཐོབ།
    དགུང་ལོ་བཅུ་དགུ་སྟེ་སྤྱི་ལོ་༡༩༥༨ལོར་ཕ་ཡུལ་དུ་སླེབས། ལོ་དེའི་ཟླ་བརྒྱད་པར་ཡུལ་དེར་ལོ་རྒྱུས་སྟེང་ཐོག་དང་བོར་བཙུགས་པའི་སློབ་གྲྭའི་དགེ་རྒན་གྱི་འགན་ཁུར་ཏེ། ལོ་བརྒྱད་ཙམ་ལ་རོང་འབྲོག་པའི་བྱིས་པ་མང་བོ་ཡིག་རྨོངས་ལས་ཐར་བར་བྱས། དགུང་ལོ་ཉེར་བདུན་པ་སྟེ་སྤྱི་ལོ་༡༩༦༥ལོར་མ་ཉེས་ཁ་ཡོག་འཁེལ་ཏེ་ཡུལ་དུ་མར་གཏོང་བྱས་ཤིང་བགྲང་བྱ་བཅུ་བཞི་ཙམ་ལ་ཕ་ཡུལ་ནས་སྦྲ་གུར་སློབ་ཆུང་དང་རྟ་ཐོག་སློབ་ཆུང་གི་དགེ་རྒན་དང་། ཐོན་སྐྱེད་རུ་ཁག་གི་རྩིས་གཉེར་བ་དང་གུང་ཧྲེའི་རྩིས་གཉེར་རོགས་ཁྲིད་པ་བཅས་ཀྱི་འགན་ཁུར་བའི་ཞོར་ལ་ངལ་ལས་སྣ་ཚོགས་བྱས།
    དགུང་ལོ་སོ་དགུ་བ་སྟེ་སྤྱི་ལོ་༡༩༧༩ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭས་ཡང་ཡང་གདན་ཞུ་བྱས་པ་ལྟར། སློབ་གྲྭ་འདིར་ཕེབས་ཏེ་བགྲང་བྱ་བཅོ་བརྒྱད་ལྷག་གི་རིང་ལ་སྐལ་ལྡན་སློབ་བུ་མང་བོར་རིག་གནས་སྣ་ཚོགས་ཀྱི་བགོ་སྐལ་ཕངས་མེད་དུ་སྦྱིན།
    སྤྱི་ལོ་༡༩༩༣ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་བཞེས། སློབ་ཁྲིད་དོ་དམ་བྱ་བའི་ཞོར་དུ་དོན་གཉེར་ཅན་མང་བོར་དཔེ་ཁྲིད་འཆག་མེད་དུ་མཛད། སྙན་ངག་གི་རྒྱལ་བོ་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གཞོན་ནུའི་མགུལ་རྒྱན་མ་ལླི་ཀྰའི་ཕྲེང་མཛེས་ཞེས་པའང་སྐབས་དེར་བརྩམས་ཤིང་དཔེ་ཁྲིད་ཀྱང་གནང་།
    སྤྱི་ལོ་༡༩༩༧ལོར་གོང་རིམ་གྱི་ཆོག་མཆན་ཐོབ་སྟེ་ལས་འཁྱུར་ངལ་གསོ་མཛད་ན་ཡང་དགོན་སྡེ་དང་སློབ་གྲྭ་སོ་སོ་དང་ཕྱོགས་ཡོང་གི་དོན་གཉེར་ཅན་མང་བོའི་རེ་བའི་འབྲས་བུ་དོན་ཡོད་བྱ་ཕྱིར་དཔེ་ཁྲིད་ཞུས་ཚད་ཞལ་གྱིས་བཞེས་ཤིང་དཔེ་ཁྲིད་ཀྱི་འགན་ཤིན་ཏུ་ལྕི་བ་དང་། བླ་མ་རིན་པོ་ཆེའི་རྣམ་ཐར་དང་དགོན་སྡེ་ཁག་གཅིག་གི་གདན་རབས་སོགས་ཕྱག་རྩོམ་གྱི་ལས་བྲེལ་ཆེ་ཞིང་། བླ་མ་རིན་པོ་ཆེ་སྐུ་མ་བཞུགས་པའི་ཐུགས་ངལ་སོགས་ཀྱིས་མནར་ཏེ། སྤྱི་ལོ་༡༩༩༨ལོའི་ཧོར་ཟླ་༣པའི་ཚེས་༡༣ཉིན་ཆབ་ཆ་ནས་སྐུ་གཤེགས་སོ༎ སྐུ་གཤེགས་དུས་དགུང་ལོ་ང་བརྒྱད་ཡིན
    གོང་སྨྲས་ཀྱི་མཛད་འཕྲིན་ཤིན་ཏུ་བསྡུས་པ་དག་བཀོད་པ་འདི་ཡིས་བཤེས་གཉེན་འདི་ཉིད་ནི་བོད་རིག་པའི་ཆེད་མཁས་པ་དང་བོད་ཀྱི་སློབ་གསོ་བ། སྙན་ངག་པ། བོད་ཀྱི་ལོ་རྒྱུས་སྨྲ་བ་སོགས་ཀྱི་ཆོ་ལོ་བཞེས་མཁན་ཞིག་ཡིན་པར་ར་སྤྲོད་བྱས་ཡོད་དེ།
    དེ་ཡང་ཐོག་མར་བོད་ཀྱི་རིག་གནས་སྤྱི་ལ་མཁས་ཉམས་བཞེས་ཚུལ་ནི། དགུང་ལོ་བདུན་ནས་དགུང་ལོ་བཅུ་དགུའི་བར། མདོ་སྨད་བྱང་རྒྱུད་ཀྱི་དགོན་སྡེ་ཆེན་པོ་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོར་ཞུགས་ཏེ། དེ་གའི་ཕྱག་ལེན་བཞིན་ངྷི་ཚའི་ཀ་ཁ་ནས་དབུ་བརྩམས་ཏེ་ཚོགས་འདོན་ཆོས་སྤྱོད་ཡོངས་རྫོགས་དང་མགོན་པོ། འཇིགས་བྱེད། རྒྱན་འཇུག་གཉིས་སོགས་ཐུགས་འཛིན་མཛད་ཅིང་རྒྱན་འཇུག་གི་ཚོགས་རྒྱུགས་ཀྱང་ཕུལ། དགུང་ལོ་བཅུ་བ་ནས་རྗེ་འབྲོག་རུ་བ་ཚུལ་ཁྲིམས་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་མདུན་ནས་བསྡུས་ཚད་ཞིབ་མོའི་ལུགས་སུ་གསན་ཅིང་། ཆོས་གྲྭར་བརྒལ་བརྟག་ལ་བརྩོན་པ་ཡུན་རིང་བསྟེན་པས་རིག་པའི་སྒོ་མོ་ཡངས་པོར་ཕྱེ། དེ་ནས་རྗེ་ཡེ་ཤེས་རྒྱ་མཚོས་གཙོས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཙམ་བསྟེན་ནས་བསྡུས་གྲྭ་ཡོངས་རྫོགས་དང་བློ་རྟགས། རྣམ་འགྲེལ། སེམས་སེམས་བྱུང་། གྲུབ་མཐའ། ས་ལམ་སོགས་དང་། ཕར་ཕྱིན་མཆོད་བརྗོད། བྱམས་གཞུང་། ཆོས་འཁོར། དགེ་འདུན་ཉི་ཤུ་སོགས་དང་ཐུན་མོང་གི་རིག་གནས་སྒྲ་དང་སྙན་ངག་སྨན་རྩིས་སོགས་སྦྱངས་ཏེ་བོད་ཀྱི་རིག་གནས་སྤྱི་ལ་རྨང་གཞི་བརྟན་པོ་ཞིག་བཞག་གོ། རྗེ་ལྷ་རི་བ་སོགས་མཁས་གྲུབ་དུ་མ་ལས་བདེ་གསང་འཇིགས་གསུམ་དང་རྡོར་ཕྲེང་། སྒྲུབ་ཐབས་རིན་འབྱུང་། བ་རི་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར་སོགས་སྤྱི་ཟུར་གྱི་དབང་དང་རྗེས་གནང་ཐོབ། ལམ་རིམ་དང་སྔགས་རིམ། རིམ་ལྔ་གསལ་སྒྲོན་གྱི་ཞལ་ལུང་། ལམ་རིམ་དགེ་ལེགས་འོད་སྣང་འབྱེད་པའི་ཉིན་བྱེད་དང་སྔོན་འགྲོའི་ཁྲིད་ཆེན་བཞིའི་ཁྲིད། བསྟན་འགྱུར་དང་རྗེ་ཡབ་སྲས་གསུམ། རྒྱལ་བ་དགེ་འདུན་གྲུབ་པ། འདུལ་འཛིན་གྲགས་པ་རྒྱ་མཚོ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། ཁྱ་དགེ་བློ་གྲོས་རྒྱ་མཚོ་སོགས་མཁས་གྲུབ་དུ་མའི་གསུང་འབུམ་གྱི་ལུང་སོགས་གསན་རྒྱུའི་སྐལ་བ་བྱུང་སྟེ་ཆོས་རྒྱུན་མང་བོའི་མཛོད་དུ་གྱུར།
    ༡༩༥༨ལོ་ནས་༡༩༧༨ལོའི་བར་བགྲང་བྱ་ཉི་


འབྲེལ་ཡོད་འོས་སྦྱོར།