logo

ལེགས་སྦྱར་དང་བོད་ཀྱི་རིག་གནས་མཁས་པ་གསང་བདག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-31 ཀློག་གྲངས།:

    གསང་བདག  མདོ་སྨད་མཚོ་ལྷོའི་བྱ་མདོ་ཡུལ་དུ་སྐྱེས་ཤིང་།སྤྱི་ལོ་༡༩༧༥ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་ནས་མཐར་ཕྱིན་རྗེས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་གི་ལས་ཀ་བྱས།

    ༡༩༨༥ལོ་ནས་༡༩༨༨ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་དུ་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་དང་།དོར་ཞི་གདོང་དྲུག་སྙེམས་བློ་སོགས་དགེ་བའི་བཤེས་གཉེན་དུ་མ་ལ་བསྟེན་ནས་ཞིབ་འཇུག་སློབ་མའི་ཧྲོ་ཧྲིའི་ཐོབ་ཐང(Master)བླངས།

སྤྱི་ལོ་༡༩༨༨ལོ་ནས་ད་ལྟའི་བར་པེ་ཅིན་དུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་བྱེད་བཞིན་ཡོད།

ལས་ཀ་གཙོ་བོ།

    བོད་ཀྱི་དགོན་སྡེའི་སློབ་གཉེར་ལམ་ལུགས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས།ལེགས་སྦྱར་སྐད་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བའམ་ཤིང་ཏ་ལའི་ལོ་མའི་གླེགས་བམ་ལེགས་བསྒྲིགས་བྱེད་པའི་ཕྱོགས་བཅས་ཡིན།

    བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས་དང་གནའ་བོའི་ལེགས་སྦྱར་སྐད་ཡིག་གིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤན་ཤུགས་ཀྱི་སྐོར་དང་།ལོ་ཙཱའི་སྐོར་དང་།སྤྲུལ་སྐུའི་འབྱུང་རྩའི་སྐོར་ལ་དཔྱད་རྩོམ་ཁ་ཤས་བྲིས་མྱོངས་ཤིང་།ཉེ་ལམ་བོད་ཀྱི་དགོན་སྡེའི་སློབ་གཉེར་ལམ་ལུགས་དང་མཚན་གནས་ཐོབ་ཐང་སྐོར་གྱི་གནད་དོན་ལ་དཔྱད་པའམ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཚན་གནས་སྤྲོད་སྟངས་ཞེས་པའི་རྒྱལ་ཁབ་རིམ་པའི་ལས་འགན་ལེགས་པར་གྲུབ་ཅིང་།དགོན་སྡེའི་སློབ་གཉེར་ལམ་ལུགས་ཚད་ལྡན་དུ་དར་རྒྱས་ཡོང་ནས་དུས་རབས་གསར་བའི་ནང་བསྟན་མཁས་དབང་སྐྱེད་སྲིང་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་འགན་འཁུར་མུས་སུ་མཆིས། 

   འབྲེལ་གཏུག་ཁ་པར། ༠༡༠-༦༤༩༣༧༩༤༦

   སྦྲག་ཨང་།༡༠༠༡༠༡

   གློག་རྡུལ་ཁ་བྱང་sd915cn@yahoo.com.cn


འབྲེལ་ཡོད་འོས་སྦྱོར།