logo

བོད་ཀྱི་གློག་རྡུལ་རིག་པའི་རབ་འབྱམས་པ་ཁྲིན་ཡུས་ཀྲུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-29 ཀློག་གྲངས།:

   ཁྲིན་ཡུས་ཀྲུང་།བོད་མིང་ལ་གདུགས་དཀར་ཚེ་རིང་ཟེར།༡༩༦༣ལོའི་ཟླ་༢པར་མཚོ་སྔོན་ནས་སྐྱེས། ༡༩༧༨ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་རྒྱུགས་སྤྲད་པ་དང་༡༩༨༢ལོར་འབྲིང་རིམ་ཆེད་ལས་ལས་མཐར་ཕྱིན།ལོ་དེར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་འཛིན་གྲྭར་རྒྱུགས་འཕྲོད་ནས་སློབ་སྦྱོང་བྱས།༡༩༨༧ལོར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དངོས་ལུགས་ཆེད་ལས་ཀྱི་དངོས་གཞི་འཛིན་གྲྭ་ནས་སློབ་མཐར་ཕྱིན།༡༩༨༧ནས་༡༩༩༠ལོའི་བར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དངོས་ལུགས་སྡེ་ཁག་གི་ཞིབ་འཇུག་སློབ་མའི་སྐུད་མེད་གློག་གློག་རྡུལ་རིག་པའི་ཆེད་ལས་སྦྱངས་ཤིང་ཞིབ་འཇུག་སློབ་མའི་རབ་འབྱམས་པའི་ཐོབ་ཐང་བླངས།

   ༡༩༩༠ལོ་ནས་༢༠༠༠ལོའི་བར་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་འགན་བཞེས་ཤིང་།སྔ་གཞུག་ཏུ་སློབ་དཔྱོད་ཙུའུ་ཀྲང་།སློབ་དཔྱོད་ཁང་གི་ཀྲུའུ་རིན།ཚོད་ལྟ་ཁང་གི་ཀྲུའུ་རིན།འཆད་འཁྲིད་དགེ་རྒན་དང་སློབ་དཔོན་གཞོན་པར་བདམས།༢༠༠༠ལོར་པེ་ཅིང་སློབ་གྲྭ་ཆེན་མོའི་རྩིས་འཁོར་སྡེ་ཁག་ཏུ་རྒྱུགས་སྤྲད་པ་དང་རྩིས་འཁོར་གྱི་མཉེན་ཆས་དང་གཞུང་ལུགས་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་ཚན་སྦྱངས་ཤིང་།༢༠༠༣ལོར་པེ་ཅིང་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་འབུམ་རམས་པའི་ཐོབ་ཐང་བླངས།

༢༠༠༣ལོའི་ཟླ་༧པ་ནས་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་རིམས་ནད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་ཐད་གཏོགས་ཞིབ་འཇུག་སྡེ་ཁག་ཀྲུང་གོ་ཚད་ལྡན་ཅན་ཞིབ་འཇུག་གླིང་ནས་བྱ་བ་བསྒྲུབས་ཤིང་།རྨང་གཞིའི་ཚད་ལྡན་ཅན་ཞིབ་འཇུག་ཁང་གི་འགོ་གཙོ་ལས་རོགས་དང་།འགོ་གཙོ་གཞོན་པ། འགོ་གཙོ། ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་པ་རེད།

   ཆིན་ཧྭ་སློབ་གྲྭ་ཆེན་མོའི་འཚམས་འདྲི་མཁས་པ་དང་པེ་ཅིན་སློབ་གྲྭ་ཆེན་མོའི་འཚམས་འདྲི་མཁས་པ།རྒྱལ་ཡོངས་བོད་ཡིག་བསླབ་དེབ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས་མྱོང་པ་དང་།ད་ལྟ་རྒྱལ་ཡོངས་སྡོམ་རྩིས་ཐབས་ལམ་བཀོད་སྤྱོད་དང་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ།རྒྱལ་ཡོངས་ཡིད་རྟོན་ཚད་ལྡན་ཅན་ལག་རྩལ་བྱ་བའི་ཚན་ཁག་གི་དྲུང་ཡིག་ཆེན་མོ།རྒྱལ་ཡོངས་བརྡ་ཆད་དང་སྐད་ཡིག་ཐོན་ཁུངས་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིན་ཆེན་མོ་གཞོན་པ།   རྒྱ་ཡིག་བརྡ་འཕྲིན་སློབ་ཚོགས་ཀྱི་ལས་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མུས་ཡིན།ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་རྩིས་འཁོར་སྐད་བརྡ་རིག་པ་དང་བོད་ཡིག་བརྡ་འཕྲིན་ཐག་གཅོད།རྒྱལ་ཁབ་ཀུན་ཕན་གྱི་རྩ་བའི་ཚད་གཞི་དང་རྒྱལ་ཁབ་ཚད་གཞི་མ་ལག་སོགས་ཡིན།

   ཁོང་གི་གྲུབ་འབྲས་གཙོ་བོ་དག་ནི།སྔ་གཞུག་ཏུ་རྒྱལ་ཁབ་ཚད་གཞི་ཅན་གྱི་ལས་གཞི༢༠ལྷག་གི་སྒྲིག་བཟོ་གཏན་འབེབས་བྱ་བར་ཞུགས་ཤིང་འགོ་འཛིན་མཛད་པ་དང་།རྒྱལ་ཁབ་ཀྱི་༡༦༣འཆར་གཞིའི་ལས་གཞི་གཉིས་ལ་ཞུགས་པ་དང་འགོ་འཛིན་མཛད།ཞིབ་འཇུག་མི་སྣ་གཙོ་བོའི་འགན་བླངས་ཏེ་རྒྱལ་ཁབ་ཀྱི་འཆར་གཞིའི་ལས་གཞི་གཅིག་བསྒྲུབས།རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གཙོ་བོ་དང་སྤྱི་ཚོགས་ཀུན་ཕན་གྱི་ལས་གཞི་སྣ་༣ཡི་ཞིབ་འཇུག་གི་འགོ་འཛིན་མཛད།ཞིབ་འཇུག་མི་སྣ་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་གནད་འགག་དང་རྒྱལ་ཁབ་ཀྱི་རྨང་གཞི་རང་བཞིན་གྱི་གཙོ་གནད་ལས་གཞི་སོགས་ཞིབ་འཇུག་གི་ལས་གཞི་སྣ་༡༠ལྷག་དང་།ཞིང་ཆེན་དང་པུའུ་རིམ་པའི་ལས་གཞི་སྣ་༡༠ལྷག་གི་ཞིབ་འཇུག་བྱ་བའི་ལས་སུ་ཞུགས་པ་རེད།

   དེ་གློག་ཀླད་ལོ་ཙཱ་དང་།བོད་ཡིག་གི་ཐ་སྙད་དབྱེ་བ།མ་ལག་འཛུགས་སྐྲུན་ཚད་ལྡན་ཅན་སོགས་ཀྱི་ཚན་རྩལ་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ་པ་དང་།མཉམ་འབྲེལ་ངང་པར་སྐྲུན་བྱས་པའི་ཆེད་རྩོམ་བཅུ་ལྷག་ཡོད།༡༩༩༥ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་།༡༩༩༧ལོར་ཞིང་ཆེན་རིམ་པའི་དཔེ་ཁྲིད་ཕུལ་བྱུང་གྲུབ་འབྲས་ཨང་གཉིས་པའི་བྱ་དགའ་དང་སྐབས་དང་པའི་མཚོ་སྔོནན་གཞོན་དཔེ་ལེགས་ཅན་བཅུཡི་ཚན་རྩལ་གསར་འབྱེད་ཀྱི་བྱ་དགའ་ཐོབ།༡༩༩༨ལོར་རྒྱལ་ཁབ་དམངས་ཨུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་འབྲེལ་ངང་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་སྔོན་ཐོན་མི་སྣའི་མཚན་སྙན་གནང་།༢༠༠༡ལོར་ཞིང་ཆེན་རིམ་པའི་ཚན་རྩལ་གོང་སྤེལ་གྱི་བྱ་དགའ་ཨང་གཉིས་པ་ཐོབ།  ༢༠༠༤ལོར་རྒྱལ་ཁབ་སྤུས་ཚད་ཞིབ་དཔྱད་ཅུད་ཀྱིས་གནང་བའིཚན་རིག་ལ་བརྟེན་ནས་སྤུས་དཔྱོད་དར་རྒྱས་སུ་གཏོང་བཞེས་པའི་བྱ་དགའ་ཨ་དང་པོ་ཐོབ།  ༢༠༠༥ལོར་རྒྱལ་ཁབཚན་རྩལ་ཡར་ཐོནགྱི་བྱ་དགའ་ཨང་གཉིས་པ་ཐོབ།  ༢༠༠༦ལོར་སྐབས་དང་པའི་ཆན་ཝེ་ཀྲུང་ར


འབྲེལ་ཡོད་འོས་སྦྱོར།