༄༅།།བོད་ཀྱི་གསོ་རིག་འབུམ་རམས་པ་སྟེ་སྔ་འགྱུར་བསྟན་པའི་གཙུག་རྒྱན་འཇུ་མི་ཕམ་རིན་པོ་ཆེའི་ཁྲིད་ལུང་མན་ངག་གི་རྒྱུན་བར་མ་ཆད་པར་བུམ་པ་གང་བྱོའི་ཚུལ་དུ་མངའ་བའི་མཁས་དབང་འཇུ་ཚེ་སྟོབས་ལགས།
རྩོམ་པ་པོ།:ཟླ་བ་སྒྲོལ་མ།
ཡོང་ཁུངས།:ཁམས་པའི་དྲ་བ།
དུས་ཚོད།:2020-10-30
ཀློག་གྲངས།:

2008ཀྱི་ལོར་ལས་གནས་ལས་ཐོན་ཏེ་ངལ་གསོ་བྱས་ནའང་ད་དུང་མུ་མཐུད་ནས་ལས་ཅན་འགྲོ་བ་མ་ལུས་པའི་ནད་བཅོས་སྲོག་འཚོའི་འགྲོ་དོན་ངལ་མེད་མཛད་ཞོར་དུ་ཡིད་བཞིན་ནོར་བུ་ལྟ་བུའི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་མདོ་ཁམས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་སྨན་པ་གྲྭ་ཚང་དང་། དབོན་པོ་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གསོ་རིག་གྲྭ་ཚང་སོགས་ལ་གསོ་རིག་སྐོར་གྱི་འཆད་ཁྲིད་དང་བསླབ་བྱ་གནང་བ་བཅས་སྔ་ཕྱིར་སློབ་མ་མང་དུ་བསྐྱངས། མ་ཚད་སྐུ་ཚེགས་འོ་བརྒྱལ་ལ་མི་འཛེམ་པར་མཚན་ཐུན་གྱི་ཆ་ལ་ཡང་དུས་ཚོད་ལྔ་རེ་ཙམ་ལས་མི་གཟིམ་པར་ཞལ་འདོན་དང་སྨན་རྩིས་གཙོར་མཛད་རིག་གནས་མཐའ་དག་ལ་དཔེ་གཟིགས་དང་ལྗགས་རྩོམ་སོགས་གནང་མུས་སུ་མཆིས་ལགས།

འབྲེལ་ཡོད་འོས་སྦྱོར།