བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ།
རྩོམ་པ་པོ།:amib
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-07-09
ཀློག་གྲངས།:
༡༩༦༦ལོར་མཚོ་སྔོན་ཀོས་ནན་རྫོང་གི་སུམ་མདོར་སྐྱེས།༡༩༨༨ལོ་ནས་༡༩༩༠ལོའི་བར་ནུབ་བྱང་མི་རིགས་སློབ་གླིང་དུ་ཟབ་སྦྱོང་བྱས།ད་ལྟ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།
སྔ་ཕྱིར《སྦྲང་ཆར།》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》སོགས་སུ་སྒྲུང་གཏམ་ཐུང་འབྲིང་རིང་གསུམ་༧༠ལྷག་སྤེལ།སྒྲུང་ཐུང《དགེ་རྒན་ཝང་ལགས།》དང《ཉིན་གཅིག་གི་ཆོ་འཕྲུལ།》《ཉི་མ་ནུབ་རི་ཡོལ་དུས།》བཅས་རྒྱ་ཡིག་ཏུ་བསྒྱུར་ཏེ《མི་རིགས་རྩོམ་རིག》སོགས་སུ་སྤེལ་ཅིང༌།དེ་ལས《ཉིན་གཅིག་གི་ཆོ་འཕྲུལ།》ཞེས་པ་ཧྥ་རན་སེའི་སྐད་ཡིག་ཏུ་བསྒྱུར།སྒྲུང་རིང《རྣམ་ཤེས།》ལ་སྐབས་གཉིས་པའི“སྦྲང་ཆར་རྩོམ་རིག་གི་བྱ་དགའ”ཐོབ།༡༩༩༩ལོར་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང༌།》(《རྣམ་ཤེས》བཟོ་བཅོས་བརྒྱབ་རྗེས་ཀྱི་མིང)ཞེས་པ་དཔེ་དེབ་ཏུ་བསྐྲུན་ཅིང༌།ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ།།
འབྲེལ་ཡོད་འོས་སྦྱོར།