logo

ན་གཞོན་རྩོམ་པ་པོ་བཀྲ་བྷ།

རྩོམ་པ་པོ།:amib ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-08 ཀློག་གྲངས།:

       ༡༩༦༣ལོའི་ཟླ་༨པའི་ཚེས་༢༨ཉིན་མཚོ་སྔོན་ཞིང་གུང་ཧོ་རྫོང་གི་རོང་མ་འབྲོག་གི་དུད་ཁྱིམ་ཞིག་ཏུ་སྐྱེས།རང་ལོ་༡༣སྟེང་གུང་ཧོ་རྫོང་གི་ཆོས་རྗེ་སློབ་ཆུང་ལ་ཞུགས་ཏེ་རྒྱ་སྐད་མི་ཤེས་རུང་རྒྱ་ཡིག་སྦྱོང་མགོ་བརྩམས།༡༩༨༡ལོར་གུང་ཧོང་རྫོང་མི་རིགས་སློབ་འབྲིང་ལ་རྒྱུགས་འཕྲོད་དེ་བོད་ཡིག་སློབ་པའི་ལས་ལ་འབད།༡༩༨༣ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་པ་དང༌།༡༩༨༦ལོར་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ལས་བགོ་བྱས་ཏེ།ལོ་༡༢ཀྱི་རིང་ལ་གསར་འགྱུར་འགོད་མཁན་དང་ལོ་ཙཱ་བ།རྩོམ་སྒྲིག་པ་བཅས་ཀྱི་ལས་ཀ་གཉེར།༡༩༩༨ལོར་མཚོ་སྔོན་མི་རིགསསློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།༢༠༠༡ལོར་སློབ་མཐར་ཕྱིན་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ལས་བགོ་བྱས་པ་དང་ད་ལྟ་སློབ་གྲྭ་དེའི་དགེ་རྒན་གྱི་འགན་བཞེས་ཡོད།

     ༡༩༨༥ལོ་ནས་བཟུང་བརྩམས་ཆོས་དུས་དེབ་སྟེང་འགོད་མགོ་བརྩམས།ད་བར་དུ་སྒྲུང་གཏམ་དང་སྙན་ངགལྷུག་རྩོམ།བསྒྱུར་རྩོམ།རིག་གཞུང་དཔྱད་བརྗོད་སོགས་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་བརྒྱ་ལྷག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་དངོས་བཀོད་བྱུང་ལ༌།དེ་དག་ལས་ཁོ་རང་ཆེས་དགའ་བ་ནི་སྒྲུང་གཏམ་ཡིན།༡༩༩༥ལོར།ཁོའི་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།འདི་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་སྟེང་གི་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ་ཐོག་མ་ཡིན།དེ་མིན།《སྤྲིན་དཀར་གྱི་འོག་ཏུ།》དང《ལམ།》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》སོགས་ནི་བརྩམས་ཆོས་ཕྱོགས་བསྡུས་གྲས་སུ་བདམས་ནས་པར་དུ་བསྐྲུན་བཞིན་ཡོད་ལ།སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ།》ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ན་གཞོན་རྩོམ་རིག་བྱ་དགའ་ཐོབ་པ་དང༌།སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》ཞེས་པར་སྐབས་གསུམ་པའི《སྦྲང་ཆར།》རྩོམ་རིག་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།