logo

སྐད་གཉིས་སྙན་ངག་པ་རྨོག་རུ་དོན་གྲུབ་ཚེ་རིང༌།

རྩོམ་པ་པོ།:amib ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-04 ཀློག་གྲངས།:

       སྨྱུག་མིང་ལ་མཚོ་སྐྱེས་ཟེར།༡༩༦༦ལོར་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་གྱི་རྨོག་རུ་ཞེས་པའི་འབྲོག་སྡེ་རུ་སྐྱེས།རིག་གསར་མཇུག་རྫོགས་པ་ནསསློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་ཞིང༌།༡༩༩༠ལོར་ནུབ་བྱུང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས།མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་ལས་བགོས་བྱས་ལ།དེ་ནས་བཟུང་ད་ལྟའི་བར་སློབ་གྲྭ་དེ་ཉིད་དུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་མཆིས།འཁྲིད་བྱ་གཙོ་བོ鉄བོད་ཀྱི་རྩོམ་རིག་ལོ་རྒྱུས鉅་ཡིན་ཞིང༌།ལས་ཞོར་ལརྩོམ་རིག་གཞུང་ལུགས།དངསྙན་ངག་མེ་ལོང༌།》《བོད་རིག་པའི་གནས་བབ།སོགས་བསླབ་བྱ་སྣ་ཁ་བརྒྱད་ཙམ་འཁྲིད་མྱོང༌།སྤྱི་ལོ་༡༩༩༤ལོར་དབུས་འགྱུར་ལྷ་ལྡན་དུ་སོང་ནས་བོད་ཀྱི་ཡིག་བྲིས་པ་ཆེན་མོ་ཅོག་གྲ་ངག་དབང་བསྟན་འཛིན་མཆོག་གི་དྲུང་དུ་བོད་ཡིག་ཡིག་གཟུགས་ཀྱི་སྐོར་ཟབ་སྦྱོང་བྱས་ཤིང༌།༡༩༩༥ལོ་ནས་བཟུང་སློབ་གྲྭ་འདི་གའི་སྡེ་ཁག་ཀུན་གྱི་སློབ་མ་ཡོངས་ལ་བོད་ཡིག་གི་ཡིག་གཟུགས་ཁྲིད་ནས་འབྲས་བུ་མི་དམན་པ་བླངས།

       ༡༩༨༧ལོ་ནས་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་ལས་ལ་ཞུགས་ཤིང༌།ད་ལྟའི་བར་རྒྱལ་ནང་གི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་པའི་བརྩམས་ཆོས་ཁག་བརྒྱ་ཕྲག་ལྷག་སྤེལ་བ་དང༌།དེ་དག་ལས་བརྩམས་ཆོས་སྐོར་ཞིགདེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས།ལསལང་ཚོའི་རྦ་ཆུ།སོགས་དངདེང་རབས་བོད་ཀྱི་སྙན་ངག་པའི་སྙན་ངག་བདམས་བསྒྲིགས།》(རྒྱ་ཡིགསོགས་སུ་འདེམ་འགོད་མྱོང་བར་མ་ཟད།རེ་འགའ་ལ་རིམ་པ་མི་འདྲ་བའི་བྱ་དགའ་ཡང་ཐོབ།བརྩམས་ཆོས་ལ་སྙན་ངག་དང་ལྷུག་རྩོམ།སྒྲུང་གཏམ།བསྒྱུར་རྩོམ།དཔྱད་བརྗོད།དཔྱད་རྩོམ་སོགས་དུ་མ་ཞིག་ཡོད་པ་ལས་དཔྱད་བརྗོད་དང་སྙན་ངག་གི་སྐོར་ལ་འབྲས་བུ་ཅུང་ཟད་ལེགས་པོ་ཞིག་ལོན་ཡོད།

  ཁོ་ནི་ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཡིན།།


འབྲེལ་ཡོད་འོས་སྦྱོར།