གཙོས་གྲོང་ཁྱེར་རྒན་བཀུར་ཁང་དུ་སྤྱི་ཕན་བྱ་འགུལ་སྤེལ་བ།

བསླབ་པ་རྒན་ལ་ཕྱག་གིས་ཏེ།། རིགས་ཀྱིས་རྒན་ལ་ཞེ་སས་སོ།། ན་སོས་རྒན་ལ་བསྙེན་བཀུར་གྱིས།། ནོར་གྱིས་རྒན་ལ་ངོ་དགས་བཀུར།།
རྒན་པ་ལ་བརྩི་བཀུར་ཆེ་བའི་མི་སྤྱོད་བཟང་ཅན་ཞིག་བྱ་རྒྱུ་ནི་མི་ཆོས་ཀུན་སྤྱོད་ཀྱི་བསླབ་བྱའི་ཁྲོད་རིན་ཐང་ཆེ་ཤོས་དང་གལ་འགངས་ཆེ་ཤོས་ཀྱི་ཀུན་སྤྱོད་སློབ་གསོ་ཞིག་ཡིན་པས། འདི་ནི་ཡ་རབས་སྤྱོད་བཟང་གི་མི་ཆོས་ལྟ་བ་འཛུགས་པའི་ཆ་རྐྱེན་ཨང་དང་པོ་དེ་ཡིན།
2015ལོའི་ཟླ5བའི་ཚེས26ཉིན་གྱི་ཕྱི་དྲོར། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི2012ལོའི་རྩོམ་རིག་འཛིན་གྲྭ་གཉིས་པའི་དགེ་སློབ་ཡོངས་གཙོས་གྲོང་ཁྱེར་རྒན་བཀུར་ཁང་དུ་སོང་ནས་ལོ་ལོན་རྒན་པ་ཚོའི་མལ་ཤག་ལ་གཙང་སྦྲ་དང་། ཁོང་ཚོའི་གོན་པ་གཙང་འཁྲུད། འཚོ་བར་རོགས་སྐྱོར་གྱི་ཚབ་དུ་བཟའ་ཆས་སྣ་ཚོགས་བྱིན་པས། དེ་གའི་རྒན་པ་རྣམས་དང་བདག་སྐྱོང་བ་སོགས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ།
ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི2012ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ་ནི་མདོ་དབུས་ཁམས་གསུམ་ཀུན་ནས་ཡོང་བའི་སློབ་ཕྲུག་ཞེ་བརྒྱད་ཀྱིས་གྲུབ་ཅིང་། སྔ་ཕྱིར་སློབ་གྲྭ་དེ་གའི་ཕུལ་བྱུང་ཐོན(团)རྩ་འཛུགས་དང་། སྔོན་ཐོན་འཛིན་གྲྭ་སོགས་ཀྱི་བསྔགས་བརྗོད་ཐོབ།