logo

༄༅།།ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བཅོམ་མདོ་སྡེ་བའི་བཅོམ་ལྷ་ཁང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:རྗེ་ཙོང་ཁ་པའི་དྲ་བ། དུས་ཚོད།:2019-04-03 ཀློག་གྲངས།:

      ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁུངས་གཏོགས་རྭ་སྒྲེང་ཤོག་ཆེན་བཅུ་གཉིས་ཀྱི་ཡ་གྱལ་བཅོམ་མདོ་ཤོག་ཁའི་ཁུངས་ཀྱི་བཅོམ་ལྷ་ཁང་འདི་ནི། ༧རྒྱལ་བ་སྐུ་ཕྲེང་ལྔ་བས་བོད་འབངས་བདེ་ཐབས་སུ་དུས་རབས་བཅུ་བདུན་ནང་ཡུལ་འདིའི་མཆོད་གནས་སུ་བཞེངས། ཐོག་མར་ནང་རྟེན་དུ་རིགས་གསུམ་མགོན་པོ་དང་།སྟོབས་པོ་ཆེའི་སྐུ་བཞེངས་ཡོད་ཀྱང་རྗེས་སུ་ནང་རྟེན་དུ་བཀའ་གདམས་ལྷ་བཞི་དང་།མགོན་པོ་ཕྱག་དྲུག་གི་བཀའ་ཉན་ཀྵེ་ཏྲ་པཱ་ལ་སོགས་བཞུགས། འདི་རྭ་སྒྲེང་དགོན་པས་བདག་གཉེར་བྱེད་ཅིང་། དཀོན་གཉེར་རྭ་སྒྲེང་ནས་མངག་གཏོངས་གནང་གི་ཡོད། སྤྱི་ལོ2012ལོར་ཕོད་མདོའི་ཆུ་རགས་ཀྱི་རྐྱེན་པས་ལྷ་ཁང་གནས་སྤོས་བྱེད་དེ་ད་ལྟའི་གྲོང་མང་གི་ཉེ་འགྲམ་ནུབ་རིའི་འདབས་སུ་བཞེངས་ཡོད།ད་ལྟ་རྭ་སྒྲེང་དགོན་ནས་མངག་གཏོངས་གནང་བའི་སྒར་བ་ཟེར་བའི་གྲོང་ཆོག་མཁན་གྱི་ཞུགས་གནས་ཡིན། དེ་འདྲའི་སྒར་བ་དེ་ལོ་གཉིས་རེའི་ཐོག་བརྗེ་འགྲུལ་བྱེད་ཀྱི་ཡོད།

     དགེ་བཤེས་བློ་བཟང་ཡར་རྒྱས་མཆོག་གིས་སྐུལ་དོན་བཞིན། གཟིམ་འོག་བསྟན་འཛིན་ཡེ་ཤེས་ཀྱིས་བོད་རབ་བྱུང17པའི་མེ་སྤྲེལ་བོད་ཟླ1པོའི་ཚེས30ཉིན།

     ལྷ་ཁང་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བཅོམ་མདོ་སྡེ་བར་ཡོད་ཅིང་། ལྷ་ས་གྲོང་ཁྱེར་དང་སྤྱི་ལེ166ཡོད་ལ། མཚོ་ངོས་མཐོ་ཚད་ལ་སྨི4396ཡིན།


འབྲེལ་ཡོད་འོས་སྦྱོར།