logo

ཐང་རྒྱལ་ལྷ་ཁང་།

རྩོམ་པ་པོ།:གངས་བཀྲ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-16 ཀློག་གྲངས།:

ཐང་རྒྱལ་ལྷ་ཁང་།
ཐང་རྒྱལ་ལྷ་ཁང་།

ཐང་རྒྱལ་ལྷ་ཁང་དུ་བལེངས་པའི་ཐང་སྟོང་རྒྱལ་པོ།

     དར་མདོ་རྫོང་གངས་དཀར་རི་བོ་ཤང་གི་མི་རྒྱུད་ལུང་བའི་སོག་པོ་གྲོང་པར་ཐང་རྒྱལ་ལྷ་ཁང་ཞེས་པ་ཞིག་ཡོད་ལ་དེ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འདྲ་སྐུ་བཞེངས་ཡོད་པའི་ལྷ་ཁང་ཞིག་ཡིན། བཤད་སྲོལ་དུ་ཐང་སྟོང་རྒྱལ་པོ་ས་ཆ་དེ་གར་ཕེབས་ནས་སྡེ་ལྔ་ཚང་ཞེས་པའི་དུད་ཁར་རྫི་བོ་བྱེད། རྫི་བོ་བྱེད་པའི་རིང་ལ་རྡེའུ་དཀར་ནག་གི་ཐོག་ནས་ནོར་ལུག་རྣམས་སྔ་མོར་རི་ལ་དེད་ཅིང་ཕྱི་དྲོར་ཕྱིར་ལོག་པ་དང་སེམས་ཅན་དུད་འགྲོ་རྣམས་ལ་སྨྱུང་གནས་བཞག་བཅུག་པ་སོགས་གྲུབ་རྟགས་སྣ་ཚོགས་བསྟན་པས་ས་དེ་གའི་མི་སེར་རྣམས་ཧ་ལས་པར་གྱུར་ཏེ་དད་པ་བྱས། ཉིན་ཞིག་ལ་ཐང་སྟོང་རྒྱལ་པོ་ཡུལ་དེ་དང་གྱེེས་ཏེ་ས་ཆ་གཞན་དག་ལ་ཕེབས་གྲབས་མཛད་དུས་ཡུལ་མི་རྣམས་ཀྱིས་བྲལ་མ་ཕོད་པར་སེམས་པ་ཧ་ཅང་གདུང་གདུང་བྱས། དེ་ནས་ཐང་སྟོང་རྒྱལ་པོ་ཡིས་ལམ་སང་སྟོན་རྒྱབ་ཀྱི་ཞིང་ནང་གི་འདམ་པ་དང་སོག་མ་ལྷན་བསྲེས་ཀྱིས་རང་གི་འདྲ་སྐུ་དེ་དེིའ་ནང་བཞག་ནས་ཐང་རྒྱལ་ལྷ་ཁང་ཞེས་འབོད་པར་གྲགས། ལྷ་ཁང་དེ་སྔོན་མར་ཇག་པ་རྣམས་ཀྱིས་མེ་ལ་བསྲེགས་ཀྱང་དད་ལྡན་སྐྱ་སེར་རྣམས་ཀྱིས་ཡང་ལས་བྱས་ཡོད་ལ་ངོ་རྒོལ་བཞིའི་དུས་སུའང་བར་ཆད་ཕོག་མྱོང་། ད་ལྟར་མཇལ་དུ་ཡོད་པ་ནི་མཁན་ཨ་མྱེས་རྡོ་རྗེ་ཞེས་པ་ཡིས་སྔོན་མའི་ཤུལ་དུ་བཞེངས་པ་ལགས་སོ།།


འབྲེལ་ཡོད་འོས་སྦྱོར།