logo

བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པའི་ཟུར་མཁར་རྡོའི་མཆོད་རྟེན།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-06 ཀློག་གྲངས།:

吐蕃时期佛塔艺术的代表——松卡石塔
བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པའི་ཟུར་མཁར་རྡོའི་མཆོད་རྟེན།

བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པའི་ཟུར་མཁར་རྡོའི་མཆོད་རྟེན།

  ཟུར་མཁར་རྡོའི་མཆོད་རྟེན་དེ་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བསམ་ཡས་དགོན་པའི་ནུབ་ཕྱོགས་ཀྱི་སྤྱི་ལེ15མཚམས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་མཚོ་ངོས་ལས་མཐོ་ཚད་ལ་སྨི3650ཡོད་པའི་བྲག་རིའི་འདབས་རོལ་དུ་བཞེངས་འདུག་ཅིང་། དེར་དབྱིབས་མཚུངས་ཤིང་ཆེ་ཆུང་མི་གཅིག་པའི་མཆོད་རྟེན་ལྔ་ལས་གྲུབ་པ་དང་། ངག་རྒྱུན་ལྟར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་འགོ་འཛིན་མཛད་ནས་བཞེངས་པ་ཡིན་པར་བཤད།
  ཟུར་མཁར་རྡོའི་མཆོད་རྟེན་དང་བསམ་ཡས་དགོན་པའི་མཆོད་རྟེན་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་སྒྱུ་རྩལ་གྱི་ཚབ་མཚོན་ཡིན་པར་བཤད་ལ། བཙན་པོའི་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་གྱི་བཟོ་དབྱིབས་དང་བཟོ་སྐྲུན་གྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་པ་རེད།

 


འབྲེལ་ཡོད་འོས་སྦྱོར།