བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་པའི་བསྐྱར་སྐྲུན་ལེགས་འགྲུབ་འབྱུང་ལ་ཉེ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-21
ཀློག་གྲངས།:
ཟླ5བའི་ཚེས19ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁམས་ཁུལ་གྱི་ཆེས་ཆེ་བའི་དགེ་ལུགས་པའི་དགོན་པ་སྟེ་ཆབ་མདོ་བྱམས་པ་གླིང་དགོན་པའི་རིག་དངོས་བསྐྱར་སྐྲུན་སྲུང་སྐྱོབ་ལས་གཞི་ནི་ཟླ6པའི་ཟླ་དཀྱིལ་དུ་དངོས་སུ་ལེགས་འགྲུབ་འབྱུང་ངེས་ཤིང་། འདི་ནི་བྱམས་པ་གླིང་དགོན་པའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་དའི་བསྐྱར་བསྐྲུན་ཐེངས་ཤིག་ཡིན།
ཆབ་མདོ་བྱམས་པ་གླིང་དགོན་པ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁོངས་སུ་ཡོད་ཅིང་། 1437ལོར་བཙུགས་པ་དང་། རྒྱལ་བ་བྱམས་པ་གཙོ་སྐུ་རུ་གསོལ་བའི་དབང་གིས་མིང་དུ་གྲགས།
འབྲེལ་ཡོད་འོས་སྦྱོར།