བཀྲ་ཤིས་ཆོས་གླིང་དགོན་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་སྤེལ་བ།
བཀྲ་ཤིས་ཆོས་གླིང་དགོན་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་སྤེལ་བ།
ཟླ9བའི་ཚེས5ཉིན། བཀྲ་ཤིས་ཆོས་གླིང་དགོན་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་སྤེལ།
བཀྲ་ཤིས་ཆོས་གླིང་དགོན་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་སྤེལ་བ།
བཀྲ་ཤིས་ཆོས་གླིང་ནི་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧེ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ2ཀྱི་སར་ཡོད་ཅིང་། ཆིང་རྒྱལ་རབས་གོང་མ་ཀྱཱ་ཆིན་གྱི་སྐབས་སུ(1796ལོར)བཞེངས་པ་དང་། ད་ལྟའི་བར་ལོ་ངོ217གྱི་ལོ་རྒྱུས་ལྡན། 2005ལོར། ཀ་ཧེ་གྲོང་རྡལ་ས་ཁུལ་ཁ་ཤས་ཀྱི་ས་འོག་གི་ཆུ་ཅུང་རྒྱས་སྟབས་མཐའ་འཁོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་གནོད་པ་བྱུང་ཞིང་། གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཁ་ཤས་གནས་སྤོར་གནད་དོན་ཐག་གཅོད་བཀོད་སྒྲིག་བྱེད་པའི་དུས་མཚུངས་སུ། བདེ་འཇགས་ལ་དམིགས་ཏེ་བཀྲ་ཤིས་ཆོས་གླིང་དགོན་གྱི་མི་རྣམས་སྤོར་དགོས་པར་ཐག་བཅད་པ་དང་། དགོན་པའི་ནོར་རྫས་ཁག་ཅིག་གྲོང་ཁྱེར་གྱི་ཤར་རི་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་བཅོལ་བ་དང་དེ་ནི་གནས་སྐབས་སུ་དགོན་པའི་བྱེད་སྒོ་སྤེལ་གནས་སུ་གྱུར། 2011ལོར་གྲོང་ཁྱེར་ཨུ་ཡོན་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོང་ཆེན་ཆེན་པོའི་འོག་དང་རིམ་པ་སོ་སོའི་ནང་བསྟན་མི་སྣའི་རོགས་སྒྲུབ་དང་ས་གནས་དད་ལྡན་པའི་ལྷན་གྱི་འབད་བརྩོན་ལས་དགོན་པ་འདི་སྔར་གནས་སུ་བསྐྱར་བཞེངས་བྱེད་ཐུབ་པ་བྱུང་།
བཀྲ་ཤིས་ཆོས་གླིང་དགོན་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་སྤེལ་བ།
བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོའི་ཉིན་མོར་དད་ལྡན་མང་ཚོགས་སྟོང་འགའ་ཚང་ཁ་ཤིག་ཤིག་ངང་མཇལ་དུ་ཡོང་བ་དང་། ཉིན་དེའི་ཕྱི་དྲོ་ད་དུང་འཇུ་རེས་དང་། རྟ་རྒྱུག ཐག་འཐེན་སོགས་མི་རིགས་ཀྱི་དམངས་ཁྲོད་ལུས་རྩལ་བྱ་འགུལ་སྤེལ་ཏེ་སྤྲོ་སྐྱིད་ཀྱི་རྣམ་པས་བསྐྱར་བཞེངས་རབ་གནས་ཀྱི་བྱེད་སྒོ་མཇུག་སྒྲིལ་བ་རེད།