logo

བིས་མདོ་དགོན་ཆེན་དང་པཎ་ཆེན་འཁྲུངས་ཡུལ་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-19 ཀློག་གྲངས།:

བིས་མདོ་དགོན་ཆེན་དང་པཎ་ཆེན་འཁྲུངས་ཡུལ་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད།
བིས་མདོ་དགོན་ཆེན།

        ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རབས་ཐེངས་བདུན་པའི་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་རིག་དངོས7“རྒྱལ་སྲུང”གྲས་སུ་ཚུད་པ་དང་། བིས་མདོ་དགོན་ཆེན་དང་པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་གཉིས་ཀྱང་དེའི་གྲས་སུ་ཚུད་པ་རེད།
        བིས་མདོ་དགོན་ཆེན་ལ་ཡོངས་སུ་བིས་མདོ་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་ཞེས་གྲགས་ཤིང་། ཞུན་ཧྭ་རྫོང་གི་ལྷོ་ནུབ་ཏུ་སྤྱི་ལེ17གྱི་སར་ཆགས་པ་དང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཞིག་ཡིན། འདིར་ད་ལྟ་གྲྭ་བཙུན300ལྷག་དང་སྤྲུལ་སྐུ10ཡོད་ལ། ལྷ་ཁང་སོ་སོར་ལྷ་སྐུ200ལྷག་དང་ཐང་ག570ལྷག  ལྷ་ཁང12བཅས་འདུག


པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ།

        པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་ནི་པཎ་ཆེན་ཨར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་ཡིན་ཞིང་། 1938ལོའི་ལུགས་རྙིང་གི་ཟླ་དང་པོའི་ཚེས3ཉིན་པཎ་ཆེན་རིན་པོ་ཆེ་གནས་ཆེན་འདིར་སྐུ་འཁྲུངས། པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་ལ་གླིང་གསུམ་ཏེ། ཤར་གླིང་ནི་རླངས་འཁོར་འཇོག་གནས་དང་། དངོས་ཟོག་ཁང་། རྒྱུ་རྫས་ཁང་སོགས་ཡིན་པ་དང་།  ནུབ་གླིང་ནི་པཎ་ཆེན་རིན་པོ་ཆེའི་གཞིས་རྙིང་ཡིན། ཤར་གླིང་ནི་ཁང་བརྩེགས་གཉིས་ཅན་གྱི་བོད་ལུགས་ཐོག་ཁང་ཞིག་ཡིན་ཞིང་། ཐོན་ཁང་གི་བྱང་ཕྱོགས་དཀྱིས་དབུས་ནི་རིན་པོ་ཆེའི་ཆོས་ཁང་སྟེ་ནང་དུ་པཎ་ཆེན་རིན་པོ་ཆེའི་སྐུ་འདྲ་བཞག་འདུག་པ་དང་། གཡོན་ཕྱོགས་ནི་རིན་པོ་ཆེའི་ངལ་གསོ་ཁང་དང་མགྲོན་བསུ་ཁང་ཡིན།


འབྲེལ་ཡོད་འོས་སྦྱོར།