logo

ལྷ་སའི་བྲག་ཡེར་བ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-21 ཀློག་གྲངས།:


བྲག་ཡེར་བ།

            ལྷ་ས་ནས་གཙང་བོ་བྱང་དུ་གྱེན་བརྒྱུད།  བྲག་ཡེར་བ་སྒྲུབ་ཕུག་ཏུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་དང་།  རང་བྱོན་མང་པོ།  རྡོ་རྗེ་ཕུག   དྲིལ་བུ་ཕུག    ཡེར་བའི་གྲུབ་ཐོབ་བརྒྱད་ཅུའི་ཕུག་པ།  གཙུག་ལག་ཁང་དུ་ཇོ་བོའི་གསོལ་སྡེར་ལ་ཇོ་བོ་རྗེའི་ཤངས་མཚལ་གྱིས་སྐུ་བྲིས་པ།  གནས་བརྟན་བཅུ་དྲུག་གི་ལྷ་ཁང་ཞེས་བྱིན་ཅན་སོགས།  འབྲོམ་སྟོད་དུ་གཉན་ལོ་ཙཱ་བའི་གཟིམ་ཕུག་ཏུ་མགོན་པོ་ཞལ་གྱི་སྐུ་ཁྱད་པར་ཅན་ཡོད་པ་དང་།  གཙང་པོ་ལྷོ་རྒྱུད་ཚལ་གུང་ཐང་ཞེས་གྲགས་པ་བླ་མ་ཞང་གི་གདན་ས།  མཆོད་རྟེན་ཆེན་པོ་དང་།  མགོན་པོ་ཕྱག་བཞི་བའི་མགོན་ཁང་སོགས་རྟེན་གསུམ་མང་པོ་ཡོད།  
            དེ་ནས་ཡར་ཕྱིན་པ་ན་འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་རིན་པོ་ཆེའི་སྐུ་གདུང་ཧྲིལ་བོས་གཙོས་རྟེན་གསུམ་མཐའ་ཡས་པ་དང་།  ཕྱི་ཡི་སྐོར་ལམ་དུའང་རང་བྱུང་མང་པོ་བསྟན་རྒྱུ་ཡོད།  འདི་ནས་ཡར་ཕྱིན་པ་ན་ལ་མོ་ཆོས་སྐྱོང་ཚངས་པ་དུང་ཐོད་ཅན།  རྒྱ་མ་ཁྲི་ཁང་།    དབུ་རུ་ཞྭའི་ལྷ་ཁང་།  འབྲི་གུང་རྫོང་སར་ཡང་རི་དགོན།  འབྲི་གུང་ཐིལ།  གཞོ་སྟོད་ཏི་སྒྲོམ་གྱི་བར་གནས་རྟེན་མང་པོ་ཡོད་ཅིང་བསྐོར་བ་བྱེད་ན་ཞག་ལྔ་དྲུག་དགོས།   དགའ་ལྡན་གྱི་ཕར་ཕྱོགས་གཙང་བོ་བྱང་ཁར་ལོ་སེམས་དཔའ་ཆེན་པོའི་གདན་ས་སོགས་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།