logo

མངའ་རིས་སྤུ་ཧྲེང་གི་འཁོར་ཆགས་དགོན།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ།  དུས་ཚོད།:2011-05-18 ཀློག་གྲངས།:


མངའ་རིས་སྤུ་ཧྲེང་གི་འཁོར་ཆགས་དགོན། 

         ཀྲུང་གོ་དང་བལ་བོ། རྒྱ་གར་བཅས་ས་མཚམས་སུ་གནས་པའི་མངའ་རིས་སྤུ་ཧྲེང་རྫོང་ཁོངས་ཀྱི་འཁོར་ཆགས་དགོན་ནི་བོད་བརྒྱུད་ནང་བསྟན་ས་སྐྱ་བའི་དགོན་སྡེ་གྲགས་ཅན་ཞིག་ཡིན།   སྤྱི་ལོ་དུས་རབས996ལོར་བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་ཕྱག་བཏབས།   ལོ་རྒྱུས་རིང་ཞིང་དགོན་ནང་དུ་རིག་དངོས་རྩ་ཆེན་དང་ལྡེབས་རིས་ཡོད་པས2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་གཙོ་བོའི་གྲས་སུ་བཞག་པ་རེད།  


དགོན་པའི་ལྷ་རྟེན།

         ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་སུ། འཁོར་ཆགས་དགོན་གྱི་ཞིག་གསོ་སྲུང་སྐྱོབ་ལས་གཞི་དེ་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་གཙོ་བོ་སྲུང་སྐྱོབ་བྱེད་པའི་ལས་གཞིའི་ནང་དུ་བླངས་ཤིང་། ཁྱོན་སྡོམ་མ་དངུལ་སྒོར་ཁྲི1500བཏང་ནས2008ལོའི་ཟླ10བའི་ཚེས18ཉིན་ཞིག་གསོ་སྲུང་སྐྱོབ་བྱེད་འགོ་བརྩམས་པ་དང་། དུས་སྐབས་དང་པོའི་ལས་གཞི་དེ2009ལོར་ལེགས་འགྲུབ་བྱུང་། དུས་སྐབས་གཉིས་པའི་ཞིག་གསོའི་ལས་གཞིའི་ནང་དུ་འཁོར་ཆགས་དགོན་གྱི་ཉེ་འཁོར་དུ་ཆགས་པའི་གྲྭ་ཤག་དང་སྡོད་དམངས་ཀྱི་སྡོད་ཁང་ལ་ཞིག་གསོ་བྱས་པ་མ་ཟད། དེང་རབས་ཀྱི་བྱེད་ཐབས་སྤྱད་དེ་ལྡེབས་རིས་ལ་མྱུར་སྐྱོབ་གནང་བ་རེད།  


འབྲེལ་ཡོད་འོས་སྦྱོར།