logo

བོད་ཀྱི་ཆེས་ཆེ་བའི་བང་སོ་སྟེ། ཆོས་རྒྱལ་བང་སོ།

རྩོམ་པ་པོ།:bcghn ཡོང་ཁུངས།:西藏文化网 དུས་ཚོད།:2010-01-20 ཀློག་གྲངས།:

༄༅། ། བོད་ཀྱི་“ཆོས་”བརྗོད་གཏམ་ཚོགས་ལེའུ་བརྒྱ་བ་ལས།

    སྤུར་རྒྱལ་བོད་ཀྱི་བཙན་པོའི་བང་སོ་ཞེས་པ་ནི་བཙན་པོའི་དུས་སྐབས་སུ་ལྷོ་ཁའི་འཕྱོང་རྒྱས་རྫོང་གི་མུ་ར་རིའི་འདབས་སུ་བཏབ་པའི་བཙན་པོ་ན་རིམ་གྱི་གདུང་ཁང་ངམ་སྤུར་ཁང་གི་ཞེ་ས་ཡིན། དེ་ཡང་ཡོངས་གྲགས་སུ་གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན་ནི་རིམ་བཞིན་རྨུ་ཐག་ལ་འཇུས་ཏེ་སྐས་ལ་འཛེགས་པ་ལྟ་བུས་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཡལ་བ་ལྟར་སོང་བ་ལ་སྐུ་འཇའ་ལུས་ཀྱི་གོ་འཕང་བརྙེས་ཞེས་པ་དེ་ཡིན་པས་བང་སོ་མེད། སྟོད་ཀྱི་སྟེང་གཉིས་ཀྱི་དང་པོ་རྒྱལ་བོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་རྟ་རྫི་གཉིས་འཐབ་སྟེ་རྒྱལ་པོ་བཀྲོངས་པར་བརྟེན་གནམ་གྱི་རྨུ་ཐག་ཆད་པས་ནམ་མཁར་བྱོན་མ་ཐུབ་པར་སར་ལུས་པས་ན་སྤུར་རམ་བང་སོ་བརྩིགས་པའི་སྲོལ་དར་ཅེས་བོད་ཀྱི་བང་སོའི་ཐོག་མར་བཤད།

  གྲི་གུམ་བཙན་པོ་ནས་གླང་དར་མའི་བར་དུ་སྟོད་ཀྱི་སྟེང་གཉིས། སའི་ལེགས་དྲུག བར་གྱི་ལྡེ་བརྒྱད། འོག་གི་བཙན་ལྔ། སྐྱིད་པའི་གདུང་རབས་བརྒྱད། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ། སྨད་ཀྱི་སྟེང་གཅིག་བཅས་བཙན་པོ་སོ་ལྔ་རིམ་པར་བྱོན་པ་རྣམས་ཀྱི་བང་སོ་ཡོད་པར་བཤད་ལ། དེ་དག་གི་བང་སོ་བཏབ་པའི་ཚུལ་ནི། 《མཁས་པའི་དགའ་སྟོན་》ལས། “སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་”ཅེས་རི་སྒང་གི་ཆེས་མཐོ་སར་བཏབ་པ་དང༌། “ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ་”ཅེས་ཆུ་ནང་དུ་བསྐྱུར་བ་དང༌། “བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་བཏབ་”ཅེས་གསུངས་ཤིང༌། བང་སོའི་བཟོ་དབྱིབས་ལའང་སྣ་ཚོགས་ཡོད་པ་ལས་གཙོ་ཆེ་གཉིས་སུ་བསྡུས་ཏེ་བལྟས་ན། སྟོད་ཀྱི་སྟེང་གཉིས་ནས་འོག་གི་བཙན་ལྔ་བར་ཡན་ཆད་ཀྱི་བང་སོ་རྣམས་རྫ་རི་མཐོ་ཞིང་བཙན་པོའི་གནས་སུ་བརྩིགས། དེའི་དབྱིབས་ཕལ་ཆེར་ཟླུམ་པོར་བཞེད། དེའི་མན་ཆན་ནས་ཐོག་མར་རི་ལ་བཏབ། དེ་ནས་ཡུལ་དུ་འདེབས་པའི་སྲོལ་དར་ཏེ་གནས་སྤོས་པར་བཤད་དོ།

  གནམ་རི་སྲོང་བཙན་གྱི་དུས་ནས་བཟུང་བང་སོ་གྲུ་བཞིར་བརྩིགས་པའི་སྲོལ་དར། ཆོས་རྒྱལ་བང་སོ་ཇི་ཙམ་ཡོད་མེད་སྐོར་ཆོས་འབྱུང་《མཁས་པའི་དགའ་སྟོན་》དུ་ཉི་ཤུ་རྩ་གཅིག་ཡོད་པར་བཞེད། དེང་སྐབས་དེ་ཙམ་ཞིག་མཐོང་རྒྱུ་མེད་པ་ནི་དམག་འཁྲུག་དང༌། དུས་གཟེར། ཆར་ཆུས་འཇིག་པ་སོགས་ཀྱིས་བརླག་པར་བཤད། བང་སོའི་ཁ་གྲངས་ལ་བཞེད་པ་མི་མཐུན་པ་མང་ཡང་མུ་ར་རའི་འདབས་སུ་བང་སོ་བརྒྱད་དགུ་ཙམ་དངོས་སུ་མཐོང་རྒྱུ་ཡོད་པ་ལས་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། ཁྲི་རལ་བ་ཅན་བཅས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བང་སོའི་ངོས་འཛིན་ཐད་ཕལ་ཆེར་གཅིག་མཐུན་དུ་བྱུང་ཡོད།

 དེས་ན། ད་ཡོད་བང་སོ་རྣམས་ནི་ས་རྡོས་བརྩིགས་པའི་ཐོག་གྲུ་བཞི་ལེབ་མོ་ཤ་སྟག་རེད། བང་སོའི་ཞིག་ཁ་ནས་བལྟས་ན། གྱང་ཤུལ་བང་རིམ་གསལ་བོར་མཐོང་ཐུབ། གྱང་སྟར་རེའི་བར་ལ་མཐོ་ཚད་སྨིད་བཅོ་ལྔ་ནས་ཉི་ཤུ་བར་ཡོད། མུ་ར་རིའི་རི་རྐེད་མཚམས་སུ་བང་སོ་ཞིག་ཡོད་པ་དེ་ནི་ཀུན་ལས་མཐོ་ཤོས་དང་ཆེས་ཤོས་ཡིན་པས་དེ་ནས་ཕྱོགས་བཞིར་བལྟས་ཚེ་རི་གཤམ་གྱི་བང་སོ་ཐམས་ཅད་གསལ་བོར་མཐོང་ཐུབ། བང་སོ་དེའི་ཤར་དུ་སྤྱི་ཁྲུ་གཅིག་དང་སྐར་མ་ལྔ་བཅུ་ང་ལྔ་ཟིན་པའི་སར་རྡོ་སེང་གེ་ལག་པ་གཡས་ཆག་སྐྱོན་ཤོར་བ་གཅིག་དང་ནུབ་ཏུ་རྡོའི་སེང་གེ་ཉལ་བ་མགོ་མེད་ཅིག་བཅས་ཡོད་པ་ནི་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བང་སོ་ཡིན་པར་བཤད། དེབ་ཐེར་དུའང་“དེ་ཡི་བང་སོ་མུ་ར་རི་ལ་བརྩིགས་”ཞེས་པ་ལྟར་རོ། ཁྲི་སྲོང་བང་སོའི་མདུན་དུ་རྡོ་རིང་མེད། ཆོས་རྒྱལ་སྲོང་བཙན་གྱི་བང་སོ་ནི་གཡོན་ངོས་རི་གཤམ་གྱི་ཆུ་འགྲམ་དུ་ཆགས། མཐའ་ལྕགས་རིས་སྐོར་ཅིང་སྒོ་ནུབ་ཏུ་གཏད་པ། གྱང་རིམ་པ་གཉིས་ལ་སྟེང་ཐོག་ཏུ་ལྷ་ཁང་བཞེངས་ཡོད། ད་ཡོད་ལྷ་ཁང་མདོ་སྦུག་གཉིས་ལ་ས་ཁྱོན་ཀ་བ་དྲུག་གི་ས། ནང་རྟེན་བྱམས་པ། དེའི་འཁོར་གཡས་ནས་བརྩིས་འཕགས་པ་ལོ་ཀེ་ཤྭ་ར། མར་མེ་མཛད། ཚེ་དཔག་མེད། ཕྱག་རྡོར་བཅས་ཡོད། གཡོན་ནས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌། ཤཱཀྱ་ཐུབ་པ། གུ་རུ་སྣང་སྲིད། གཡས་སུ་རྒྱ་བཟའ། བློན་པོ་མགར། གཡོན་བལ་བཟའ། བློན་པོ་ཐོན་མི་སོགས་རྟེན་རྩ་ཆེན་མང་དུ་བཞུགས་ཡོད། སྔར་སྲོང་བཙན་ལྷ་ཁང་གི་ནང་སྒོའི་ལྷོ་ངོས་སུ་སྲོང་བཙན་བང་སོའི་དཀར་ཆག་ཀྱང་ཡོད་པར་བཤད། དཀར་ཆག་ཏུ་འཁོད་པ་ནི། “སྲོང་བཙན་བང་སོ་ཆུ་བོའི་མདའ་རུ་ཆགས། ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང༌། སྟེང་གི་ཞེང་ནི་ཉག་གི་རྡོ་རྒྱང་གང༌། ནང་དུ་ལྷ་ཁང་ལྔ་ཡི་བཞུགས་སུ་གསོ


འབྲེལ་ཡོད་འོས་སྦྱོར།