logo

གྲོ་ཚང་རྡོ་རྗེ་འཆང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:ཚེ་རིང་བཀྲ་ཤིས། རྡོ་རྗེ་ཐར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-08-04 ཀློག་གྲངས།:

   

    གྲོ་ཚང་རྡོ་རྗེ་འཆང་ངམ་གྲོ་ཚང་གོའུ་ཏམ་ལྷ་ཁང་ནི་ཟི་ལིང་གི་ཤར་ལྷོའི་སྤྱི་ལེ་བདུན་ཅུ་དང་ལོ་ཏུའུ་རྫོང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ་ཉེར་དྲུག་གི་སར་ཡོད་ཅིང་། དེ་བཞེངས་པ་པོ་ནི་གྲུབ་ཆེན་མཚོ་སྙིང་བའམ་གླང་དཀར་བ། བླ་མ་བསམ་བློ་ཚང་། ཧེ་བླ་མ་སངས་རྒྱས་བཀྲ་ཤིས་ཞེས་པ་དེ་ཡིན།  ཁོང་ཉིད་ཀྱིས་མཚོ་སྙིང་ནས་སྒྲུབ་པ་ཡུན་རིང་མཛད་པས་གྲུབ་ཆེན་མཚོ་སྙིང་བ་དང་། གླང་དཀར་པོར་ཞོན་ནས་ཕེབས་བཞུད་མཛད་པས་གླང་དཀར་བ་ཞེས་པའི་མཚན་ཐོགས་ལ། ཧེ་བླ་མ་ཞེས་པ་ནི་རྒྱ་སྐད་ཀྱིས་མཚོ་སྔོན་ལ་ཧེ་ཟེར་པས་མཚན་དེ་ལྟར་ཐོགས་ཚུལ་ལྕང་སྐྱ་རོལ་བའི་རྡོ་རྗེས་གསུངས་ཞེསམདོ་སྨད་ཆོས་འབྱུངན་གསལ། གྲུབ་ཆེན་གླང་དཀར་བ་སངས་རྒྱས་བཀྲ་ཤིས་མཆོག་ནི་བོད་ལྗོངས་ལྷོ་ཁའི་ལྷོ་བྲག་རྫོང་གྲོ་བོ་ལུང་གི་མར་བའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས་པར་བཤད་དེ། མདོ་སྨད་ཆོས་འབྱུངལས།  གྲོ་ལུང་བ་ཡིན་པས་གྲོ་ཚང་དང་། མར་བའི་རིགས་གཏོགས་ཡོད་པས་མར་ཚང་དུ་ཐོགས་ཞེས་རུས་མར་བ་ཡིན་པར་བཤད་ནའང་། ཡིག་ཚང་གཞན་ལས། གྲོ་ལ་རྒྱ་སྐད“麦”ཞེས་པ“梅”ལ་བསྒྱུར་པས་རུས་འདི་བྱུང་བར་བཤད། དེ་ལ་ཡང་བདེན་ལུགས་ཡོད་དེ། གྲོ་ཚང་ཡུལ་གྱི་བོད་མིའི་རུས་སམ་ཚོ་མིང་རྣམས་རྒྱའི་རུས་སུ་གྱུར་པའི་སྣང་ཚུལ་མང་དུ་ཡོད་དེ། དཔེར་ན། ལོ་བ་ཚང་ཞེས་པའི་ལོ་ནི་ལོ་ཏོག་དང་། དེ་དོན་བསྒྱུར་བྱས་ཏེ་རུས“田”ལ་གྱུར་བ་དང་།  སྐྱ་རེངས་ཚང་ཞེས་པ“黎明”དང་དེའི་སྔ་མ་བླངས་ཏེ་རུས“黎”ཅན་བྱུང་བ།  ཤིང་དཔར་ཚང་གི་ཤིང་ནི“木”དང་དེ་གདངས་མཚུངས་པའི་རུས“牟”ལ་བསྒྱུར་ཡོད་པ་ལྟ་བུའོ༎  དེ་མིན་རྒྱུ་མཚན་ཅི་ཡང་མེད་པར་རྟ་རྫི་ཚང་རུས“李”དང་།  འདམ་མ་ཚང་རུས“杨”ལ་བསྒྱུར་བ་སོགས་འདྲ་འབྲེལ་རྒྱུ་མཚན་ཡོད་མེད་གང་རུང་གིས་གྲོ་ཚང་ཡུལ་གྱི་བོད་མི་རྣམས་ལ་རུས་གསར་བ་སྣ་ཚོགས་བྱུང་ཡོད་དོ༎ གྲུབ་ཆེན་གླང་དཀར་བའི་འཁྲུངས་ལོ་ལ་གསལ་ཆ་མེད་མོད། ཁོང་གིས་སྤྱི་ལོ༡༣༩༢ལོར་གྲོ་ཚང་དགོན་པ་བཏབ་པ་དང་།  སྤྱི་ལོ༡༤༡༤ལོར་སྐུ་མྱ་ངན་ལས་འདས་པ། དགོན་པ་མ་བཏབ་ཡར་སྔོན་ལ་སྐུ་བགྲེས་པོ་ཡིན་པ་སོགས་ལས་ཁོང་གི་འཁྲུངས་ལོ་ཕལ་ཆེར་སྤྱི་ལོ༡༣༣༠ཡས་མས་ཡིན་པར་འདོད། དགོན་པ་ཇི་ལྟར་བཏབ་ཚུལ་སྐོར་ལ་ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་དུ་བཤད་ཚུལ་དུ་མ་ཡོད་དེ། བྲག་དགོན་པའིམདོ་སྨད་ཆོས་འབྱུངདུ། ཏཱའི་མིང་ཐོག་མ་ཧུང་བུ་རབ་བྱུང་དྲུག་པའི་ས་སྦྲུལ་ལ་ཁྲིར་བཞུགས་ནས་རིང་བོ་མ་ལོན་པའི་སྐབས་བླ་མཆོད་ཅིག་སྤྱན་འདྲེན་པར་དགོངས་ཏེ་རྩིས་མཁན་རྣམས་ལ་བརྩིར་བཅུག  ནུབ་ཀྱི་ས་མཐའི་བྲག་དགོན་གྱི་རི་སུལ་ཅིག་ན་གྲུབ་ཆེན་དམ་པ་ཞིག་བཞུགས་པ་གདན་དྲངས་ན་ལེགས་ཚུལ་འདྲེས་ཤིང་གཅན་གཟན་སྣ་ཚོགས་རྒྱུ་བའི་ས་ཕྱོགས་བགྲོད་དཀའ་བ་ཞིག་ན་དུ་བ་ཐོན་པའི་སར་ཕྱིན། བྲག་ཕུག་ཏུ་ཁོང་གཅིག་བུ་སྒྲུབ་པ་ལ་གཞོལ་བ་མཐོང་བས་ཡིད་འཕྲོག  སླར་ལོག་ནས་རྒྱལ་པོར་ཞུས་པས་ཐུགས་དགྱེས།  གསེར་ཡིག་པ་བརྫངས་ནས་གདན་འདྲེན་ཞུས་པ་ཞལ་གྱིས་བཞེས།   འབྱོན་ལུགས་དང་གྲ་སྒྲིག་གང་འདྲ་དགོས་ཞུས་པར་དེ་འདྲ་གང་ཡང་མི་དགོས། ཚེས་གྲངས་འདི་འདྲ་ཅིག་ལ་ཕོ་བྲང་དུ་ཐོན་པ་བྱས་ཆོག་གསུངས། དེ་ཉིད་བསུ་བའི་གྲ་སྒྲིག་བཅས་སྒོ་སོ་སོ་ནས་སྒུག  སྐབས་ཤིག་དགར་སློང་ཆོས་གོས་རྣམ་ཅན་གླང་པོ་ཆེ་དཀར་པོ་ལ་ཞོན་ཏེ་ནམ་མཁའ་ནས་བྱོན་པ་རྒྱལ་པོས་གཟིགས། འཇའ་དང་མེ་ཏོག་གི་ཆར་སོགས་ལྟས་གཞན་ཡང་བྱུང་། ཏེའུ་ཤྲཱིའི་ལུང་གིས་བསྔགས།  ……ལན་ཅིག་གོང་ནས་བླ་མ་དགུང་ལོ་མཐོ་བས་མི་རྩ་གར་ཡོད་ཀྱི་བཀའ་འདྲི་བྱུང་བར་རྒྱུ་མཚན་ཞུས།  མི་སྣ་བཏང་སྟེ་སྐུ་མཆེད་རྣམས་བོས། རྗེ་ཉིད་དགོན་ལུང་བྲག་ཕྱོགས་སུ་ཕེབས་བཞེད་ཆེ་བ་བཞིན་འབྱོན་པར་གནང་། གཙུག་ལག་ཁང་བཞེངས་དགེ་འདུན་གྱི་སྡེ་ཚུགས་ཏེ་བསྟན་པ་ལ་བྱ་བ་མཛད་དགོས་ཚུལ་དང་། སྐུ་མཆེད་རྣམས་དེ་ཀར་བསྡད་ནས་བླ་མའི་ཞབས་ཏོག་ཞུས་ན་རིགས་རྒྱུད་ཀྱིས་དཔོན་པོ་བྱས་ཆོག་ཅིང་ཁོ་བོས་རྗེས་སུ་འཛིན་པ་ཡིན། ཞེས་པ་ལས་གྲུབ་ཆེན་གླང་དཀར་བས་མཚོ་སྙིང་དང་དགོན་ལུང་བྲག་སོགས་ནས་ཡུན་རིང་སྒྲུབ་པ་མཛད་དེ་ལོ་ན་བགྲེས་པའི་དུས་ཏ་མིང་གོང་མས་གདན་ཞུ་གནང་པ་དང་། ཁོང་ཉིད་ལ་བརྟེན་ནས་ཟི་ལིང་ས་ཆའི་དུས་བདེ་ཞོལ་འཇགས་འོངས་པར་དགོངས་ནས་ཁོང་གི་སྐུ་མཆེད་རྣམས་ལ་དཔོན་གནས་གནང་སྟེ་ཆོས་སྲིད་ཟུང་འབྲེལ་གྱིས་ཟི་ལིང་ཕྱོགས་ཀྱི་ཡུལ་གྲུ་སྐྱོང་རྒྱུའི་ཐུགས་བཀོད་གནང་བ་རྟོགས་ཐུབ།  གཞན་ཡང་ངག་རྒྱུན་དུ། ས་འཛིན་པ་དང་པོ

འབྲེལ་ཡོད་འོས་སྦྱོར།