༄༅།།ཧོར་ཀྱཱའི་གྲྭ་ཚང་བསམ་གཏན་དགའ་ལྡན་གླིང་།
རྩོམ་པ་པོ།:ཚེ་ལོ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-04-20
ཀློག་གྲངས།:
དགོན་སྡེ་འདི་ནི་ཁྲི་ཀའི་རྫོང་མཁར་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ་བཞིའི་སར། ཧོར་ཀྱཱ་སྡེ་བའི་ཉེ་འགྲམ་དང་རྨ་ཆུའི་བྱང་འགྲམ་དུ་ཆགས་ཡོད། གྲུབ་མཐའ་ནི་རི་བོ་དགེ་ལྡན་པའི་སྒྲུབ་སྡེ་ཞིག་ཡིན་ཞིང་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན། སྡེ་འདི་ཐོག་མར་མི་ཉག་བློ་གྲོས་དར་རྒྱས་ཀྱིས་རབ་ཉིའི་དཀྱིལ་ཙམ་ལ་ཡ་གི་ཐང་ཞེས་པའི་སར་བཏབ། ལོ་ལྔ་བཅུ་ལྷག་གི་རྗེས་ཁ་ཆེའི་ཟིང་འཁྲུག་གིས་གཏོར་བཅོམ་བྱས། གྲྭ་པ་རྣམས་མཆོད་རྟེན་སྐེ་དགོན་པར་ཞུགས། དེའི་རྗེས་སུ་ཧོར་ཀྱཱའི་དཔོན་ཚང་ནས་འཁྲུངས་པའི་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོས༼སྤྱི་ལོ༡༧༦༨-༡༨༡༦༽སྔར་གྱི་གྲྭ་བ་རྣམས་ཕྱིར་ཞུས་ཏེ། འཁོར་ལོ་སྒང་ཟེར་བའི་རི་རྩར་དགོན་པ་བསྐྱར་འདེབས་མཛད་དེ་མཚན་ལ་བསམ་གཏན་རབ་རྒྱས་གླིང་ཞེས་གསོལ།
དེ་ནས་བཟུང་ཨ་ཀྱཱ་སྐུ་ཕྲེང་རིམ་བྱོན་གྱིས་སྡེ་འདིར་བརྩེ་གཟིགས་ཆེན་པོ་གནང་ཞིང་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ་ཡུལ་དེར་ཕེབས་དུས་སོག་ཡིག་གི་དགེ་རྒན་བསྟེན། ཕྱིས་ཁོང་དང་ལྷན་དུ་སྐུ་འབུམ་དུ་ཕེབས་ནས་སྡེ་འདིར་བདག་སྐྱོང་བྱེད་པར་མངགས། དེའི་སྤྲུལ་སྐུ་ཧོར་ཀྱཱའི་དཔོན་ཚང་དུ་འཁྲུངས །སླར་སྨད་སོག་རང་སྒར་དུ་ཕེབས། དགུང་ལོ་བདུན་ཅུ་ལྷག་བཞེས་སྐབས་སྐུ་གཤེགས། དེའི་སྤྲུལ་སྐུ་ཡང་བསྐྱར་ཧོར་ཀྱཱའི་དཔོན་ཚང་དུ་འཁྲུངས། ཨ་ཀྱཱ་རིན་པོ་ཆེས་ངོས་འཛིན་གནང་སྟེ་མཚན་ལ་འཇམ་དབྱངས་ཆོས་འཕེལ་གསོལ། དགུང་ལོ་ལྔ་བཅུའི་སྟེང་སྟོང་སྐོར་དགོན་པའི་ཁྲིར་ལོ་གསུམ་བཞུགས། དགུང་ལོ་རེ་མདུན་སྟེང་སྐུ་གཤེགས། དེའི་སྤྲུལ་སྐུ་ཨ་རོལ་བློ་བཟང་བསྟན་པའི་རྒྱལ་མཚན་སྟོང་སྐོར་ཚང་གཉིས་ཀྱིས་ངོས་འཛིན་གནང་། དགུང་ལོ་དྲུག་གི་སྟེང་ཁྲི་སར་བཀོད་ནས་བསྟན་འགྲོའི་དོན་དུ་འཚོ་བཞུགས་ཀྱི་སྐབས་ལགས་སོ།། དེ་ལས་གཞན་དགོན་པ་འདིའི་ཁྲི་བ་རྒྱ་ཀྱཱའི་ཞབས་དྲུང་སྐུ་ཕྲེང་གསུམ་བསྟན་འགྲོའི་དོན་དུ་འཁྲུངས་སྐད་འདུག
རྟེན་བཞེངས་གཙོ་བོ་སྐོར་ལ། འདུ་ཁང་གི་བཟོ་བཀོད་ཕུན་སུམ་ཚོགས་ཤིང་ནང་དུ་རྟེན་བྱིན་ཅན་མང་པོ་དང་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྫས་སྣ་ཚོགས་བཞུགས། བྱམས་ཁང་ཆེན་མོ་ཉིས་ཐོག་གྱོ་མོའི་རྒྱ་ཕིབས་ལ་གསེར་ཏོག་གིས་བརྒྱན་པའི་ནང་བྱམས་སྐུ་གཙོ་བྱས་གྱན་ཐང་སྣ་ཚོགས་དང་། དགོན་འདིའི་ཆོས་ཐོག་གི་རིམ་པ་ལ། ཧོར་ཟླ་དང་པོར་སྨོན་ལམ་ཆེན་མོ་ཉིན་བཅུ། ཧོར་ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བདུན། ཧོར་ཟླ་བཞི་བའི་ནང་མཆོད་པ་ཉིན་བརྒྱད། ཧོར་ཟླ་དྲུག་པའི་བཅོ་ལྔ་ནས་དབྱར་གནས། ཧོར་ཟླ་དགུ་བར་གཏོར་སྒྲུབ། བཅུ་བར་ལྔ་མཆོད་ཉིན་དྲུག་བཅས་ཡོད། ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་རྗེས། དད་ལྡན་མང་ཚོགས་ཀུན་ཀྱི་རེ་བ་ལྟར། དགོན་འདིའི་བླ་མ་རྣམ་གསུམ་དང་གྲྭ་བཙུན་ཡོངས་ཀྱི་ཐུན་མོང་གིས་གཙོ་འགན་བཞེས་ཏེ། འདུ་ཁང་དང་ལྷ་ཁང་ལ་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་ལེགས་གྲུབ་བྱུང་སྟེ། ད་ལྟ་དགོན་འདིར་རབ་བྱུང་བ་བཅུ་ལྷག་གཏན་ཆགས་སུ་བཞུགས་ཡོད། གཞན་ཆོས་སྤྱོད་ཀྱི་ཆོ་ག་སོགས་སྔར་སྲོལ་ཇི་བཞིན་སྐྱོང་བའི་སྐབས་ལགས་སོ།།

འབྲེལ་ཡོད་འོས་སྦྱོར།